གཅན་ཚ་སྒྲོལ་མ་གཡང་སྐྱིད།
ལོ་ཟླས་མ་ཁྱེར་བའི་བརྩེ་བ།
ཁྱོད་འཛུམ་ཙམ་བྱས་པའི་ཞལ་རས་དེ་དྲན་ན།
ང་རང་ཁྱོད་ཀྱི་སྒོ་དྲུང་ན་སྐྱེས་པའི་ལྕང་སྡོང་དེ་ཡིན་ན་འདོད་ཀི།
ཡུན་རིང་ཆ་མེད་ལྟར་འགྲོགས་རྗེས།
ག་ལེར་ཕན་ཚུན་གྱི་སྙིང་ལ་མེ་ཏོག་བཏབ།
ཁྱོད་གློ་བུར་དུ་འགྲོ་རན་དུས།
ངས་ཐ་ན་སྐྱེལ་མ་ཞིག་ཀྱང་བྱེད་མ་ཐུབ།
ལོ་ཟླ་འདི་ཁྲེལ་མེད་ཅིག་ཀྱང་མ་རེད། །
འུ་གཉིས་རང་རང་སར་གྱེས་ནས་ཡུན་རིང་འགོར་ན་ཡང་།
ལོ་ཟླ་འདིས་ངའི་སེམས་ན་གསལ་བའི་ཁྱོད་ཀྱི་ཞལ་འཛུམ་དེ་ད་དུང་ཁྱེར་མི་འདུག
ཁྱོད་ད་ལྟ་ཇི་འདྲ་རེད་དམ།
ངས་ནམ་རྒྱུན་ཁྱོད་བདེ་མོ་ཞེས་ཐེངས་རེ་འདྲི་འདོད་མོད།
འོན་ཀྱང་ང་ལ་དེའི་སྤོབས་པ་ཙམ་ཡང་མི་འདུག
ངས་ཁྱོད་རང་སེམས་ཀྱིས་ཀ་ར་བཞིན་མྱང་ན་འདོད།
ནམ་རྒྱུན་ཁྱོད་འགྲོ་སའི་ཕྱོགས་དེར་ལྟ་བཞིན།
བསིལ་རླུང་གི་ནང་ལ་བྲང་ཤ་ཡང་ཡང་སྦྱར་ཡོད།
ངས་བསམ་ན་རླུང་བུ་འདིས་ཁྱོད་ཀྱི་ཞལ་ལ་རེག་མྱོང་ངེས།
གཅན་ཚ་སྒྲོལ་མ་གཡང་སྐྱིད་ལགས། སྙན་མོ་བྲིས་འདུག མུ་མཐུད་དུ་ཡིན་ད།
བྲང་ཤ་བསིལ་རླུང་ནང་འབྱར་བསྐུར་བ་ལེགས།
དེང་རྒྱ་ནད་འདིས་བྲང་ཤ་ལྟ་ཅི།
འདོམས་ཤ་བསིལ་རླུང་ནང་འབྱར་བསྐུར་ནའང།
རེག་ཕོད་ས་མི་གདའ་དགོངས་དག །