ཆང་སྐྱེས།
དེ་རིང་བདག་སེམས་སྙི་མོ་རླུང་གིས་སྒུལ།།
ཞེན་ཆཊ་ལྕི་མོའི་ཕྱིར་མིག་རྒྱང་ལ་ཤོར།།
རྨ་ཆུ་གཙང་ཆབ་སྔོན་མོའི་འགྲམ་ངོཊ་ན།།
ཁྱོད་ཞལ་མེ་ཏོག་བདག་གི་སྙིང་ལ་བཞད།།
ཐ་མག་ཚེ་སྲོག་རྔུབ་པའི་ཧྲག་བར་ནས།།
བསམ་བློ་བཞི་གསུམ་བཅུ་གཉིས་ཡང་ཡང་བཏང་།།
མགོ་དཀྲི་གློ་དམར་འོག་གི་ཁྲ་ཆུང་མིག།
རྨི་ལམ་ཞིང་ན་འཚེར་བའི་སྐར་ཆེན་ཞིག།
ཡིད་འོང་སྟོང་གིས་འཛུམ་པའི་ལང་ཚོ་ལ།།
འཇོ་སྒེག་མཚོ་བྱུང་ལྷ་མོའི་སྒེག་ཉམས་ཤིག།
དུང་དཀར་གཟུཊ་སུ་འབུར་བའི་མྱོས་བུམ་ཟུང་།།
འདོད་པའི་དབང་རྩ་དཀྲུཊ་པའི་རྒྱུ་རུ་སྨིན།།
དཀར་པོ་དངུལ་གྱི་རྣ་ལུང་ཆ་མ་དེ།།
འཛུམ་པའི་མཛེས་སྡུག་ངོགས་ན་ལམ་ལམ་འཕྲོ།།
རྒྱ་མཚོ་གཏིང་གི་བྱུ་རུ་དམར་ཆུང་དེ།།
ཁྱོད་ཀྱི་མགུལ་ན་མིག་ལ་ལྷག་ཏུ་མཛེས།།
ཁྱོད་ནི་བདག་ལ་མཚན་ན་ཡོད་ཚད་དང་།།
ཁྱེད་རང་མེད་པས་ཉིན་མཚན་མ་ཤེས་སོགས།།
དེ་འདྲའི་ཁ་ཡག་བདག་གིས་མི་ཤེས་མོད།།
བཤད་པའི་སྐད་ཆ་སྙིང་གཏམ་དྲོན་མོ་ཡིན།།
བརྩེ་བའི་རིན་ཐང་གསེར་གྱིས་མི་ཁུཊ་ལ།།
དུང་བའི་སེམས་པ་སྒོར་གྱིས་དེ་བས་ཅི།།
ཁྱོད་ཀྱི་ཕྱོགས་ལ་སོང་པའི་སེམས་པ་འདི།།
འགོག་ཐབས་མ་བྱུང་གློ་རྒྱག་ཐོལ་གྱིས་ཤོ