ཨ་ནུ་ཐང་བསོད་ནམས།
ཨ་རིའི་མཐོ་རིམ་མཉམ་འབྲེལ་མི་སྣ་དང་། ཨ་རིའི་མཉམ་ལས་དངུལ་ཁང Wall Streets གིས་རྒྱ་ནག་ལ་སློབ་བསླབ་བྱ་གནང་ཞིང་། རྒྱ་ནག་གིས་ཧོང་གོང་ལ་བདེ་འཇགས་ཀྱི་ཁྲིམས་ལུགས་བཟོས་ཀྱང་། ཁྲོ་རྒན་གྱིས་རྒྱ་ནག་ལ་ཉེས་ཆད་དེ་ཙམ་གཅད་མི་ཐུབ་ཚུལ་བརྗོད་ཡོད། དེར་བརྟེན། རྒྱ་ནག་གིས་བློ་སྤོབས་ཆེན་པོས་ཧོང་གོང་ལ་བདེ་འཇགས་ཀྱི་ཁྲིམས་ལུགས་བཟོས་ཏེ། ཁྲོ་རྒན་ལ་ཉམས་ཚོད་བླངས་ཡོད། ཉམས་ཚོད་ལེན་སྟངས་ཀྱང་། ཧོང་གོང་ལ་སྐད་ཆ་མ་དྲིས་བ་ཟླ ༥ ཚེས་༢༨ ཉིན་རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་གྱིས་ཧོང་གོང་ལ་བདེ་འཇགས་ཀྱི་ཁྲིམས་ལུགས་བཟོས་ཤིང་། གཏན་ལ་ཕབས་ཡོད། འོན་ཀྱང་། ད་དུང་ཁྲིམས་ལུགས་དེ་ལ་མཐའ་མའི་ཐག་གཅོད་བྱས་མེད།
ཞིས་ཀྱིས་ཧོང་གོང་གི་བདག་དབང་ལེན་དགོས་དོན་གཙོ་བོ་ནི་དཔལ་འབྱོར་ལ་ཐུག་ཡོད་ཅིང་། དེ་ནི་ཁོས་ཧོང་གོང་གི་མ་རྐང་ཁྲོམ་ར་ལ་སྟངས་འཛིན་བྱེད་རྒྱུའི་ཆེད་དུ་རེད། གལ་སྲིད་ཁོས་ཧོང་གོང་གི་མ་རྐང་ཁྲོམ་ར་ལ་སྟངས་འཛིན་བྱེད་ཐུབ་པ་ཡིན་ན། མ་རྐང་གི་ནང་དུ་མཉམ་ཞུགས་བྱེད་མཁན་གྱི་མི་ཀུན་ལ། སྟངས་འཛིན་བྱེད་ཐུབ་པ་མ་ཟད། ཧྲང་ཧྲེ་ཡི་མ་རྐང་ཁྲོམ་ར་ཡང་། ཁོའི་ལག་ཏུ་རིམ་བཞིན་འགྲོ་བས། ཧྲང་ཧེ་དང་ཧོང་གོང་གཉིས་ཀྱི་མ་རྐང་ཁྲོམ་རས་ཧྲི་ཊིན་དང་། རྒྱ་ནག་ཡོངས་ཀྱི་དཔལ་འབྱོར་ལ་སྟངས་འཛིན་བྱེད་ཐུབ་པས་རེད།
ད་ལྟ་ཞིས་ཀྱིས་ཏང་སྲིད་དམག་གསུམ་ལས། རྒྱ་ནག་གི་དཔལ་འབྱོར་ལ་དེ་ཙམ་དབང་སྒྱུར་བྱེད་ཐུབ་མེད། གལ་སྲིད་མ་འོངས་བར་ཁོས་ཧོང་གོང་དང་། ཧྲང་ཧེ་གཉིས་ཀྱི་མ་རྐང་ཁྲིམས་ར་ལ་དབང་སྒྱུར་བྱེད་ཐུབ་པ་ཡིན་ན། དེ་གཉིས་ཀྱིས་ཁོ་ལ་ཉིན་རེ་བཞིན་ཨ་སྒོར་ཐེར་འབུམ་དུ་མ་བཟོ་ཐུབ་པས། དེ་ལྟར་བཟོ་ཐུབ་ཚེ། མ་དངུལ་དེ་དག་བེད་སྤྱད་ནས་རྒྱ་ནག་ཙམ་མ་ཟད། རྒྱལ་སྤྱིའི་སྒང་གི་མ་རྐང་ཁྲོམ་ར་དང་། དཔལ་འབྱོར་གྱི་ལྟེ་བ་མང་དུ་ཉོ་ཐུབ་པས། ཁོས་འཛམ་གླིང་གི་དཔལ་འབྱོར་ལ་ཁ་ལོ་བསྒྱུར་ཆེད་དུ་ཧོང་གོང་ལ་ཁྲིམས་འགལ་གྱིས་ཁྲིམས་ལུགས་བཟོས་ཤིང་དབང་སྒྱུར་བྱེད་འདོད་བྱས་ཡོད། ཁོས་སྔ་ལོ (London) ལི་ཊོན་གྱི་མ་རྐང་ཁྲོམ་ར་ཡང་ཉོ་ཐབས་བྱས་ཡོད། འདི་དག་ཐམས་ཅད་ནི་ཞིས་ཀྱི་སྟོབས་ཤུགས་འཛམ་གླིང་དུ་རྒྱ་སྐྱེད་བཏང་རྒྱུའི་ལས་འཆར་དང་འབྲེལ་བ་ཡོད། འོན་ཀྱང་། ཞིས་ཀྱི་ནང་མི་ནི་རྒྱ་ནག་གི་དཔོན་རིགས་གཞན་ལྟར་དེ་ཙམ་རུལ་སུང་མིན། ཡིན་ཡང་། ཞིས་ནི་སྟོབས་ཤུགས་ལ་རྔམ་པས་སྟོབས་ཤུགས་ཀྱི་རྩ་བ་ཞིག་ནི་དཔལ་འབྱོར་དང་འབྲེལ་བས་རེད།
རྒྱ་ནག་གི་དཔལ་འབྱོར་ནི་མཐོ་རིམ་ཏང་གི་དཔོན་པོ་ཚོ་དང་། དེའི་ནང་མི་ཚོས་མ་རྩ་མཉམ་འཇོག་གིས་གྲུབ་པའི་དཔལ་འབྱོར་ཞིག་ཡིན་ལ། དཔལ་འབྱོར་དེ་རྒྱལ་སྤྱིའི་འབྱོར་ལྡན་ཁྱིམ་ཚང་དང་། མཉམ་འབྲེལ་དངུལ་ཁང་སོགས་དང་སྦྲེལ་ནས། མ་རྩ་མཉམ་འཇོག་གིས་གྲུབ་པའི་དཔལ་འབྱོར་གྱི་ཁེ་གཉེར་ཁང་ཞིག་ཡིན། དེར་ལོ་རེར་ཨ་རི་དང་རྒྱལ་སྤྱིའི་སྒང་ནས་མ་རྩ་འཇོག་མཁན་གྱི་ཨ་སྒོར་ཐེར་འབུམ་མང་པོ་རྒྱ་ནག་དང་། ཧོང་གོང་གི་ནང་ལ་ཡོང་གི་ཡོད། དཔལ་འབྱོར་དེའི་བདག་པོ་ངོ་མ་ནི་རྒྱ་ནག་གི་མཐོ་རིམ་དཔོན་པོ་དང་། དེའི་ནང་མི་ཚོ་ཡིན། རྒྱ་ནག་མི་མང་ནི་དེ་ཚོའི་བྲན་གཡོག་ཡིན། དབང་ཆ་གཏན་ནས་མེད། དཔེར་ན། ཨ་ལིས་བྷ་བྷ་ཡི་དབང་ཆ་ཡང་། མ་ཡོན Jack Ma གྱི་ལག་ནས་སྔ་ལོར་ཤོར་ཡོད།
སྔ་ལོར་ཞིས་ཀྱིས་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་ལུགས་བཟོས་ཀྱང་། ཁྲོ་རྒན་གྱིས་སྲིད་འཛིན་ཞིས་ལ་དམར་དམག་གོང་ཧོང་དུ་བཏང་ཞིང་། ངོ་རྒོལ་བ་ལ་དྲག་གནོན་བྱས་ན། དེའི་འཇུག་འབྲས་ཚབས་ཆེན་ཡིན་ཚུལ་བརྗོད་ཡོད་པས། ཞིས་ཀྱིས་ཀྱང་དམག་མི་ཧོང་གོང་ལ་བཏང་ཕོད་མེད། གལ་སྲིད་ཨ་རིས་མ་བཀག་པ་ཡིན་ན། ཁོ་ལ་དམག་མི་ཧོང་གོང་ལ་བཏང་འདོད་ཡོད། འོན་ཀྱང་། བཏང་ཕོད་མེད། མཐའ་མར་ཁྲིམས་ལུགས་དེ་རིམ་བཞིན་ཕྱིར་འཐེན་བྱེད་དགོས་བྱུང་ཡོད།
སྔ་ལོ་དང་ད་ལོ་གཉིས་ཀར་སྲིད་འཛིན་ཞིས་ཀྱིས་ཁྲོ་རྒན་ལ་རྩིས་ནོར་ཐེབས་ཡོད། ཐེབས་དགོས་དོན་ནི་ཞིས་ཀྱི་སེམས་སུ་ཁོས་ཨ་རིའི་མཐོ་རིམ་མི་སྣ་དང་། མཉམ་འབྲེལ་དངུལ་ཁང་། སློབ་དཔོན་ཆེན་མོ་དང་། གསར་འགོད་པ། ཧོ་ལིས་ཝོས་སྒྲི་སོགས་ལ་སྒོར་མོ་སྤྲད་པས་སྟངས་འཛིན་བྱེད་ཐུབ་ཡོད་བསམ་ཞིང་། དེ་དག་གིས་ཁྲོ་རྒན་ལ་སྟངས་འཛིན་བྱེད་ཐུབ་པར་ཚོད་དཔགས་བྱས་བས་རེད། འོན་ཀྱང་། ཚོད་དཔགས་དེ་ནོར་ཡོད། དེ་ལས་ལྡོག་སྟེ་ནད་ཡམས་ཀྱི་རྐྱེེན་གྱིས་ཁྲོ་རྒན་ཧ་ཅང་གིས་རྒྱ་ནག་ལ་ཁོང་ཁྲོ་ཟ་ཞིང་། ཁོང་ཁྲོ་ཟ་སྐབས་དང་སྟུན་ནས། རྒྱ་ནག་གིས་ཧོང་གོང་གི་སྒང་ལ་ཁྲིམས་ལུགས་བཟོས་བས། དེས་ཁྲོ་རྒན་ལ་རྒྱ་ནག་ལ་ཁུ་ཚུར་མཁྲེགས་པོ་གཡུག་པའི་གོ་སྐབས་ཤིག་སྤྲད་ཡོད། དེར་བརྟེན། ཁྲོ་རྒན་གྱིས་གོ་སྐབས་བེད་སྤྱད་ནས་ཁུ་ཚུར་དྲག་པོ་གཡུག་ཡོད་ལ། ད་ལྟ་རྒྱ་ནག་གིས་རང་ཚོད་མ་ཟིན་ན། འཛམ་གླིང་ཧྲུལ་བོས་རྒྱ་ནག་ལ་ཁུ་ཚུར་གཡུག་རྒྱུའི་ཚད་ལ་སླེབས་བཞིན་ཡོད།
ཞིས་ལ་སློབ་སྟོན་གནང་མཁན་ནི་ཧེ་རེས་ཁིས་གསན་རྗར་དང་། ཁི་ལི་ཊོན། བྷར་སྒྲན་དང་ཨ་རིའི་མཉམ་འབྲེལ་དངུལ་ཁང་སོགས་ཡིན་ཞིང་། དེ་དག་ཚང་མས་ཁྲོ་རྒན་ལ་ཚོད་དཔགས་དང་། སྟངས་འཛིན་བྱེད་ཐུབ་མེད། ལྷག་པར་དུ་ད་ལོ་ནད་ཡམས་ཀྱིས་རྐྱེན་པས་ཁྲོ་རྒན་ཧ་ཅང་གི་རྒྱ་ནག་ལ་ཁོང་ཁྲོ་ཟ་ཞིང་། སྔ་ལོ་དང་མི་འདྲ་བ་བསམ་ཡུལ་ལས་འདས་བའི་ཧོང་གོང་ལ་རྒྱབ་སྐྱོར་བྱས་ཡོད། དེ་འདྲའི་རྒྱབ་སྐྱོར་བྱེད་རྒྱུ་ནི་པི་ཅིང་གི་སེམས་ལ་འཁོར་མེད། མི་འཁོར་དགོས་དོན་ཡང་། ཨ་རིའི་མཐོ་རིམ་གྱི་མི་སྣ་ཚོས་རྒྱ་ནག་ལ་གནས་ཚུལ་ལོག་པ་སྤྲད་པས་རེད། རྒྱ་ནག་གིས་ཁོ་ཚོ་ལ་སྒོར་མོ་སྤྲད་པ་ཡིན་ན། ཁོ་ཚོས་རྒྱ་ནག་ལ་ཨ་རིའི་ཕྱོགས་ནས་གནོད་སྐྱོན་མེད། ང་ཚོས་ཨ་རི་བཀག་ཐུབ་ཚུལ་བརྗོད་པས་རེད། དེར་བརྟེན། རྒྱ་ནག་གིས་ཁོ་ཚོས་ཧོང་གོང་གི་བདེ་འཇགས་ཀྱི་ཁྲིམས་ལུགས་བཟོས་བ་ཡིན་ན། ཁྲོ་རྒན་དང་ཕམ་ཕེ་གཉིས་ཀྱིས་རྒྱ་ནག་དང་། ཧོང་གོང་གི་སྣེ་ཡོད་མི་སྣ་ཁག་ཅིག་ལ་ཉེས་ཆད་གཅོད་རྒྱུ་ལས་དེ་ལས་མང་བའི་ཚོད་དཔགས་བྱས་མེད། འོན་ཀྱང་། ཁྲོ་རྒན་དེ་ལས་མང་དུ་བརྒལ་ཏེ། ཧོང་གོང་གི་དམིགས་བསལ་གྱི་ཐོབ་ཐང་མེད་པ་བཟོ་རྒྱུ་བྱས་ཡོད།
གལ་སྲིད་ཨ་རིས་ཧོང་གོང་གི་དམིགས་བསལ་གྱི་ཐོབ་ཐང་མེད་པ་བཟོས་ཤིང་། ཨ་སྒོར་ཧོང་གོང་དུ་འགྲོ་སྐྱོད་བཀག་སྟེ། རྒྱ་ནག་གི་ཞིང་ཆེན་གཞན་དང་གཅིག་མཚུངས་སུ་བལྟས་ཚེ། དུས་ཚོད ༢༤ ནང་དུ་ཧོང་གོང་ནི་འཛམ་གླིང་གི་དཔལ་འབྱོར་གྱི་ལྟེ་གནས་མིན། དེས་ཧོང་གོང་གི་ནང་དུ་མ་རྩ་བཞག་པའི་རྒྱ་གཞུང་གི་དཔོན་རིགས་ཚོའི་དངུལ་ལ་དོ་ཕོག་ཚབས་ཆེན་བཏང་བས། དེ་འདྲའི་ཚབས་ཆེན་གྱི་གྱོང་གུད་ཅིག་ཁོ་ཚོས་གཏན་ནས་འཁུར་མི་ཐུབ། ཨ་རིའི་མཉམ་འབྲེལ་དངུལ་ཁང་སོགས་ཡིན་ཡང་། ཁོ་ཚོས་དཔལ་འབྱོར་བརླགས་པ་དོགས་ནས་རྒྱ་ནག་ལ་དེ་ལྟར་མ་བྱེད་ཟེར་ནས་གནོད་ཤུགས་སྤྲོད་ཀྱིན་ཡོད་ངེས་རེད། དེར་བརྟེན། ཁྲོ་རྒན་གྱིས་རྒྱ་ནག་ལ་སྤྲད་པའི་ཆད་པ་འདི་ནི་རྡུལ་ཕྲན་མཚོན་ཆ་འཕང་བ་ལྟ་བའི་ཉེས་ཆད་རེད།
རྒྱ་གཞུང་ནི་མི་མང་གི་གཞུང་ཞིག་མིན་པས་མི་མང་ལ་ག་ཚོད་ཀྱིས་གནོད་ཀྱང་རྒྱ་གཞུང་གི་དཔོན་རིགས་ཚོས་ཅི་ཡང་མི་བསམ་ཡང་། དཔོན་པོ་ཁོ་ཚོའི་དཔལ་འབྱོར་དང་། ཁེ་ཕན་ལ་དོ་ཕོག་བཏང་ན། ཁོ་ཚོ་ཕྱིར་སྣུར་བྱེད་ངེས་རེད། ཕྱིར་སྣུར་བྱེད་པ་ལ་ངོ་མི་ཚ། ཁོ་ཚོས་མིའི་ཉམས་ཚོད་དང་སྟུན་ནས་ལས་དོན་བསྒྲུབ་ཅིང་། སྟོབས་ཤུགས་ཁོ་ན་ལ་གུས་བཀུར་བྱེད་པ་ལས། གཞན་གང་ལ་ཡང་གུས་བཀུར་མི་བྱེད། དེར་བརྟེན། ད་ཐེངས་ཁོ་ཚོས་ཁྲོ་རྒན་ལ་ཉམས་ཚོད་བླངས་ཡོད་ཀྱང་། ཁྲོ་རྒན་གྱིས་ཁོ་ཚོ་ལ་ཉེེས་བ་ཤུགས་ཆེར་བཏང་བས་ད་ལྟ་ཕྱིར་སྣུར་མི་བྱེད་རང་བྱེད་དུ་ཆགས་ཡོད། རྒྱུ་མཚན་ནི། ཉེས་བ་བཏང་རྒྱུ་ཤུགས་ཆེ་དྲག་པས་ཡིན། གལ་སྲིད་ཕྱིར་སྣུར་བྱས་བ་ཡིན་ན། ཞིས་ཀྱིས་སྔ་ལོ་ལྟར་ངོ་ཚ་རྒྱ་ཆེན་མྱོང་ཡང་། གུང་ཁྲན་ཏང་གིས་དུས་རྒྱུན་ང་ཚོ་ལ་སེམས་རྒྱ་ཆེན་པོ་ཡོད་ཅེས་ནས་བརྗོད་བཞིན་ཡོད་པས་ཁོ་ཚོས་ངོ་ཚ་དེ་འཁུར་ངེས་རེད། དེ་ནི་ཁོ་ཚོས་གཞན་དང་གྲོས་མོལ་བྱེད་སྟངས་ཀྱི་སྒྱུ་རྩལ་ཞིག་རེད། ཁོ་ཚོ་གཞན་ལ་མགོ་སྐོར་བཏང་རྒྱུར་ཧ་ཅང་གི་མཁས་བོ་ཡོད། དེ་སྔོན་ཁོ་ཚོས་ཅང་ཅེ་ཧྲུ་ལ་ཐེངས་གཉིས་སུ་དེ་ལྟར་མགོ་སྐོར་བཏང་ཡོད། འོན་ཀྱང་། ང་ཚོས་སེམས་སུ་ཕར་གཅིག་སྤྲད་ན། ཁོ་ཚོས་ཚུར་གཅིག་སྤྲད་པའི་ཡིད་ཆེས་བྱེད་ཀྱི་ཡོད། ཁོ་ཚོ་ལ་་་ཡིད་གཏན་ནས་ཆེས་མི་ཉན། ཁོ་ཚོ་ལ་གདོང་བ་མང་པོ་ཡོད། ཁོ་ཚོས་སྟོབས་ཤུགས་ཁོ་ན་ལ་གུས་བཀུར་བྱེད་པ་ལས། གཞན་ཅི་ཡང་མི་བྱེད་པས་ཁོ་ཚོ་དང་གྲོས་མོལ་བྱེད་ན། སྟོབས་ཤུགས་ཁོ་ན་ལ་བརྟེན་ནས་གྲོས་མོལ་བྱེད་དགོས་ཡོད།
ད་ལྟ་རྒྱ་ནག་གིས་ཨ་རི་ལ་རེ་བ་ཞུས་ཤིང་། ཁ་སང་ཚེས ༡༧ ཉིན་ཨ་རིའི་ཧ་ཝལ་གྱི་ནང་དུ་ཨ་རིའི་རྒྱལ་སྲུང་དྲུང་ཆེ་ཕམ་ཕེ་དང་རྒྱ་ནག་གི་སྐུ་ཚབ་ཆེན་མོ་ཡན་ཅེ་ཚི་གཉིས་ཐུག་འཕྲད་བྱས་ཡོད། ཐུག་རྒྱུ་ཡིན་ཞེས་ནས་རེ་བ་ཞུ་མཁན་ནི་རྒྱ་ནག་ཡིན་པས། ངས་བསམ་ན། རྒྱ་ནག་གིས་ཨ་རི་ལ་ཁྱེད་ཚོས་ང་ཚོ་ལ་ཉེས་ཆད་གཅོད་རྒྱུ་ལྕི་དྲག་འདུག་པས། ཡང་དུ་ཐོངས་དང་། ང་ཚོས་ཧོང་གོང་ལ་བདེ་འཇགས་ཀྱི་ཁྲིམས་ལུགས་བཟོ་རྒྱུར་ཕྱི་འཐེན་བྱེད་ངེས་ཡིན་ཞེས་ནས་རེ་བ་ཞུས་ཡོད་ངེས་རེད། འོན་ཀྱང་། ང་ལ་དཔང་རྟགས་མེད། ཡིན་ཡང་ཉམས་མྱོང་ཆེན་པོ་ཡོད། ད་ལྟའི་ཁྲིམས་ནི་སྔ་ལོའི་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་ལུགས་ནང་བཞིན་ཡོངས་སུ་ཕྱིར་འཐེན་བྱེད་ངེས་ཤིང་། ངེས་དགོས་དོན་ཡང་། ད་ལྟ་ཨ་རི་སྔ་དང་མི་འདྲ་བ་རྒྱ་ནག་ལ་འཐབ་འཁྲུག་བྱེད་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པས་ཡིན། མ་ཟད་ཨ་རི་ནི་ཧ་ཅང་གི་སྟོབས་ཆེན་ཡིན་པས་ཡིན།
གལ་སྲིད་ཨ་རིས་ཧོང་གོང་གི་དམིགས་བསལ་གྱི་ཐོབ་ཐང་བླངས་པ་ཡིན་ན། མ་འོངས་བར་ཧོང་གོང་བུ་ལོན་གྱི་ནང་དུ་ལྷུང་ཚེ། ཨ་རིས་སྒྲོ་ལར་བཏང་ནས་སྐྱོབ་མི་དགོས། མི་སྐྱོབ་དགོས་དོན་ཡང་། སྐྱོབ་རྒྱུའི་མཚེ་མ་ཡི་གན་རྒྱ་རྩིས་མེད་དུ་བཏང་བས་རེད། དེ་ལྟར་བྱས་ན། ཧོང་གོང་གི་སྒྲོ་ལར་གྱི་རྒྱབ་གཉེར་མེད་པར་གྱུར་བས། ཧོང་གོང་གི་སྒྲོ་ལར་ལ་རྒྱབ་གཉེར་མེད་ན། སྒོར་མོ་དེའི་རིན་ཐང་ཉམས་པ་མ་ཟད། ཧོང་སྒོར་དང་ཨ་སྒོར་གཉིས་ཁ་ཁར་བྲལ་བས། རྒྱ་ནག་གིས་ཨ་སྒོར་ཉོ་དཀའ། ཨ་སྒོར་མེད་ན། རྒྱ་ནག་གིས་རྒྱལ་སྤྱིའི་སྒང་དུ་ཅི་ཡང་ཉོ་མི་ཐུབ། རྒྱ་ནག་གི་ཨ་སྒོར་གྱི ༧༥% ཧོང་གོང་རྒྱུད་ནས་ཡོང་གི་ཡོད་པས། གོང་ཧོང་གི་དམིགས་བསལ་གྱི་ཐོབ་ཐང་བརླགས་ཚེ། རྒྱ་གཞུང་གི་དཔོན་རིགས་ཚོའི་དངུལ་ཁུག་བརླགས་པ་ཡིན་པས། ཁོ་ཚོས་མི་མང་ལ་ཅི་ཡང་མི་བསམ་ཡང་། རང་གི་དངུལ་ཁུག་གི་ཆེད་དུ་སེམས་འཁུར་མི་བྱེད་ཐབས་མེད་དུ་གྱུར་ཡོད། དེར་བརྟེན། ཁྲོ་རྒན་གྱིས་ད་ཐེངས་གནད་འགག་ལ་འཇུ་ཐུབ་ཡོད། དེ་ནི་དངོས་གནས་རྒྱ་ནག་ལ་འཇིགས་སྐུལ་ཆེན་པོ་རེད། (ཧོང་གོང་ལ་རྒྱ་ནག་གིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ལྟ་སྟངས་མ་བཟུང་བ་ཡིན་ན། ཨ་རིས་ཧོང་གོང་ལ་རྒྱ་ནག་གི་ཞིང་ཆེན་གཞན་དང་གཅིག་མཚུངས་ཀྱིས་ལྟ་དགོས་བ་ལས། དམིགས་བསལ་གྱིས་ལྟ་སྟངས་འཛིན་མི་དགོས། དེར་བརྟེན། ཨ་རིས་ཧོང་གོང་གི་དམིགས་བསལ་གྱི་ཐོབ་ཐང་ཕྱིར་བསྡུ་བྱེད་རྒྱུའི་གྲ་སྒྲིག་བྱས་ཡོད། རྒྱ་ནག་གི་ཕྱོགས་ནས་ཁྲིམས་ལུགས་གསར་བའི་དགོངས་དོན་འགྲེལ་བཤད་གནང་བ་དང་མཉམ་དུ་ཨ་རིས་ཕྱོགས་ནས་ཧོང་གོང་ལ་ལྟ་སྟངས་ཀྱི་ཁྲིམས་ལུགས་གསར་བ་གཏན་འབེབ་བྱེད་ངེས་རེད། བདེན་ཏེ། ཨ་རིས་རྒྱ་ནག་གི་འགྲེལ་བཤད་ལ་སྒུག་ནས་སྡོད་ཡོད། ད་ལྟ་རྒྱ་ནག་གིས་ཁ་གསལ་གྱི་ངང་དུ་ཧོང་གོང་གི་ཁྲིམས་ལུགས་གསར་བའི་འགྲེལ་བཤད་བརྗོད་ཕོད་མེད། ཨ་རིའི་སྲ་རྙི་ལ་ལྟོས་ནས་སྡོད་ཡོད།)
རྒྱ་ནག་གི་སེམས་སུ་ཧོང་གོང་གི་ངོ་རྒོལ་བ་རྣམས་གཙང་སེལ་བྱས་བ་ཡིན་ན། ཡུལ་དེའི་ནང་དུ་བརྟན་བརླིང་ཡོང་བས། བརྟན་བརླིང་ཡོང་བ་ཡིན་ན། ཧོང་གོང་གི་ནང་གི་ཨ་རིའི་ཁེ་གཉེར་ཁང་རྣམས་ཀྱིས་ཚོང་བདེ་མོའི་ངང་དུ་བྱེད་ཐུབ་པས། ཚོང་བྱེད་ཐུབ་པ་ཡིན་ན། དཔལ་འབྱོར་བདེ་ལེགས་སུ་བཟོ་ཐུབ་པས། དེ་ནི་རང་གི་ཚོང་ཤག་ཨ་རི་དང་རྒྱ་ནག་གཉིས་ཀྱི་ཁེ་ཕན་དང་། མངོན་འདོད་རེད་སྙམ་ཡང་། ཧོང་གོང་གི་གཞོན་སྐྱེས་ཚོས་རང་གི་མདུན་ལམ་གྱི་ཆེད་དུ་དཔའ་ངར་ཞིམ་མེད་ཀྱིས་ལོ་གཅིག་ཙམ་གྱི་རིང་ལ་རང་གི་རང་དབང་། མང་གཙོའི་འཐབ་རྩོད་བྱས་པས་ཨ་རིས་དོ་སྣང་དྲངས་ཡོད། ཁྲོ་རྒན་གྱིས་གནད་དོན་དེ་སྣང་མེད་དུ་མ་བཏང་པ། ཨ་རིས་སྟོབས་ཤུགས་ངོམས་ནས་ཧོང་གོང་སྐྱོབ་ཡོད། ཨ་རི་ནི་ཧ་ཅང་གི་སྟོབས་ཤུགས་ཆེན་པོ་རེད། རྒྱ་གཞུང་གི་དཔོན་པོ་རྣམས་ནི་ཇག་དཔོན་ཡིན་པས། ཁོ་ཚོས་སྟོབས་ཤུགས་ཁོ་ན་ལས་གཞན་གང་ལ་ཡང་། གུས་བཀུར་མི་བྱེད་པས་རྒྱ་གཞུང་ལ་གཏན་ནས་ཡིད་ཆེས་བྱེད་མི་ཉན། ཁོ་ཚོ་མགོ་སྐོར་བཏང་རྒྱུར་ཧ་ཅང་གི་མཁས་བོ་ཡོད།
ཧོང་གོང་གི་གནས་སྟངས་ནི་དཔྱད་ཞིབ་པ་མང་པོས་གནས་སྟངས་འདྲ་མིན་ལ་འགྲེལ་ཡང་། ངས་བལྟས་ན་དམག་ཆེན་གཉིས་པའི་སྐབས་ཀྱི་དབྱིན་ཇི་ཡི་གནས་སྟངས་རེད། དབྱིན་ཇི་ལ་འཇར་མན་ན་ཙི་ཡིས་བཙན་འཛུལ་བྱས་ཤིང་། དབྱིན་ཇི་ཡི་རང་དབང་འཕྲོག་ལ་ཉེ་ཡང་། ཨ་རིས་དེ་ཙམ་རྒྱབ་སྐྱོར་བྱེད་རྒྱུར་མོས་མཐུན་བྱས་མེད། འོན་ཀྱང་། དབྱིན་ཇིའི་གཞོན་སྐྱེས་ཚོས་དཔའ་ངར་འགྱར་མེད་ཀྱི་ངང་ནས་རང་གི་རང་དབང་དང་། ཐོབ་ཐང་གི་ཆེད་དུ་ཞིམ་མེད་ཀྱིས་འཐབ་འཛིང་བྱས་བས་མཐར་ཨ་རིའི་རོགས་སྐྱོར་ཐོབ་སྟེ་འཇར་མན་ཕམ་པར་བཏང་ཡོད། འོན་ཀྱང་། འཇར་མན་གྱིས་དབྱིན་ཇི་ལ་བཙན་འཛུལ་བྱེད་སྐབས་སུ་དབྱིན་ཇི་ཡི་རྒན་པ་མང་པོ་དང་། ལྷག་པར་དུ་འབྱོར་ལྡན་མི་སྣ་ཚོས་འཇར་མན་ལ་མགོ་སྒུར་བྱེད་རྒྱུའམ། ཡང་ན་མང་པོ་ཞིག་གིས་རང་གི་རྒྱུ་ནོར་འཁུར་ནས་བདེ་འཇགས་ཀྱི་ངང་ནས་འབྲོ་རྩིས་བྱས་ཡོད། ད་ལྟའི་ཧོང་གོང་ཡང་དེ་བཞིན་ཡིན།
མ་གཞི་ང་ནི་དེ་སྔོན་ཨ་རིའི་མང་གཙོ་ཚོགས་པ་ལ་དགའ་མཁན་ཞིག་ཡིན་ཡང་། དེང་སྐབས་མང་གཙོ་ཚོགས་པ་ལ་དེ་ཙམ་སྒལ་ཚིག་མེད་པས་རྒྱ་ནག་གིས་མང་དུ་བཀུག་ཡོད་ཕྱིན། དེ་ལ་བློ་ཕམ་ཡོད། རྒྱ་ནག་གིས་མང་གཙོ་ཚོགས་པ་ཙམ་མ་ཟད། ཨ་རིའི་མཐོ་རིམ་གྱི་མི་སྣ་མང་པོ་དང་། Fox News མ་གཏོགས་གསར་ཁང་ཆེ་ཁག་ཀུན་ཉོས་ཟིན་ཡོད་ཅིང་། ཐ་ན་ཉི་ཧོང་དང་ཀོ་རི་ཡ། ཐེ་ཝན་གྱི་མཐོ་རིམ་མི་སྣ་མང་པོ་ཡང་ཉོས་ཟིན་ཡོད། དེར་བརྟེན། ང་ཚོས་ཤུགས་མ་རྒྱག་པ་ཡིན་ན། མང་གཙོའི་རིན་ཐང་ཀུན་རྒྱ་ནག་གི་ལག་ཏུ་ཤོར་ཉེན་ཡོད། ད་ལྟའི་གོང་ཧོང་ནི་དེ་ལ་འཐབ་འཁྲུག་བྱེད་མཁན་གྱི་མདུན་གྲལ་བར་ཆགས་ཡོད་པས། ཧོང་ཧོང་ཚར་བ་ཡིན་ན། རྒྱ་ནག་རིམ་པ་བཞིན་དུ་ཡོང་ངེས་རེད།
ཧོང་གོང་རྒྱ་ནག་ཏུ་ལོག་རྗེས་ཀྱི་ལོ་དང་པོ་ལྔ་ཡི་ནང་དུ་ཧོང་གོང་གི་གནས་སྟངས་ཧ་ཅང་གི་ཡག་ཅིང་། ཅང་ཙེ་མིན་གྱིས་ཧོང་གོང་གི་རྩ་ཁྲིམས་ནི་ཁོའི་མདུན་ཁུག་གི་ནང་དུ་ཡོད་ཅེས་ནས་བརྗོད་ཡོད། ཁོ་ཚོས་ཧོང་གོང་གི་རྩ་ཁྲིམས་ཅི་བཞིན་ལག་ལེན་དུ་བསྟར་ཡོད། འོན་ཀྱང་། ལོ་ལྔ་ཡི་རྗེས་སུ་རྒྱ་གཞུང་གིས་ཧོང་གོང་གི་རྩ་ཁྲིམས་ལ་ཁྱད་གསོ་དང་། ཁས་ལེན་ལྟར་ལག་ལེན་དུ་དེ་ཙམ་མ་གནང་བས། ཧོང་གོང་གི་མི་མང་པོ་རིམ་བཞིན་ཁྲོམ་དུ་ཐོན་ནས་རྒྱ་ནག་ལ་ངོ་རྒོལ་བྱེད་འགོ་བཙུགས་ཡོད།
ལྷག་པར་དུ་ལོ་གསུམ་གྱི་སྔོན་དུ་རྒྱ་ནག་གི་དཔོན་པོ་ཞིག་གིས་སྒོར་མོ་མང་པོ་འཁུར་ནས་གོང་ཧོང་དུ་བྲོས་ཤིང་། (four seasons Hotel ) དུས་བཞིའི་མགྲོན་ཁང་གི་ནང་དུ་བསྡད་སྐབས་སུ་རྒྱ་ནག་གིས་ཧོང་གོང་གི་ཁྲིམས་ལུགས་ལ་སྣང་མེད་ཀྱིས་མི་བཏང་ཞིང་། ཁོ་ཕྱིར་རྒྱ་ནག་ལ་བཙན་ཁྲིད་བྱས་ཡོད། དེར་བརྟེན། ཧོང་གོང་གི་མི་མང་ཧ་ཅང་གི་ཁོང་ཁྲོ་ཟ་ནས་རྒྱ་ནག་ལ་ངོ་རྒོལ་རྒྱ་ཆེན་བྱས་ཡོད། རྒྱ་ནག་གིས་ཡང་སྐྱར་ཧོང་གོང་གི་ནང་དུ་དེ་ལྟར་ངོ་རྒོལ་ཡོང་འདོད་མེད་པས་སྔ་ལོར་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་ལུགས་བཟོས་ཡོད། སྔ་ལོའི་ཁྲིམས་ལུགས་དང་། ད་ལོའི་ཁྲིམས་ལུགས་གཉིས་ཀྱི་དམིགས་ཡུལ་གཙོ་བོ་གཞན་ཞིག་ནི་རྒྱ་གཞུང་གི་དཔོན་རིགས་ཚོ་དང་། དེ་འབྲེལ་གྱི་མི་ཚོས་རྒྱ་ནག་ནས་སྒོར་མོ་འཁུར་ཞིང་། ཧོང་གོང་དུ་བྲོས་ཤིང་། སྦས་སྐུང་བྱས་ཡོད་པས་དེ་དག་ཕྱིར་རྒྱ་ནག་ཏུ་ཁྲིད་ཆེད་དུ་རེད། ད་ལྟ་ཧོང་གོང་གི་ནང་དུ་རྒྱ་དཔོན་ཚོས་སྦས་སྐུང་བྱས་བའི་སྒོར་མོ་ནི་ཨ་སྒོར་ཐེར་འབུམ་གཉིས་ཙམ་ཡོད་པས། དེ་དག་ཕྱིར་རྒྱ་ནག་ཏུ་ལེན་བྱེད་ཆེད་དང་། མ་འོངས་བར་དེ་ལྟར་མི་འབྱུང་རྒྱུའི་ཆེད་དུ་ཁྲིམས་ལུགས་དེ་གཉིས་བཟོ་ཐབས་བྱས་ཡོད།
གུང་ཁྲན་གྱིས་ལོ་ལྔ་རེའི་ནང་དུ་འགྲོ་བ་མི་ཀུན་ལ་གནོད་པའི་ལས་དོན་རེ་བསྒྲུབ་བཞིན་ཡོད་པས་ཁོ་ཚོ་ནི་ནག་ཉེས་ཅན་གྱི་ཚོགས་པ་ཞིག་ཡིན། ཚོགས་པ་དེས་ཨ་རིའི་ནང་དུ་རྩ་བ་བཙུགས་ཡོད་པས། ཚོགས་དེའི་དེ་ཉིད་རྟོགས་ཤིང་། འགྱུར་མེད་ཀྱིས་གདོང་ལེན་མ་བྱས་ན། ཁོ་ཚོ་ལ་གཏན་ནས་ལག་མི་ཁེལ།
ད་ལྟའི་ཨ་རིའི་ནང་གི་ནད་ཡམས་ཀྱི་རྒྱབ་ཏུ་རྒྱ་གཞུང་ཡོད་པ་མ་ཟད། མི་ནག་གི་ངོ་རྒོལ་བའི་རྒྱབ་ཏུ་ཡང་རྒྱ་ནག་གི་གཞུང་ཡོད་པས། དེ་དག་གི་དམིགས་ཡུལ་ནི་ད་ལོའི་འོས་བསྡུ་ཡི་སྐབས་སུ་ཁྲོ་རྒན་ཕམ་པར་འཇུག་རྒྱུ་དེ་རེད། གལ་སྲིད་ཁྲོ་རྒན་ཕམ་པ་ཡིན་ན། མཉམ་འབྲེལ་དངུལ་ཁང་དང་། ཨ་རིའི་མཐོ་རིམ་དབང་སྒྱུར་བའི་མཛའ་གྲོགས། རྒྱ་ནག་གི་མཐུན་གྲོགས་བྷལ་སྒྲན་སྲིད་འཛིན་དུ་ཆགས་ངེས་རེད། འོན་ཀྱང་། ང་ཚོའི་ཕྱོགས་ལ་རྒྱལ་ཁ་ཐོབ་ངེས་རེད་ཅེས་ནས་བརྗོད་འདུག
གསལ་བཤད།
སྐུ་ཞབས Elmer Yuen ནི་རྒྱ་ནག་དང་ཧོང་གོང་། ཨ་རི་བཅས་སུ་ལོ་མང་གི་རིང་དུ་ཚོང་དོན་གཉེར་མཁན་གྱི་ཧོང་གོང་གི་ཚོང་བ་ཞིག་ཡིན་ལ། ཁོ་ལ་ཁ་སང་ཟླ ༦ ཚེས ༡༨ ཉིན (Zooming In) གཟོམ་མིན་ཨེན་གྱི་གསར་འགོད་པ་གསའ་མོན་ནེ་ཀཱོ་ཡིས་གཅར་འདྲི་བྱེད་སྐབས་ཀྱི་ནང་དོན་སྙིང་བསྡུས་རྣམས་བོད་ཡིག་ཏུ་བཀོད་ཡོད། རྒྱུ་མཚན་ནི། ཁོས་ཧོང་གོང་དང་རྒྱ་ནག ཨ་རི་བཅས་ཀྱི་གནས་སྟངས་ཡག་པོ་འགྲེལ་ཡོད་པས་ཡིན།
སྐུ་ཞབས་ཡན་གྱིས་ཚོད་དཔགས་བྱས་བ་ལྟར་ད་ལྟ་རྒྱ་ནག་གིས་ཧོང་གོང་གི་ཁྲིམས་ལུགས་གསར་བ་བཟོ་རྒྱུ་ཕྱིར་སྣུར་བྱས་འདུག་ཅིང་། མདང་དགོང་གི་གསར་འགྱུར་ཐོན་གསལ་ལྟར་ན། རྒྱ་ནག་གི་སྐུ་ཚབ་པ་ཡན་ཅེ་ཚི་ཡིས་ཨ་རི་ལ་ཁྱེད་ཚོས་ཧོང་གོང་དང་ཐེ་ཝན། ཡུ་གུར་བཅས་ཀྱི་གནད་དོན་ལ་ཐེ་གཏོགས་མ་བྱེད། ང་ཚོས”ཧོང་གོང་གི་བདེ་འཇགས་ཀྱི་ཁྲིམས་ལུགས་ལ་སྐྱར་ཞིབ་བྱེད་ངེས་ཡིན”ཞེས་ནས་ཁས་ལེན་བྱས་འདུག་པས་ཡིན། དེར་བརྟེན། སྐུ་ཞབས་ཡན་གྱིས་སྲིད་འཛིན་ཞིས་ཀྱི་ཀླད་པ་ཤེས་འདུག ཨ་རིའི་ཕྱོགས་ནས་ཀྱང་། རྒྱལ་སྲུང་དྲུང་ཆེ་ཕམ་ཕེ་ཡིས་རྒྱ་ནག་གི་སྐུ་ཚབ་པ་ལ”ང་ཚོས་རྒྱ་ནག་ལ་ཚད་ལྡན་གྱི་འདྲ་མཉམ་དང་དྲང་ལྡན་གྱི་འབྲེལ་བ་འཛུགས་འདོད་ཡོད་པ་མ་ཟད། མ་འོངས་བར་ཕྱི་གསལ་ནང་གསལ་གྱིས་ནད་ཡམས་སོགས་ཀྱི་གནས་ཚུལ་ཕན་ཚུན་ལ་མཁོ་སྤྲོད་བྱེད་དགོས་ཚུལ་བརྗོད་འདུག” དེར་བརྟེན། རྒྱ་ནག་གིས་ཨ་རིའི་གནོད་ཤུགས་འགོར་འགྱང་བྱེད་ཆེད་དུ་ཧོང་གོང་གི་བདེ་འཇགས་ཀྱི་ཁྲིམས་ལུགས་ཕྱིར་འཐེན་བྱས་འདུག་པས་སྐུ་ཞབས་ཡན་གྱི་ཚོད་དཔགས་ལྟར་ཕྱིན་འདུག
རྒྱ་དཀར་ནག་གཉིས་བོད་དང་རྒྱ་གར་ས་མཚམས་སུ་གདོང་ཐུག་དྲག་པོ་བྱུང་ནས་རྒྱ་གར་གྱི་དམག་མི་༢༠རྒྱ་ནག་གི་དམག་མིས་བསད་རྗེས། རྒྱ་ནག་གིས་ལ་དྭགས་ཀྱི་ཕྱོགས་སུ་དམག་མི་དང་ལྕགས་ཁྲབ་འཁོར་ལོ་གྲངས་མེད་པ་ཞིག་སྐྱེལ་བཞིན་འདུག རྒྱ་སྐད་ཤེས་མཁན་ཡོད་ཚེ་བརྙན་འདི་ལ་ལྟོས་དང་། བརྙན་འདི་རྒྱ་མི་ཡུལ་སྐོར་བ་འགས་གསང་བའི་སྒོ་ནས་བརྙན་ལེན་བྱས་པ་ཞིག་རེད་འདུག རྒྱ་མི་དེ་ཚོ་མ་རབས་དཔེ་འདུག ཁོ་ཚོས་བཤད་ན་ད་ལན་རྒྱ་ནག་གིས་རྒྱ་གར་རྒྱལ་ས་རྡི་ལི་བར་དུ་དམག་བརྒྱག་དགོས་རེད། དེ་འདྲ་བྱས་ནས་རྗེས་མ་ང་ཚོ་རྒྱ་གར་དུ་འགྲོ་དུས་ཐོངས་མཆན་ཞུ་དགོས་ཀྱི་རེད། གང་འདོད་ཀྱིས་སོང་ན་ཆོག་ཟེར།China: Military vehicles on the move in Lhadak region after deadly clashes with India https://youtu.be/kGGT9z2UIXw
ཨ་ནུ་ཐང་ལགས་ཀློག་ན་རིན་ཐང་ཡོད་པ་ཞིག་བསྒྱུར་འདུག་པས་བཀའ་དྲིན་ཆེ་ཞུ།དེ་མིན་བོད་ཀྱི་གསར་ཁང་ཚོ་དེང་སང་ལམ་ཁ་གང་ཞིག་ལ་ཁ་འཁོར་ཡོད་མེད་མི་ཤེས། རྒྱ་དམར་ལ་གནོད་པའི་གསར་འགྱུར་ཚིག་རྐང་གཅིག་ཀྱང་འབྲི་གི་མི་འདུག
བདེ་འཇགས་ཕོ་ཉ་ལགས། ༡༩༥༩ལོར་རྒྱ་གར་སྲིད་བློན་ནེ་རོ་ཡིས་ཁས་ལེན་བྱས་བའི་མཇུག་འབྲས་རེད། བོད་ཀྱི་གནད་དོན་མ་སེལ་བར་རྒྱ་དཀར་ནག་གཉིས་ཞི་འཇགས་ཡོང་བར་དཀའ་བར་སྙམ།
རྒྱ་ནག་གིས་རྒྱ་གར་ལ་དམག་རྒྱག་ཕོད་ཀྱི་མ་རེད། ད་ཐེངས་གཡོ་སྒྱུ་ཡི་ངང་ནས་རྒྱ་གར་ལ་འཇིགས་སྐུལ་ཙམ་བྱས་ཤིང་། རྒྱ་ནག་གི་མི་རིགས་རིང་ལུགས་རྒྱ་གཞུང་གི་རྒྱབ་ཏུ་ལངས་རྒྱུར་བསྐུལ་མ་བྱས་བ་རེད། དེ་མིན་ད་ཐེངས་ནད་ཡམས་ཀྱི་སྟོབས་ཀྱིས་རྒྱ་ནག་གི་མི་མང་པོ་རྒྱ་གཞུང་གི་སྒང་ལ་ཧ་ཅང་གི་ཁོང་ཁྲོ་ལངས་བཞིན་ཡོད་པས། དེ་འཇམ་ཐབས་སུ་ཞེད་འཁོན་ཕྱི་ཕྱོགས་སུ་བསྐོར་བ་རེད། རྒྱ་གར་གྱི་སྒང་དུ་སྐོར་བ་རེད།
དུས་ཀྱི་འགྱུར་བའི་དབང་གི་བོད་ཀྱི་ཆབ་སྲིད་དེ་ཡང་རྒྱབ་ངོས་སྟོངས་པ་སྟོང་རྐྱང་ཞིག་་དུ་འགྱུར་འདུག་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དང་འཛིན་སྐྱོང་བཀའ་ཤག་སྤྱི་འཐུས་ཚང་མས་རྒྱ་ངཀར་གཞུང་ལ་རྒྱབས་སྐྱོར་འདྲ་བོ་བྱས་ནས་སྒྲགས་གཏམ་བཤད་
ཙ་བའི་རྒྱ་ནག་གཞུང་གི་ས་མཚམས་ཀོར་བརྩོདད་ཡེས་དེ་དོན་་ལ་བོད་ཀྱི་ས་ཁོང་བརྩོད་གྱི་ཡོད་པ་་དེ་དང་ཅིག་གཉིས་ནསདབུས་བོད་མིའི་སྒྲིགས་འཛུགས་ཀྱི་སྲིད་བྱུད་དབུ་མའི་ལམ་ལ་འགྲོ་གི་ཡོད་སེ་རྒྱ་བཤད་སྟོངས་བཤད་བྱད་ནས་འགྲོ་གི་ཡོད་