ཀླུ་སྨྱོན་ཧེ་རུ་ཀ
ཁ་སང་དང་དེ་རིང་གཉིས་ཀར་བགྲངས་པ་དེ་ཚོ་བསྡོམས་ན་མ་ཎི་ཁྲི་གཅིག་ལ་ལོངས་འདུག
མ་ཎི་ཁྲི་གཅིག་སྐར་མའི་གཟུགས་སུ་སྤྲུལ་ནས་ནམ་མཁར་གཏོར་བ་ཡིན་ན།
གནམ་སྔོན་པོ་དང་ཟླ་བ་དཀར་པོ་དེར་ཆེས་མཛེས་པའི་རྒྱན་ཆ་ཞིག་གྲུབ་འདུག་ལ།
དེས་སྙན་ངག་མཁན་ཁྲི་སྟོང་གི་སྨྱུ་གུའི་རྩེ་ནས་སྒྱུ་རྩལ་གྱི་སྣང་བརྙན་དུ་མ་ཞིག་ཐོལ་གྱིས་འཕྱུར་བར་བྱེད་ཀྱང་སྲིད།
མ་ཎི་ཁྲི་གཅིག་དེ་ས་གཞི་ཆེན་པོ་འདིའི་གཏིང་དུ་སྦས་པ་ཡིན་ན།
འཇིག་རྟེན་འདིའི་སྟེང་དུ་མཛེས་སྡུག་གི་མེ་ཏོག་སྣ་ཚོགས་འབུས་ཐུབ་ལ།
མེ་ཏོག་དེ་ཚོའི་དྲི་བསུང་གིས་རི་ཀླུང་ཐང་གསུམ་ལ་དཔྱིད་དཔལ་གྱི་མཚར་སྡུག་བླ་ན་འབར་བ་ཞིག་འདྲེན་ཡང་སྲིད།
མ་ཎི་ཁྲི་གཅིག་དེ་འགྲོ་བ་མིའི་རིགས་ཀྱི་སེམས་གཏིང་དུ་ཐིམ་པ་ཡིན་ན།
དེས་ང་ཚོའི་སེམས་རྒྱུད་ཀྱི་ཉོན་མོངས་དུག་གསུམ་རེ་ཞིག་བག་ལ་ཉལ་དུ་བཅུག་སྟེ།
ང་ཚོའི་འཛམ་གླིང་འདིར་ཞི་བདེའི་འོད་སྣང་ཞིག་འཕྲོ་སྲིད།
ཡིན་ན་ཡང་།
བདག་གིས་མ་ཎི་ཁྲི་གཅིག་པོ་འཁོར་གསུམ་ཡོངས་དག་བསྔོ་བས་རྒྱས་བཏབ་སྟེ།
འཛམ་གླིང་སྤྱི་དང་བྱེ་བྲག་ཁ་བ་གངས་ཅན་པ་ཚོར་ཕ་མ་ལྟ་བུའི་བཀའ་དྲིན་ཆེ་བའི།
བླ་མ་བདག་ཉིད་ཆེན་པོ་ཁོང་དགུང་ལོ་ ༡༡༣ ལ་བཞུགས་པའི་སྨོན་ལམ་འདེབ་རྒྱུ་ཡིན།
ཁྱེད་ཀྱིས་མ་ཎི་ཅི་ཙམ་བགྲངས་པ་ཡིན།
སྙིང་གི་ཁུང་བུར་མ་ཎིའི་རི་མོ་བྲིས།།
ཁྲག་གི་ཐིགས་པར་སྙིང་རྗེའི་དྲོད་ཀྱིས་བརླན།།
རུས་པའི་སྲུབས་ལ་གནའ་བོའི་རིང་བསྲེལ་འཁོད།།
གདོང་གམར་ཁྱེད་ཀྱི་རིགས་ལ་བྱིན་རླབས་གདའ།།
འདི་ཕྱི་གཉིས་ཀྱི་ལམ་འདྲེན། ༧གོང་ས་རྒྱལ་བ་རིན་པོ་ཆེ།
སྒྲིབ་གཉིས་དྲི་མ་བསངས་བ་སྟོན་པ་ཡི་དབང་བོ།།
བདེན་གཉིས་ཟུང་འཇུག་སེམས་དཔའ་སེམས་དཔའ་ནི་ཆེན་པོ།།
བཀའ་དྲིན་བླ་ན་མེད་པ་འགྲོ་འདྲེན་གྱི་མགོན་པོའི།།
སྐུ་གསུང་ཐུགས་ཀྱི་མཛད་པ་དངོས་སུ་རང་མཇལ་བས།།
ཡིག་དྲུག་པེད་མ་དཀར་པོ་འདབ་སྟོང་གི་མཆོད་པ།།
ཕྱག་ན་པེད་མའི་གྱ་ལྔ་འཁྲུངས་སྟོན་ལ་འབུལ་ཡོད།།
འདི་ཕྱི་མཐའ་མ་འཁོར་བ་མ་གྲོལ་བའི་བར་དུ།།
དད་སྟོབས་གཡོ་མེད་འཛིན་པའི་འཁོར་ཚོགས་ལ་འདྲེན་རོགས།།
ཚང་མ་ལོག་ཤེས་རེད་འདུག