བསྟན་འཛིན་ནོར་འཛོམས། དཔེ་སྟོན་སློབ་གྲྭ། འཛིན་གྲྭ། ༦ཁ རང་ལོ་༡༢
གོང་དུ་མེད་པ་ཞི་བདེའི་དེད་དཔོན་མཆོག།
ས་ཕྱོགས་ཀུན་ལ་བྱམས་བརྩེའི་གཟིགས་པ་བསྐྱངས།།
སྐྱབས་མགོན་གསུང་གི་བདུད་རྩི་ཐོས་པ་དགའ།།
མགོན་པོ་མཆོག་གིས་སྐྱེ་རྒུའི་གདུང་སེལ་ཐུབ།།
སྙིང་རྗེ་རྒྱ་མཚོ་བཞིན་དུ་དཔག་མེད་པ།།
འཕགས་མཆོག་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་མཆོག།
གང་གི་མཛད་འཕྲིན་ཉི་འོད་བཞིན་དུ་ཁྱབ།།
ངོ་མཚར་ཅན་ལ་བདག་གིས་ཕྱག་འཚལ་ལོ།།
འཕགས་ཡུལ་ཕྱོགས་སུ་ཞབས་སོར་འཁོད་མ་ཐག།
རང་རེའི་རིག་གཞུང་མི་ཉམས་རྒྱུན་འཛིན་ཆེད།།
རང་རེའི་བོད་རིགས་ཁེ་གཙང་སློབ་གྲྭ་བཙུགས།།
དེ་ཡིས་རིག་གཞུང་བརྟན་པ་ད་བར་གནས།།
ད་དུང་བདག་ཅག་བོད་རིགས་དཔུང་གི་ཚོགས།།
ད་ལྟའི་བར་དུ་ཐུགས་བརྩེས་མ་བོར་བར།།
ད་ལྟ་མ་འོངས་ལམ་སྟོན་འཕྱུག་མེད་པས།།
བསྩལ་བའི་བཀའ་དྲིན་ཚེ་རབས་གཞལ་ཟླ་མེད།།
ད་ལྟའི་གཞན་ཕན་ཐུགས་བརྩེས་ཉེར་བསྐྱངས་སོགས།།
གང་གི་བཀའ་དྲིན་གཞལ་བ་ཆེས་དཀའ་ཡང།།
ཤེས་ཡོན་སྦྱངས་ནས་སྲི་ཞུར་ཞུགས་པར་འབད།།
དམ་བཅའ་རི་བོ་བཞིན་དུ་བརྟན་དུ་གནས།།
མ་འོངས་སོན་རྩ་བྱིས་པ་བདག་རྣམས་ཀྱིས།།
མགོན་པོ་མཆོག་གི་སྐུ་ཚེ་བརྟན་པར་སྨོན།།
དགུང་གྲངས་བརྒྱ་དང་བཅོ་གསུམ་བཞུགས་པའི་ཞལ།།
མཛད་པར་གནང་བས་མི་འགྱུར་བརྟན་པར་ཤོག།