པདྨ་ཚེ་དབང་ཤཱསྟྲིས་༢༠༢༠ ཟླ་༥ ཚེས་༣༠ ཉིན།
རྒྱ་གར་གློག་བརྙན་(Salaami) གུས་འདུད་ཅེས་པའི་གླུ་ཞིག
Chehra kya dekhte ho
Dil me uttarkar dekho na
Mausam pal me badal jayega
Pathar dil bhi pigal jayega
Meri mohabat me hai
Kitna asar dekho na
གདོང་ལ་བལྟས་ནས་ཅི་བྱེད།
སེམས་སྟེང་བབས་ནས་ལྟོས་དང་།
གནམ་གཤིས་ཡུད་ལ་འགྱུར་བ་འགྲོ་གི་རེད།
རྡོ་སྙིང་ཡིན་ཀྱང་མར་ལྟར་བཞུ་གི་རེད།
ང་ཡི་བརྩེ་དུང་གི་ནང་ལ་ཡོད།
ནུས་ཤུགས་འདི་ལ་ལྟོས་དང་།
Thori se karib aao
Aise na itarao
Mujhse sanam dur bête ho kya
Bechen kar dunga itna tumhe
Aake liptat jaogi dilruba
ཏོག་ཙམ་འཁྲིས་ལ་ཤོག་དང་།
འདི་འདྲའི་འཕྱར་ངོམ་མ་བྱེད།
དགའ་རོགས་ཁྱོད་ནི་ང་ལས་འགྱངས་གནས་སམ།
ཁྱོད་ལ་བཟོད་མ་བདེ་ཞིག་བསྐྲུན་བྱས་ཏེ།
སྙིང་སྡུག་མ་ཁྱོད་ང་ལ་འཁྱུད་ནས་སྡོད།
Aise kya sochti ho
Aake idar dekho na
Chehra kya dekhte ho
Dil me uttarkar dekho na
མནོ་བསམ་ཅི་ཞིག་འཁོར་བྱུང་།
འདི་གར་ཡོང་ནས་ལྟོས་དང་།
གདོང་ལ་བལྟས་ནས་ཅི་བྱེད།
སེམས་སྟེང་བབས་ནས་ལྟོས་དང་།
Main toh tumhari hung
Tumpe dil hari hung
Fir kisliye hai ye betabiyan
Aake gale se laga lo mujhe
Ab duriyan na rahe darmiyan
Kisne tumhe roka hai
Sham-O-sahar dekho na
ང་ནི་ཁྱོད་ལ་བདག་སོང་།
ཁྱོད་ལ་སེམས་པ་ཤོར་སོང་།
དེས་ན་འཚབ་འཚུབ་དེ་དག་ཅི་ཕྱིར་བྱེད།
འདིར་ཤོག ངའི་མགྲིན་པར་འཁྱུད་དང་ཀྱེ།
ད་ནི་ང་གཉིས་དབར་ལ་འགྱངས་ཁད་བྲལ།
ཁྱོད་ནི་སུ་ཡིས་བཀག་བྱུང་།
ཉིན་མཚན་ཀུན་ཏུ་ལྟོས་དང་།
Chehra kya dekhte ho
Dil me uttarkar dekho na
Mausam pal me badal jayega
Pathar dil bhi pigal jayega
Meri mohabat me hai
Kitna asar dekho na
གདོང་ལ་བལྟས་ནས་ཅི་བྱེད།
སེམས་སྟེང་བབས་ནས་ལྟོས་དང་།
གནམ་གཤིས་ཡུད་ལ་འགྱུར་བ་འགྲོ་གི་རེད།
རྡོ་སྙིང་ཡིན་ཀྱང་མར་ལྟར་བཞུ་གི་རེད།
ང་ཡི་བརྩེ་དུང་གི་ནང་ལ་ཡོད།
ནུས་ཤུགས་འདི་ལ་ལྟོས་དང་།
རྒྱ་གར་གློག་བརྙན་(Andaaz) བྱེད་བཟོ་ཞེས་པའི་གླུ་ཞིག
Zindagi ek safar hai suhana
Yahan kal kya ho kisne jaana -3
Arey leiyo leiyo, oleiyo leiyo…….
མི་ཚེ་ནི་ཡིད་འོང་གི་འགྲུལ་བཞུད་ཅིག་རེད།
འདིར་སང་ཉིན་ཅི་ཡོང་སུ་ཡིས་ཤེས་སམ།
ཨ་རེ་ལི་ཨོ། ལི་ཨོ། ཨོ་ལི་ཨོ། ལི་ཨོ།
Chand taaron se chalna hai aage
Asmaanon se badna hai aage -2
Pichhe reh jayega yeh zamana
Yahan kal kya ho kisne jaana
Zindagi ek safar hai suhana
Yahan kal kya ho kisne jaana
རྒྱུ་སྐར་ཕྲེང་བ་བརྒལ་ནས་འགྲོ་དགོས་རེད།
སྔོ་བསངས་ནམ་མཁའ་བཞག་ནས་སྐྱོད་དགོས་རེད།
འཇིག་རྟེན་འདི་ནི་རྗེས་སུ་ལུས་ཀྱི་རེད།
འདིར་སང་ཉིན་ཅི་ཡོང་སུ་ཡིས་ཤེས་སམ།
མི་ཚེ་ནི་ཡིད་འོང་གི་འགྲུལ་བཞུད་ཅིག་རེད།
འདིར་སང་ཉིན་ཅི་ཡོང་སུ་ཡིས་ཤེས་སམ།
Haste gate jahan se guzar
Duniya ki tu parvah na kar -2
Muskuraate hue din bitana
Yahan kal kya ho kisne jaana
Zindagi ek safar hai suhana
Yahan kal kya ho kisne jaana
དགོད་བཞིན་གླུ་ལེན་གང་ནས་སྐྱོད་ཀྱང་རུང་།
འཇིག་རྟེན་མི་ལ་སྣང་དག་མ་གཏོང་ཁྱོད།
འཛུམ་དམུལ་མདངས་ཀྱིས་ཉི་མ་འཁྱོལ་བར་གྱིས།
འདིར་སང་ཉིན་ཅི་ཡོང་སུ་ཡིས་ཤེས་སམ།
མི་ཚེ་ནི་ཡིད་འོང་གི་འགྲུལ་བཞུད་ཅིག་རེད།
འདིར་སང་ཉིན་ཅི་ཡོང་སུ་ཡིས་ཤེས་སམ།
Maut aani hai ayegi ek din
Jaan jaani hai jayegi ek din -2
Aisi baton se kya ghabrana
Yahan kal kya ho kisne jaana
Zindagi ek safar hai suhana
Yahan kal kya ho kisne jaana
འཆི་བ་ནི་ཉིན་གཅིག་ཡོང་གི་རེད།
ཚེ་སྲོག་ནི་ཉིན་གཅིག་འགྲོ་གི་རེད།
འདི་འདྲ་ལ་སེམས་ཁྲལ་ཅི་ཕྱིར་བྱེད།
འདིར་སང་ཉིན་ཅི་ཡོང་སུ་ཡིས་ཤེས་སམ།
མི་ཚེ་ནི་ཡིད་འོང་གི་འགྲུལ་བཞུད་ཅིག་རེད།
འདིར་སང་ཉིན་ཅི་ཡོང་སུ་ཡིས་ཤེས་སམ།