ཨ་མྱེས་སྲས་ཆུང་གིས།
འཛམ་གླིང་ཡར་ཐོན་ཅན་གྱི་རྒྱལ་ཁབ་དང་བསྡུར་ན་ང་ཚོ་རྗེས་ལུས་རེད། རྒྱལ་ཁབ་དེ་ཚོའི་གྲལ་དུ་ཚུད་ཐུབ་པའི་འབད་བརྩོན་བྱེད་ལོས་དགོས། ཡིན་ན་ཡང་ང་ཚོས་ཡོད་ཚད་ཁོ་ཚོར་ལད་མོ་བྱེད་ནས་གཅེར་རྒྱུགས་བྱེད་མི་ཉན། ང་ཚོའི་མི་རིགས་འདི་ཕ་མ་བུ་ཕྲུག་བར་ལ་ངོ་ཚ་ཤེས་མཁན་དང་། ཕུ་ནུ་གཅེན་གཅུང་བར་ལ་ཞེ་ཁྲེལ་ཤེས་མཁན། ཁྱོ་ག་སྐྱེས་དམན་བར་ལ་གུས་ཞབས་བཟོ་ཤེས་མཁན་གྱི་མི་རིགས་ཤིག་རེད། འདི་ང་ཚོའི་ཐུན་མོང་མ་ཡིན་པའི་གཤིས་ཀ་ཞིག་དང་ལུགས་སྲོལ་ཞིག་རེད། རང་ཚུགས་ཤོར་མི་ཉན། ངས་སྐད་ཆ་འདི་འདྲའི་ཞིག་བཤད་དགོས་པའི་རྒྱུ་མཚན་ནི། དེང་སང་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་བཞུགས་མཁན་ཐད་གཏོང་ངམ།
《 Live》ཟེར་བའི་གཟུགས་མཐོང་བརྙན་འཕྲིན་ཐད་སྟོན་བྱེད་མཁན་ཚོ་གཅིག་གི་སེམས་ལ་མི་རིགས་གཅིག་གི་གཤིས་ལུགས་དང་གོམས་སྲོལ་ལྟ་ཅི། མཐའ་ན་རང་ཉིད་ཀྱི་ཕ་མ་ལ་སྐྲག་མི་དགོས་པ། བཟའ་ཚེ་རོགས་ལ་བརྩི་མི་དགོས་པ། སྤུན་སྤུན་མཆོད་ལ་ངོ་ཚ་མི་དགོས་པ། སོ་སོའི་བུ་ཕྲུག་ལ་འཚེར་སྣང་མི་དགོས་པ་ཡ་རབས་བཟང་སྤྱོད་ཀྱི་དྲི་མ་ཙམ་ཡང་མེད་པའི་སྤྲང་ཕྲུག་དེ་ཚོའི་སྨྱོན་རྟགས་མང་པོ་མཐོང་བས་ཡིན། དཔེར་ན་དམར་ཧྲེང་མ་གཞས་འཁྲབ་མཁན་དང་། རྐུབ་སྟེགས་སམ་《safa》མགོ་ལ་འཕྱར་ནས་རྒྱུགས་མཁན། ངུ་ཤག་བརྒྱབ་ནས་བྲང་རྡོང་མཁན། གདོང་ལ་རྫ་སྣག་བྱུག་མཁན། མཚན་མ་དང་ནུ་མ་སྟོན་མཁན། མདོར་ན་གཞན་ཨེ་དགོད་ལྟ་ནས་རང་ངུ་ཟེར་བའི་དཔེར་ལྟར་འདི་མ་བྱེད་བྱ་བ་མེད་པའི་བོད་མི་འདི་ཚོ་ལ་ཁྱིམ་བཟའ་ཚང་འདྲ་དང་། ཕ་མ་སྤུན་མཆོད་འདྲ་ཡོད་ན་འདི་ཚོ་བདག་པོ་བརྒྱབ་རེམ་འདུག བསླབ་བྱ་གནང་རེམ་འདུག་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན།
འདི་གཏམ་བཟང་རེད འདིར་བསྐུར་དང་ལྟ་འདོད་འདུག།
བཙན་བྱོལ་བོད་པ་དང་ལྷག་པར་བུད་མེད་ཚོ་་ཡར་རྒྱས་ཕྱིན་པའི་་རྟགས་རེད། སྔོན་མ་ཡིན་ན། བུད་མེད་ཚོ་ངོ་ཚ་ནས་ཁུམ་བསྡད་ཀྱི་རེད།
དུས་ནི་མི་འགྱུར་མི་རྣམས་འགྱུར་བ་ཡིན་དེ་དུས་མི་ལ་བསོད་ནམས་སྙན་གྲགས་མེད་ཟེར་བའི་དུས་ཚོད་ངན་པ་དེ་ཤར་བ་ཡིན་ས་འདུག་གོ།
རང་ཚོས་མ་ལྟ་ན། དེ་ནས་ཁྱེད་ཀྱི་སྡུག་སྐད་དེ་ཤོར་དགོས་བ་མ་རེད།
འདི་ཕྱི་མི་དང་བོད་མིའི་སྤྱོད་པ་ཟེར་ནས། བཟང་ངན་དབྱེ་བྱེད་པའི་སྤྱོད་པ་མ་རེད། འདི་མི་བུ་ཡོད་ཚད་ཀྱིས་རང་ཉིད་ཡོད་ཚད་ཀྱི་ལོངས་སྤྱོད་དུ་ཕུལ་མི་ཕུད་དེ་རེད།
རྒྱལ་ཁབ་ཚང་མས། ལོ་ན་ཅོ་བརྒྱད་ཡར་སོན་ལ་རང་དབང་སྤྲད་པ་རེད། འགྲོ་བ་རིགས་དྲུག་ཆགས་སྲེད་ལས་གྲུབ་པ་རེད། དེ་ཙམ་མི་ཤེས་ན། རང་ངོ་ཚ།
ཁ་ཆེ་དང་ནང་པ་ཚོས་ལོ་ན་ཆུང་བ། རང་ཐག་མི་ཆོད་དུས། ཁོང་ཚོ་ལ་བཙན་གཡབ་བྱས་ན་ཡང་། ངོ་ཚ་མེད་པར། ཡུལ་སྲོལ་དང་གོང་མ་དང་ཕ་མའི་ཁ་ལ་ཉན་དགོས་ཟེར་ནས། རང་དབང་གཅིག་ལ་ཡང་མི་སྤྲད་པ་རེད། དེ་ངོ་ཚ་རེད། དེ་རྫབ་ཆེན་རེད།
དེ་འདྲ་ཆ་ཚང་ལ་ལྟ་གི་ལྟ་གིས། ངན་བཤད་སྡོད་པའི་མི་འདི་ཚོ་ལ་རྐང་མིི་འདུག། ལྷག་དུ་ཨ་མྱེས་སྲས་ཆུང་ལ་ལྐད་པ་མི་འདུག།