འདྲེ་གླེན་པ།
ཝེ་་་་་་་་་་་་་་་ནམ་མཁའ་འཚོ
ད་ང་བུད་འགྲོ
རྗེས་ལ་ཁ་པར་མ་གཏོང་
ཁྱིམ་ན་རྒན་མོ་ཡོད ཞ་ཞི་ཡང་ཡོད
ཝེ་་་་་་་་་་་་་་་ནམ་མཁའ་འཚོ
ཁྱོད་རྒན་གསོ་ཁང་ནས་སུན་ན
སློབ་གྲྭར་སོང་
རྒན་ཡོལ་གྱི་ཡོང་འབབ་ཉུང་ཉུང་མ་རེད་མོས
ཝེ་་་་་་་་་ནམ་མཁའ་འཚོ
ཁྱེད་ཀྱི་རྒད་པོར་ངས་འདྲི་འི་ཤོད
ངེད་གཉིས་ངོ་ཤེས་རྙིང་པ་ཡིན ཤི་རན་ལ་རེད
མ་ཎི་རེ་ཐོན་གི་སྡོད་ལོབ
ཝེ་་་་་་་་་་་་་ནམ་མཁའ་འཚོ
ཁྱོད་ལ་ངོ་མ་དགོངས་དག
ད་ང་དངོས་གནས་བུད་འགྲོ
རྗེས་སུ་ཨེ་ཐུག་མི་ཤེས
བདེ་མོ།
སྙིང་རྗེ་་་་་་་་་་་་་་་་་་
ཆུང་དུས་ནས་ངོ་ཤེས་རེད
16/6/20.
མཆན།
ཁ་སྐད་སོར་བཞག་བྱས་པ་དེ་དམའ་རིམ་རྩོམ་རིག་ལ་འཇུག་སྟངས་ཡིན།