གངས་ལྷ་མོ། ཨོ་གླིང་།
སྔོན་གླེང་།
ད་བར་ཕྱི་ལོ་ ༢༠༢༡ གི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་རན་པའི་སྐབས་འདིར། སྲིད་སྐྱོང་འོས་མི་ཁག་གཅིག་ལང་གི་ཡོད་པའི་སྐོར་དྲ་ལམ་དུ་ཁྱབ་བཞིན་འདུག དེའི་ནང་སོ་སོའི་ངོས་ནས་བུད་མེད་སྲིད་སྐྱོང་འོས་མིའི་སྐོར་དོ་སྣང་མང་ཙམ་བྱས། དེ་སྔོན་དྲ་ཐོག་ཏུ་བུད་མེད་ལོ་གཞོན་འོས་མི་གཉིས་ཡོང་ཚུལ་གླེང་སོང་ཡང་ད་ཆ་འོས་སུ་ལང་གི་མེད་ཚོད་དེ་ཙམ་མ་མཐོང་། དེ་ནས་ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༡༥ བར། བུད་མེད་ཀྱི་འོས་མི་ཁོ་ན་དེ་ནི་བཀའ་ཟུར་རྒྱ་རི་སྒྲོལ་མ་ལགས་ཡིན་ལ། ཁོང་མོས་དྲ་ཐོག་ནས་སྲིད་སྐྱོང་གི་འོས་སུ་ལངས་རྒྱུ་ཡིན་པའི་གསར་འགོད་གསར་བསྒྲགས་གནང་སོང་།
རྩོམ་དངོས།
ངས་འདི་ནས་བཀའ་ཟུར་སྒྲོལ་མ་ལགས་སྲིད་སྐྱོང་གི་འོས་སུ་ལངས་པར་རྗེས་སུ་ཡི་རང་ཡོད་སྟབས་ཁོང་མོ་ལོ་ཆུང་གཞོན་ནུ་མའི་དུས་ནས་བཟུང་མཐོ་སློབ་ཐོན་མཚམས་ཀྱི་བར་དུ་མི་རིགས་འདིའི་སྤྱི་སེམས་འཁུར་སྟངས། དེ་རྗེས་ཀྱང་བུད་མེད་ཅིག་ཡིན་པའི་ངོས་ནས་ཨ་མ་དང་བཟའ་ཟླ་མོ། གཞུང་ཞབས་ལས་བྱེད་བཅས་ངོ་བོ་གསུམ་ལྡན་གྱི་ངོས་ནས་སྐེས་ཐེམས་རིམ་འཛེགས་ཀྱིས་ལོ་ཟླ་རིང་མོ་བརྒྱུད་གཞུང་འབྲེལ་གྱི་ལས་སྒོའི་ནང་དཀའ་ངལ་ཇི་ཙམ་ལ་གདོང་ལེན་བྱས་མིན། ལས་བཞུགས་རིང་སྒེར་གྱི་འཇོན་ཐང་གང་ཡོད་བཏོན་ནས་གཞུང་དམངས་གཉིས་ལ་སྤྱི་ཕན་ཇི་ཐོན་དང་། བླ་སློབ་དབར་གྱི་དམ་ཚིག་ལ་བརྩི་མཐོང་བཞག་སྟངས། དེ་བས་དམངས་ལ་སེམས་རྩ་དམར་བའི་ཐོག་གཞུང་སེམས་དཀར་བའི་ནུས་པ་མངོན་མཚན་ཅན་ཇི་ཐོན་སོགས་འདས་སོང་གི་ལོ་རྒྱུས་དང་འཇོན་ཐང་ཇི་སྤེལ། ལྷག་བསམ་གང་ཡིན་དང་སེམས་ཤུགས་བཅང་སྟངས་སོགས་རེའུ་མིག་དང་སྦྲགས་སྙན་པོ་རིང་པོའི་ཡིག་ཚོགས་ཅིག་འབྲི་དགོས་ངེས་ཀྱང་ངས་དེ་འདྲ་འབྲི་སྙིང་མ་བྲོ། གང་ཡིན་ཟེར་ན། བོད་པ་ཡུལ་གྱར་བ་བརྒྱ་ཆ་གོ་དགུ་ཡིས་ཁོང་མོའི་འདས་མ་ད་གསུམ་གྱི་གནང་ལུགས་བཅའ་སྟངས་ལ་རྒྱུས་ལོན་གང་འཚམས་ཡོད་ངེས་རེད་བསམ་ནས་ཡིན། ཉེ་སྔོན་ཙམ་དུ་བཀའ་ཟུར་སྒྲོལ་མ་ལགས་ནས་དྲ་ཐོག་ཏུ་གསར་འགོད་གསར་བསྒྲགས་སྤེལ་བ་དེ་བོད་ཀྱི་དུས་བབ་དྲ་རྒྱ་བརྒྱུད་སྤྱི་ཚོགས་དྲ་ལམ་ཁག་ཏུ་འགྲེམས་སྤེལ་འགྲོ་བཞིན་པའི་བཀའ་མོལ་ནང་དོན་ཚན་ཁག་ཅིག་ངས་ཕྱོགས་བསྡུས་འདྲ་ཞུས་པ་གཤམ་གསལ་ལྟར་ཡིན།
༡། ཁྲིམས་སྒྲིག་གི་དབང་བསྒྱུར་འོག་ཏུ་གཞུང་ལ་ཞབས་འདེགས་ཞུ་འདོད་ཆེན་པོ་ཡོད་པ།
༢། ཕོ་མོ་འདྲ་མཉམ་གྱི་གོ་སྐབས་འདིས་རྒྱ་གཞུང་དང་རྒྱལ་སྤྱིར་བརྡ་ལན་སྤྲོད་རྒྱུ།
༣། ཛ་དྲག་ཆེ་ཤོས་དེ་བོད་ནང་གི་གནས་བབ་དང་རྒྱལ་སྤྱི་ཡོངས་ཀྱི་གནས་སྟངས་ཡིན་ཞིང་། ལྷག་དོན་ད་ལྟའི་ཆར་༧གོང་ས་མཆོག་དབུ་བཞུགས་པའི་སྐལ་བཟང་གི་དུས་འདིར་ཚང་མ་མཉམ་རུབ་ཀྱིས་ལས་ཀ་བསྒྲུབ་ཐབས་བྱ་རྒྱུ།
༤། སྲིད་སྐྱོང་གི་ལས་འགན་གཙོ་བོ་དེ་བཅའ་ཁྲིམས་ཀྱི་དགོངས་དོན་གཞིར་བཟུང་དགོས་པ་དང་། སྲིད་སྐྱོང་ནི་ཆབ་སྲིད་ཀྱི་དབུ་འཁྲིད་གཅིག་ལ་ངོས་འཛིན་བྱེད་དགོས་པ།
( བགྲོ་གླེང་ནས་ངས་མཐོང་བའི་ལས་འཆར་དངོས་འགའ། )
༥། ཕྱི་རྒྱལ་དུ་ཡོད་པའི་མཐུན་ཚོགས་ཁག་གཞུང་འོག་གི་ས་གནས་འགོ་འཛིན་དུ་བསྒྱུར་རྒྱུ། དོན་གཅོད་ཁང་གིས་གཙོ་བོ་ཕྱི་འབྲེལ་གྱི་གནད་དོན་ཐག་གཅོད་བྱ་རྒྱུ།
༦། ཉམ་ཐག་ལྟ་སྐྱོང་སྲིད་ཇུས་ལ་བསྐྱར་ཞིབ་ཀྱི་གྲོས་འཆར་འདོན་རྒྱུ་ཡིན་པ། ལས་བྱེད་ཚོར་སྒེར་གྱི་ཚོང་དོན་ཆེད་སྐྱེད་ཀ་མེད་པའི་བུན་གཡར་ལས་གཞི་བརྩམ་རྒྱུ།
༧། བོད་མིའི་སྒྲིག་འཛུགས་ཀྱི་ས་ཁང་སྒྲིག་གཞིར་བསྐྱར་ཞིབ་བྱ་རྒྱུ།
༨། སྤྱི་ཚོགས་ནང་བསམ་ཚུལ་མི་འདྲ་བ་ཚང་མ་( འམ་ལངས་ཕྱོགས་མི་འདྲ་བ་མཉམ་གཅིག་ཏུ་ ) གནས་ཐུབ་ཅིང་ ( ཕྱོགས་ལྷུང་མིན་པའི་ ) བཀའ་ཤག་ཅིག་བསྐྲུན་རྒྱུ།( ཆབ་སྲིད་ཀྱི་ལྟ་བ་ལངས་ཕྱོགས་ཅི་ཡིན་ཡང་མཉམ་གནས་ཐུབ་ཐབས་དགོས་རྒྱུ། )
༩། རྒྱ་བོད་གཉིས་ཐ་དད་ཡིན་པ་དང་། དབུ་རང་གང་རྩོད་ཀྱང་བོད་རྒྱ་འབྲེལ་མོལ་ཡོང་ཐབས་དགོས་པ།
༡༠། སྒེར་སོ་སོའི་ཕུགས་རེ་བཞིན་འོས་མིར་ལང་བ་ལས་ ) གཞན་དང་བསྡུར་ཐབས་དེ་མཚམས་འཇོག་བྱེད་རྒྱུ།
༡༠། གཙོ་བོ་བོད་པ་རང་གི་གནས་སྟངས་ཧྲ་ཐག་ཐག་ཅིག་བྱེད་པའི་ཐོག་གཞན་གྱི་རྒྱབ་སྐྱོར་ལའང་བསྟུན་རྒྱུ།
རྒྱལ་སྤྱིའི་རྒྱལ་ཁབ་ཁག་གི་གཟིགས་ཕྱོགས་མི་འདྲ་སྟབས་ཆབ་སྲིད་ཀྱི་འགྱུར་བར་བསྟུན་དགོས་པ།
གོང་གསལ་ནི་བཀའ་ཟུར་སྒྲོལ་མ་ལགས་ཀྱི་སྔོན་འགྲོའི་གསལ་བསྒྲགས་དེའི་ནང་དོན་གཙོ་ཁག་རེད་འདུག དེ་མིན་ངས་ད་དུང་ཡང་ཁོང་མོར་གསལ་ཆ་ཞིབ་ཙམ་ཡོད་པའི་མ་འོངས་ལས་འཆར་གྱི་ལེའུ་གཞན་ཀྱང་ཡོད་སྣང་འཆར་ནས་ཡོད།
ཐོག་མར་བཀའ་ཟུར་སྒྲོལ་མས་འོས་མི་གཞན་དང་ (འགྲན་རྩོད་དང་སྐྱོན་བརྗོད་ཀྱིས་) བསྡུར་ནས་གནང་གི་མིན་ལུགས་གསུངས་པ་དེར་རྗེས་སུ་ཡི་རང་ཞུ་ཡུལ་ཞིག་ལ་ངས་ངོས་འཛིན་ཡོད། གཞན་དང་འགྲན་བསྡུར་བྱས་ནས་ལང་རྒྱུ་དེ་ནུབ་ཕྱོགས་པའི་ལམ་ལུགས་རྗེན་པ་ཞིག་ཡིན་ལ། ང་ཚོས་ཀྱང་དེ་འདྲ་གནང་ན་མི་འགྲིག་རྒྱུ་མེད་ཀྱང་བོད་པའི་སྤྱི་ཚོགས་སུ་ད་ཆ་ཕན་ཚུན་དབར་གྱི་འགྲན་རྩོད་བྱེད་སྟངས་ཀྱི་སྤུས་ཚད་དེ་མདང་ངེས་མེད་ལ། བྱ་སྤྱོད་དེ་སྔོན་ལྟར་ཕྱོགས་རིས་འཐེན་འཁྱེར་ལ་ཧ་ཅང་འགྲོ་སླ་བས་དེ་འདྲ་བྱས་ན་མི་འགྲིག་པའི་མཐོང་སྣང་ཡོད།
སོ་སོས་འདི་དང་དེ་གནང་ཐབས་ཞུ་གི་ཡིན་ཟེར་ནས་ལས་འཆར་བསྒྲིགས་ཏེ་སྲིད་སྤྱིའི་འོས་ནང་ལང་ན། དམངས་ཀྱིས་འོས་མི་ཚོས་མ་འོངས་པའི་དུས་སུ་ཅི་ཞིག་གནང་རྩིས་ཡོད་མེད་དེ་གསལ་པོར་ཤེས་རྒྱུ་རེད་ལ། ཁྱོད་ཀྱི་ལས་འཆར་ནས་གཞན་གྱི་ལས་འཆར་བར་དཔྱད་བསྡུར་བྱེད་པའི་གོམས་གཤིས་ཡག་པོ་ཞིག་ཀྱང་རང་བཞིན་གྱིས་འཇག་རྒྱུ་རེད། འོན་ཀྱང་འོས་མི་གཞན་དེར་སྐྱོན་འདི་དང་དེ་འདུག་ཟེར་ན་ཐེར་འདོན་གཙོར་བཟུང་དང་། ཕ་རོལ་པོའི་སྐྱོན་དེ་དག་ཚང་མ་རང་ཕྱོགས་ཀྱི་དགེ་མཚན་ཡིན་ཟེར་བའི་ཟོལ་གྱིས་འགྲན་རྩོད་བྱས་བསྡད་ན་དགེ་ལས་སྐྱོན་ཆེ། དེར་བརྟེན། སྒེར་ངོས་ཀྱི་ལས་འཆར་དང་མ་འོངས་པའི་འཆར་སྣང་གོ་རིམ་བཅས་དམངས་ལ་ར་སྤྲོད་གསལ་པོ་ཡོང་ཐབས་གནང་བ་ཙམ་གྱིས་འོས་མི་ཞིག་འོས་སུ་བཞུགས་པའི་སྔོན་འགྲོའི་ལས་དོན་གཙང་མ་གྲུབ་ཟིན་པ་རེད།
དེ་རྗེས་ཀྱི་འོས་མི་ཚོ་ད་ལྟའི་སྤྱི་ཚོགས་ཀྱི་གནས་སྟངས་ལ་གཞིགས་ཏེ་དྲ་ལམ་དང་། ཡང་ན་བར་ཚད་ངེས་ཅན་ཆོད་པའི་ས་གནས་སུ་དངོས་སུ་མཉམ་འདུས་ཀྱིས་བགྲོ་གླེང་སོགས་འོས་འགྲན་གྱི་ནང་དོན་ཅི་ཞིག་བསྒྲིགས་ནའང་སོ་སོའི་དགེ་མཚན་དང་སོ་སོའི་མ་འོངས་པའི་ལས་དོན་བྱེད་ཕྱོགས་སྐོར་མི་དམངས་རྣམས་ལ་ཇི་ཙམ་གསལ་ཆ་བཟོ་ཐུབ་པའམ་སེམས་འགུལ་ཐེབས་སུ་བཅུག་སྟེ་རྒྱབ་སྐྱོར་རག་ཐབས་སྤེལ་ན་དེ་ཙམ་གྱིས་ལེགས་ཆར་རྩིས་ཆོག དེ་ནས་མཇུག་ཏུ་དམངས་ཀྱིས་སོ་སོའི་ངོས་ནས་འོས་མི་གདམ་ཀ་གནང་བའི་རང་དབང་དང་གུ་ཡངས་ཀྱི་ཁོར་ཡུག་ཅིག་ཡོད་ཡོད་པ་རེད།
གཞན་ཡང་སྒེར་ཚུད་མཐོ་དམན་བར་གསུམ་གྱིས་བོད་པའི་སྤྱི་ཚོགས་སུ་འདས་མ་ད་གསུམ་དུ་ཕོ་མོ་འདྲ་མཉམ་ཡིན་ཚུལ་གྱི་བཤད་ཡམས་ཤིག་རྒྱུན་འབྱམས་སུ་ཡོད། དེ་ཡིན་མིན་གྱི་དཔྱད་གཞི་དངོས་ནི་བུད་མེད་གཅིག་འགྲན་ཡ་འཇོན་ནུས་གཅིག་མཚུངས་ཀྱི་ཕོ་གཅིག་དང་འོས་ཐེངས་གཅིག་ཏུ་མཉམ་དུ་ལང་ཡོང་ན་མང་པོས་ཐོག་མའི་དུས་ནས་སྐྱེས་པ་དེས་འཇོན་རྒྱུ་ལས་བུད་མེད་དེར་དོ་སྣང་དེ་ཙམ་བྱེད་སྲོལ་མེད་པ་མངོན་སུམ་ཡིན་པ་དེའི་གནས་སྟངས་གསལ་ཆ་ཇེ་ཆེར་འགྲོ་བཞིན་འདུག དེ་བས་ཕོ་མོ་གཉིས་ཀྱི་རྒྱབ་ལྗོངས་དང་འཇོན་ནུས། ང་ཚོས་ཤེས་ཡོན་དང་ལྷག་བསམ། འཇོན་ནུས་གང་ཅིའི་ཐད་གཅིག་མཚུངས་དང་འདྲ་མཉམ་གྱི་ཚོད་དུ་ཡོད་ཀྱང་། ཕོ་མོ་དེ་གཉིས་དུས་མཉམ་འོས་འགྲན་དུ་ལང་ན་མང་ཆེ་བས་སྐྱེས་པ་དེར་རྒྱལ་ཁ་སྤྲོད་རྒྱུ་ཉག་གཅིག་ཡིན་བསམ་པ་དེ་འདས་སོང་གི་གནས་སྟངས་སམ་དཔེ་མཚོན་ནས་ཤེས་ཐུབ།
སྤྱི་ཚོགས་སུ་དོན་ཆེན་ལ་རྒྱ་གཙོ་བའི་བརྗོད་གཞི་མིན་པའི་བཀའ་ཟུར་སྒྲོལ་མ་ལགས་སུ་སྐྱོན་བརྗོད་ཆུང་ཙག་རིགས་འགའ་བྱེད་སྲོལ་འདུག་མོད། དེ་དག་ནི་ར་འཕགས་ནས་ཀ་བ་བསློག་རྩིས་ལྟ་བུའི་རི་བོང་ར་ཡི་སྐྱོན་བརྗོད་ལྟ་བུ་ཡིན་འདུག་མོད། འོན་ཀྱང་བུད་མེད་ལས་ཅན་འདིའི་འདས་སོང་དུ་མི་གཞིའི་ཡ་རབས་བཟང་སྤྱོད་དོར་ནས་ཕ་བསད་མ་བསད་ཀྱི་སྡིད་ལས་སམ་གྱོད་གཞི་དང་ནག་ཉེས་བགྲང་རྒྱུ་མེད་ལ། འདིས་ལྐོག་གཡོ་ངན་ཇུས་བཤམས་བཞག་ནས་རང་རིགས་ཀྱི་རྩ་དོན་ལ་གནོད་ཡོད་ཚུལ་བཤད་པ་ངས་མ་ཐོས། ཡང་འདི་ཡུལ་གྱར་དུ་འཚར་ལོང་བྱུང་རྐྱེན་དམངས་ཡོད་ས་ནས་རང་མི་རིགས་འདིའི་སྲོག་རྩ་ཕ་སྐད་མ་ལུགས་ལ་མཐོང་ཆུང་དམའ་འབེབས་བྱས་བཞག་པའི་ལོ་རྒྱུས་ཀྱང་མི་འདུག་ལ། གཞུང་འཛིན་གྱི་ལས་སྒོའམ་དབང་འཛིན་སྐབས་དོན་དག་གཞན་ལ་ཁ་གཡར་ནས་སྡུག་རུས་ཀྱིས་མ་འཁྱོག་པར་ལས་དོན་སྒྲུབ་མཚམས་བཞག་ནས་དགོངས་པ་ཞུས་སོང་བའང་རེད་མི་འདུག
འདིས་རང་རིགས་ཀྱི་བཟང་སྤྱོད་དུ་འཛིན་པའི་མཐོ་བླ་མར་མ་གུས་ཚུལ་གྱི་མཆི་ཞག་འཕེན་ཚུལ་དང་། དེ་སྔོན་སྐུ་དྲག་ཅེས་བརྩི་སྲོལ་ཡོད་པའི་ཁྱིམ་ཚང་ཆེན་པོའི་རྒྱུད་ཡིན་པའི་ངོས་ནས་དམའ་དཀྱུས་དམངས་ལ་དམའ་འབེབས་བྱས་ཚུལ་གྱི་དཔེ་མཚོན་ཡང་མེད་ཚོད་རེད། དེ་ལས་ལྡོག་སྟེ་ཁོང་མོས་དཀྱུས་མ་ཉམ་ཆུང་ལ་བྱམས་སེམས་བཅངས་པའི་དཔེ་གསོན་པོ་བཤད་རྒྱུ་ཡོད།
ཁ་མཁས་ལྕེ་སྲབ་ཐུག་གི་མཐོ་གོ་སར་སྡོད་མཁན་དང་དམའ་ས་གང་ཞིག་ལ་ཡོད་མཁན་ཚོས་ག་གེ་མོ་དེ་དག་གཞུང་སེམས་དཀར་ལུགས་དང་། གཞུང་འཛིན་གྱི་ལས་དོན་ལོ་མང་སྒྲུབ་ཚུལ་གྱི་བྱས་རྗེས་གཅིག་གཅིག་གཉིས་གཉིས་བགྲང་དུས་བུད་མེད་འདིས་ཀྱང་ཡ་རབས་བཟང་སྤྱོད་ཀྱི་སྒོ་ནས་གཞུང་སེམས་གཙང་མས་གཞན་དེ་དག་དང་གཅིག་མཚུངས་ཀྱི་བགྲང་རྒྱུ་ཡོད་པའི་བྱས་རྗེས་སྟོན་རྒྱུ་བཞག་འདུག རེད་དེ་དབང་ཆ་ལག་ཏུ་བཟུང་དགོས་པའི་མཐོ་གོ་ས་གཅིག་ལ་དམིགས་དུས་སམ། དབང་ཆ་དེ་དངོས་སུ་ལག་ཏུ་བཞག་དགོས་པའི་འགག་རྩའི་དུས་སྐབས་སུ་སླེབས་དུས། ང་ཚོའི་སྤྱི་ཚོགས་སུ་ཕོ་མོ་འདྲ་མཉམ་ཡིན་ཚུལ་མོལ་མཁས་ཀྱི་མི་ཚོས་མཐོང་ས་རིག་ས་ཞིག་ནས་བུད་མེད་འཇོན་ཐང་དང་ལྷག་བསམ་འདྲ་མཉམ་ཡོད་མཁན་འདི་ཚང་མའི་མིག་མདུན་ནས་རྒྱལ་ཁ་དེ་བཅོམ་ནས་གཞན་སྐྱེས་པ་ཞིག་ལ་ཆབ་སྲིད་ཀྱི་གོ་དབང་རག་ཐབས་ཧུར་ཐག་བྱ་སྲིད་པ་རེད།
གང་ལྟར་ཡང་། མི་དམངས་རྣམས་ཀྱིས་ད་ཐེངས་བསམ་བློ་དྲུག་གསུམ་བཅོ་བརྒྱད་རེ་གཏོང་དགོས་པའི་དུས་ལ་སླེབས་འདུག ང་ཚོས་སེམས་ཀྱི་ཉམས་ལེན་དབེན་ཡང་ཆོས་སེམས་ཆེན་པོ་ཡིན་ཁུལ་ཞིག་གིས་སང་ཉིན་རང་སངས་རྒྱས་རྒྱུ་ཡིན་ཚུལ་ལྟ་བུས་འུར་བརྗོད་བྱེད་སྲིད་ལ། ཐབས་དང་ཇུས་ཀྱི་ཧ་ཅང་དབེན་ཡང་སང་ཉིན་གྱི་སྐལ་བཟང་དུས་དེར་རྒྱལ་ཁབ་ཀྱི་ཐོབ་ཐང་སླར་གསོ་བྱེད་ཀྱི་ཡིན་ཚུལ་ཡང་གཅིག་མཚུངས་བཤད་སྲིད་པ་རེད། དེ་བས་ང་ཚོས་མཐོང་ཐོས་མྱོང་གསུམ་གྱི་སྒོ་ནས་བསམ་བློ་གཏོང་ན། ད་ལྟའི་ཆར་འཇོན་ན་གོང་གསལ་དེ་ལྟར་བྱེད་ཐུབ་མཁན་ཡིན་ན་ལོས་བཟང་ཡང་དོན་དངོས་ནི་བཙན་བྱོལ་གཞུང་གི་དབང་ཆ་འདི་ཁྲིམས་སྒྲིག་ལ་བརྩི་སྲུང་སྲ་བརྟན་ངང་ཕྲེང་བ་ལག་བརྒྱུད་ཀྱི་སྒོ་ནས་མང་པོས་བཤད་སྲོལ་ཡོད་པ་ལྟར་སྦར་མོ་གང་ལས་མེད་པའི་མདོ་དབུས་ཁམས་གསུམ་གྱི་བོད་རིགས་སྤུན་ཟླ་ཡོངས་རྫོགས་རྡོ་རྩ་ཆིག་སྒྲིལ་ཡོང་ཐབས་གནང་དགོས་གལ་ཆེ་བ་མཐོང་གི་ཡོད། དུས་མཚུངས་སུ་རྒྱལ་སྤྱིའི་འགྱུར་འགྲོས་དང་བསྟུན་གོམས་པ་སྤོ་རྒྱུ་དང་། རྒྱ་ནག་གི་འགྱུར་ལྡོག་ཇི་ཡོང་ཞིག་ལ་སྒུག་རྒྱུ། རྒྱ་ནག་ཚུད་འཛམ་གླིང་གི་འཕེལ་ཕྱོགས་ཀྱི་རྔ་དེ་ལ་དཔག་པའི་ང་ཚོའི་ངོས་ནས་འཆམ་འཆམ་རྒྱུ་རེད། དེའི་བར་ནས་སོ་སོའི་ངོས་ཀྱི་ཁྱད་ཆོས་དམིགས་བསལ་བ་དེ་དག་མཐོར་འདེགས་ཀྱིས་རྒྱལ་ཕྱི་ནང་ཡོངས་ཀྱིས་ངོས་ལེན་རྒྱབ་སྐྱོར་དང་། སྔར་བའི་དོ་སྣང་དང་རོགས་ཕན་ཡོང་ཐབས་བཅས་རེད།
སྤུན་ཟླ་སུ་ཞིག་ལ་མི་རིགས་འདིར་སྨན་པའི་བློ་གྲོས་དམིགས་བསལ་འདོན་རྒྱུ་ཡོད་ན་དེ་མི་དམངས་ལ་སྟོན་ནས་འཇོན་ནུས་སྤྱོད་ཐབས་ཡོད་ན་ལས། མ་འོངས་པའི་ལོ་འགའ་ཤས་ནང་ང་ཚོའི་རང་དབང་གི་འཐབ་རྩོད་དེ་རྒྱུན་མ་ཆད་པའི་སྒོ་ནས་རྗེས་རབས་པ་ཚོར་བློ་གཏད་ས་ཏན་ཏན་ཏིག་ཏིག་ཅིག་བསྐྲུན་རྒྱུ་གལ་ཆེ་བ་མཐོང་། དེ་ནས་འུར་རྡོ་གཅིག་གིས་བྱ་བརྒྱ་གསོད་བསམ་པའི་སྟོང་བསམ་དེ་མཚམས་བཞག་ནས་ཁ་ཡོད་ལག་ཡོད་ཀྱི་གཞུང་སྒྲིག་འཛུགས་ཀྱིས་ཕྱི་ནང་བོད་རིགས་སྤུན་ཟླ་ཡོངས་རྡོག་རྩ་གཅིག་སྒྲིལ་ཡོང་ཐབས་ཀྱིས་མ་འོངས་པའི་ཆབ་སྲིད་ཀྱི་འགྲོས་ལ་བསྟུན་ཐབས་ཇི་དགེ་དང་ཐབས་ལམ་ཇི་སྤེལ་བཅས་ནས་ང་ཚོར་དགོས་ངེས་ཀྱི་གོ་སྐབས་ཤིག་ལ་དམ་འཛིན་དང་རེ་སྒུག་བྱ་རྒྱུ་དེ་རེད་འདོད།
བློ་གཟུར་བོར་གནས་ན་ངའི་དྲ་གྲོགས་ཅིག་གིས་གསུངས་པ་ལྟར་བཀའ་ཟུར་སྒྲོལ་མ་ལགས་ད་ཐེངས་ཀྱི་འོས་མི་གཞན་དང་བསྡུར་ན་རྩེ་ཕུད་ཀྱི་འོས་མི་གཅིག་ལ་མཐོང་ཐུབ། ད་ཆ་ལང་སྡོད་པའི་འོས་མི་གཞན་ཚོར་ཡོད་པའི་ཁྱད་ཡོན་ཚང་མ་ཁོང་མོར་ཚང་བསྡད་འདུག་ལ། ཡོན་ཏན་འགའ་གཞན་དེ་ཚོའི་འཇོན་ནུས་ལས་ལྷག་པའང་ལྡན་ཡོད། ད་ཐེངས་ཀྱང་མང་པོས་གཅིག་གཅིག་ཉིག་ཉིག་གི་རྒྱུ་མཚན་ཡ་མ་བརླ་དེ་འདྲ་མང་པོ་བགྲང་ནས་བཀའ་ཟུར་རྒྱ་རི་སྒྲོལ་མ་ལགས་འོས་འགྲན་དེ་ནས་རྒྱལ་ཕམ་ཅི་རིགས་ཡོང་སྲིད་པ་དེ་ནི་ཕར་བལྟས་ཚོད་ལ་ཚུར་མཐོང་ཐུབ་པ་ཞིག་ལས་གཞན་གང་ཡང་མིན། ཡིན་ཡང་བཀའ་ཟུར་སྒྲོལ་མ་ལགས་ཀྱི་འདས་སོང་གི་ལོ་རྒྱུས་དང་ལྷག་བསམ་ལ་རྨ་མེད་ཡིན་པ་བོད་པ་མང་པོས་འགྱུར་བ་མེད་པའི་སྒོ་ནས་གོང་བཀུར་ཞུ་སྲིད་པ་དེའང་མ་བརྗེད་རོགས།
ད་ཐེངས་ཀྱི་འོས་བསྡུའི་ནང་ཁོང་མོར་རྒྱལ་ཕམ་ཅི་ཞིག་འབྱུང་སྲིད་ཀྱང་། ཁྱེད་ཀྱིས་མུ་མཐུད་བོད་པའི་བུད་མེད་ཀྱི་དབུ་འཕང་དགུང་ལ་སྟེགས་ནས། ཨ་མ་བྲག་སྲིན་མོའི་ཁེངས་དྲེགས་དང་སྤོབས་པ་ཞིག་འཁུར་ནས་སྲིད་སྐྱོང་གི་འོས་བསྡུའི་ནང་ལང་བར་ངས་འདི་ནས་ཐུགས་རྗེ་ཆེ་ཞུ་འདོད། གསུམ་བཅུའི་དུས་དྲན་གཙོས་ལྷག་བསམ་ཟོལ་མེད་ཀྱི་རྒན་རབས་བོད་ཀྱི་བུད་མེད་མོ་མཆོག་དམ་པ་མང་པོས་ད་ཐེངས་རེ་བ་བཅང་ནས་ཁྱེད་ལ་གཟིགས་ནས་ཡོད་པ་རེད་ལ། ང་ཚོའི་རྗེས་རབས་པའི་སེམས་ཤུགས་དང་ལྷག་བསམ། ད་དུང་ཧུར་བརྩོན་ཅན་གྱི་གཞོན་ནུ་མ་མང་པོས་བོད་མི་རིགས་འདིར་ཡར་རེ་ཡར་སེམས་ཀྱི་ཕུགས་བསམ་ཞིག་བཅང་ནས་ཁྱེད་ལ་མིག་གཉིས་ཀྱིས་ཅེར་ནས་བལྟས་ནས་ཡོད་སྲིད། བོད་པའི་བུད་མེད་ཚོའི་སྤོབས་པ་དང་སེམས་ཤུགས། བོད་མི་རིགས་ཀྱི་ལ་རྒྱ་བཅས་ཀྱིས་ཁྱེད་ནམ་ཡང་རྣམ་པར་རྒྱལ་ངེས་པའི་རེ་སྨོན་ཡོད།
མཇུག་བསྡོམས།
ངས་བོད་ཀྱི་བུད་མེད་དབུ་འཁྲིད་གཙང་མ་གཅིག་ལ་བཅང་པའི་ལྷག་བསམ་རྣམ་དག་གིས་དེ་སྔོན་བྲིས་པའི་ཚིག་བཅད་དུམ་བུ་འདིས། སེམས་ཤུགས་ཅན་དང་སེམས་བཟང་ཅན་གྱི་བོད་ཀྱི་ཕུལ་བྱུང་བུད་མེད་སྒྲོལ་མ་མཆོག་སྲིད་སྐྱོང་གི་འོས་འགྲན་དུ་ཞུགས་ནས་རྒྱལ་ཁ་ཐོབ་པ་དང་། ཁྱེད་ལ་ཕུགས་རེ་ཡིས་ཁེངས་པའི་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་བསྟོད་པ་འདི་ཕུལ་འདོད།
ཨ་ཕྱི་རྒྱ་རི་སྒྲོལ་མར་སྤྲེངས།
བྱིས་པའི་དུས་ནས་ཕ་གཞིས་བོར་བའི་སྤྲང་ཕྲུག་མ།།
མི་ཡུལ་བྱོལ་ཡང་རང་ཡུལ་མ་བརྗེད་འཁོན་སེམས་མ།།
གཞོན་ནུའི་ལང་ཚོ་དར་བའི་དུས་ཀྱང་མཛེས་སྡུག་མ།།
སྐྲ་སེར་སྤྲེའུ་ཡི་ནོར་གྱིས་མ་བསླུས་རང་ཚུགས་མ།།
རྒྱ་གར་ནག་དབར་དུ་མཐོང་ཆུང་ཇི་ཙམ་མྱངས་།།
བོད་གཞིས་བྱིས་གཉིས་ཀྱི་སྡུག་ཚོར་ཇི་ཙམ་ལྕི།།
བདག་རང་གཞན་དབར་གྱི་ལོག་ལྟ་ཇི་ཙམ་བརྒལ།།
རིགས་ཕོ་མོ་དབར་གྱི་གཉའ་གནོན་ཇི་ཙམ་ཚོར།།
སྐྱེས་ཕོའི་སྣ་ཚོགས་གཡོ་སྒྱུར་སུན་ནས་ཉོབ་སྣང་མ།།
ཕོ་མོའི་འདོད་ཞེན་འགག་རྡོར་མ་འཁོན་ཤར་སྐྱོད་མ།།
རང་ལུས་རང་ལ་དབང་བར་བརྩོན་པའི་ལས་བཟང་མ།།
མ་ཡུམ་ཤུལ་ཐག་མ་ཆད་འཛིན་པའི་བུ་ལྡན་མ།།
བཟང་ངན་བློ་ཡི་དབར་ནས་སེམས་ཀྱི་མཛེས་ལྗོངས་ཅི་ཙམ་བཀོད།།
ཕུ་ཕྱི་ཐག་རིང་ཐུང་དཀྱིལ་དུ་བྲེལ་འཚུབ་ཅི་ཙམ་མྱུལ།།
མཐོ་སྐེས་འཛེགས་འགྲིམ་དུས་ལོག་ལྟའི་དཀའ་སྤྱོད་ཅི་ཙམ་བྱུང་།།
ལས་ཕྲག་དོག་འཁོན་སེམས་དྲ་བ་ཉོབ་པོ་ཇི་ཙམ་གཏོར།།
ཉམ་ཆུང་ལས་བྱ་ཕྲག་པས་སྟེགས་པའི་སྡུག་རུས་མ།།
གཞུང་དང་སྒེར་གྱི་བྱ་བར་བརྩོན་བའི་བྲེལ་ལྡན་མ།།
གང་ལ་ཐུག་ཀྱང་ལས་དོན་སྒྲུབ་པའི་འགུལ་སྐྱོད་མ།།
རིགས་རུས་ལ་རྒྱ་མ་ལྷོད་བཟུང་བའི་འཁྱུག་ལྡན་མ།།
ལས་ཨ་མའི་འགན་འཁྲི་དོར་ཐབས་མེད་པའི་དུས་སྐབས་དེར།།
ཕོ་གཡོག་ལས་མི་དགོས་དབང་ཤེད་བཙན་པོ་རྫོགས་མཐའ་དབེན།།
གཟུགས་ལུས་ཐོག་བུ་རྒྱུད་སྦྲུམས་པའི་དཀའ་ངལ་དུས་སུ་ཡང།།
གཞུང་ལས་ཁང་གྲུབ་བཞིའི་སྒོ་ཐེམ་སྲ་མོ་ཇི་ཙམ་བརྫིས།།
སེམས་ཚོར་བ་མ་འཁོག་རླབས་བཞིན་བཙན་དུས་ངུ་འབོད་མ།།
གཏམ་བཤད་ཐེངས་རེ་རེའི་སྐབས་ཀྱང་སྙིང་གཏམ་དབྱངས་ལྡན་མ།།
དམངས་སེམས་རྩ་མང་ཙམ་བརྐུས་པའི་དུས་ཀྱི་བྱང་ལྡན་མ།།
བློ་ལ་ཞེན་དྲག་པོ་མེ་ལྟར་འབར་བའི་རྩལ་ལྡན་མ།།
མི་ཉམ་ཆུང་འཚོ་རྟེན་ཁོ་ནར་ཡིན་ཡང་འབད་འབུངས་འོག།
དཔོན་དྲེགས་ལྡན་དག་གིས་མ་འཇོན་དམངས་ཀྱི་བྱ་བཟང་སྒྲུབ།།
བློ་བསམ་པའི་ཕུགས་ན་བཟང་པོའི་བྱ་བར་བྲེལ་བའི་ངང་།།
སྡུག་ངལ་ཡང་བཟོད་པའི་དཔུང་པ་ནམ་མཁར་ཇི་ཙམ་འཕྱར།།
མཐོན་པོའི་དཔོན་ལ་གུས་བརྩི་གང་ལེགས་ཞུ་མཁས་མ།།
དམའ་མོའི་དམངས་ལ་བྱམས་པའི་འཛུམ་ལྡན་སྙིང་རྗེ་མ།།
དུས་མཚུངས་ཀུན་ལ་མཉམ་འགྲོག་མཁས་པའི་ངོ་དགའ་མ།།
བདེན་དོན་བྱ་བར་དྲང་ཚུགས་བསྐུལ་མ་སྟེར་མཁས་མ།།
མ་ཡུམ་ཆེན་དག་གི་ལ་རྒྱ་མ་བོར་སེམས་སུ་དམ་པོར་ཆོངས།།
ཤེས་བློ་གྲོས་རྩལ་ལྡན་འཚོ་བའི་དངོས་སུ་མོ་མགོ་མཁའ་རུ་སྟེགས།།
མི་ལུས་རྟེན་ཐོབ་ཀྱང་རང་དབང་ཐོབ་རེ་ཀན་བའི་དུས་ངན་འདིར།།
མོ་རིགས་རུས་དག་གི་རྨོངས་གཉིད་སད་ཕྱིར་ལྕོང་བརྡ་ང་ཚོས་སྒྲོག།།
དཔོན་རྭའི་མཁྲེགས་བཟུང་གཏོར་ནས་གསར་བསྒྲགས་གཏམ་བརྗོད་མ།།
ལུས་སེམས་འདར་བཞིན་དབང་ཆའི་ཐོབ་ཐང་འགྲན་རྩོད་མ།།
ཁྱེད་ཀྱང་བོད་པའི་བུད་མེད་རྣམས་ཀྱི་འཐུས་གཙོ་མ།།
ད་དུང་མང་པོའི་སེམས་སུ་མཛའ་བའི་རིགས་མཐུན་མ།།
མཆན། མ་རྩོམ་བོད་ཀྱི་དུས་བབ་ལས་འདྲེན་བཀོད་ཞུས།
ད་བཙན་བྱོལ་ནང་ལ་བོད་པ་ཚརའདུག 2021་ལོའི་འོས་མི་ལ་ཅིག་ལྟོས་དང་ཧ་ཧ་ཧ།
རྒྱ་སྒྲོལ་ལངས་པས་བུད་མེད་ལངས། །
རྒྱ་སྒྲོལ་རྒྱལ་ན་བུད་མེད་རྒྱལ། །
བོད་ཀྱི་བུད་མེད་ཤུགས་རྒྱོབས་ཤོག །
བཙན་བྱོལ་བུད་མེད་འོས་བླུགས་ཤོག །
ཕོ་མོ་འདྲ་མཉམ་ཡིན་ན་ཡང་། །
འདྲ་མཉམ་འོངས་བ་མི་སྲིད་དོ། །
ཉི་སྟོང་གཅིག་ནས་ད་ལྟའི་བར། །
བོད་མོའི་སྲིད་སྟེགས་ད་ཐོབ་རན། །
རྒྱ་སྒྲོལ་འཇོན་ན་བོད་མོས་འཇོན། །
རྒྱ་སྒྲོལ་ཤོར་ན་བུད་མེད་ཤོར། །
རྒྱ་སྒྲོལ་ཤོར་ན་གོ་སྐབས་ཤོར། །
སྤེན་ཚེ་ཐོབ་ན་བུད་མེད་ཤོར། །
གངས་ལྷ་མོ་ཟེར་བ་འདི། རྟ་བཤད་ཚེ་སྒ་བཤད་མི་ཞིག་རེད། རྒྱ་སྒྲོལ་མ་ལ། ཡོན་ཏན་དང་བྱས་རྗེས་ཡོད་ན། དེ་རྣམས་མི་མང་ཚང་མས་གོ་ཐུབ་པའི་ཁ་གསལ་དོན་གསལ་བྱས་ནས་མ་བཤད་པར། དཔྱད་རྩོམ་ཞིག་ཡིན་པའི་ཟུར་འདྲ་བོ། སྙན་ཚིག་ཅིག་ཡིན་ཁ་ཁ་་་འདྲ་བོ་་་་ཡིག་འབྲི་བ་ཞིག་གི་ཆུ་ཚད་ལར་ནས་མ་ལོང་པའི་་འབྲི་སྟངས་རང་རེད་་་་
ཨ་ཕ་ཕྱི་ཡི་ལྕགས་རི་དང་།ཨ་མ་ནང་གི་ནོར་བུ།ཞེས་པའི་གཏམ་དཔེ་འདི་ལ་བསམ་གཞིགས་བྱས་ན།་བུད་མེད་ནི་གནའ་སྔ་མོ་ནས་ང་ཚོའི་སྤྱི་ཚོགས་ནང་དུ་དཔོན་པོ་ངོ་མ་དེ་ཡིན་པ་འདྲ།ད་ཡིན་ན་དཔོན་པོ་ལ༼ཆོ་ལོ༽ཞིག་འབུལ་བའི་དུས་ལ་རྩེབས་ཡོད་ས་གདའ།ཨ་མ་ལ་རྒྱབ་སྐྱོར་ཡོད་ན་བུད་མེད་ལ་རྒྱབ་རྩ་ལོས་བྱེད།ང་ནི་དེའི་ཐོག་ལ་རྒྱག་གཅིག་མཆོངས་གཅིག་ཡིན།
ཡག་པོ་འདུག ཡིན་ནའང་རྒྱ་རི་སྒྲོལ་མ་མང་པོ་ངུ་གི་རེད།
ཧ་ཧ་མོས་བོད་སྤྱི་དོན་དུ་ཡག་པོ་ངུ་རྐྱང་རེད། ཧ་ཧ།།
མི་མང་ལྐུག་པ་མ་རེད། རྒྱ་སྒྲོལ་ངུ་རྒྱུ་ལས་ཅང་ཤེས་ལེ་མ་རེད།
སྐྱོན་མེད་ཡོན་ཏན་ལྡན་པའི་མི་དཀོན།མཛེར་མེད་དྲང་པོར་སྐྱེས་པའི་ཤིང་དཀོན།ཞེས་པའི་དཔེ་ཞིག་ཡོད་རེད།གང་ལྟར་བོད་ལ་སྤྱི་སེམས་ཡོད་མཁན་ཞིག་དང་ཕན་ཐོགས་མཁན་ཞིག་ཡིན་ན་ངུས་ཀྱང་ཆོག་ལ་བགད་ཀྱང་ཆོག མདོར་ན་ངུ་དགོད་གང་ཡང་མི་ཤིས་མཁན་ཞིག་ཡིན་ཀྱང་ཆོག
༼༡༽སྐྱོན་མེད་ཡོན་ཏན་ལྡན་པའི་མི་དཀོན།མཛེར་མེད་དྲང་པོར་སྐྱེས་པའི་ཤིང་དཀོན།ཞེས་པའི་དཔེ་ཞིག་ཡོད་རེད།གང་ལྟར་བོད་ལ་སྤྱི་སེམས་ཡོད་མཁན་ཞིག་དང་ཕན་ཐོགས་མཁན་ཞིག་ཡིན་ན་ངུས་ཀྱང་ཆོག་ལ་བགད་ཀྱང་ཆོག མདོར་ན་ངུ་དགོད་གང་ཡང་མི་ཤེས་མཁན་ཞིག་ཡིན་ཡང་ཆོག
༼༢༽ བོད་ལ་བདེ་སྐྱིད་བྱུང་ན།རྒྱལ་པོ་ཨ་ནིས་བྱས་ཀྱང་ཆོག་ཅེས་པའི་བཤད་སྲོལ་ཞིག་ཡོད་རེད།གང་ལྟར་ང་ཚོ་ལ་དགོས་རྒྱུ་དེ་བརྗེད་མི་ཉན།
སྲིད་སྐྱོང་ལ་དགོས་གནད་ཆེ་བའི་ཡོན་ཏན་གསུམ་ཚང་དགོས་པ་དེ་བོད་མི་ནང་ཁུལ་མཐུན་སྒྲིལ། རྒྱ་གར་མི་དམངས་དང་ཆབ་སྲིད་པར་མཐུན་ལམ་དང་། ཨ་རི་དབུས་པའི་རྒྱལ་སྤྱིའི་ནང་འབྲེལ་ཟབ་དགོས་རྒྱུ་གསུམ་དེ་ཡིོན།
བཀའ་ཟུར་རྒྱ་རི་སྒྲོལ་མ་ལགས་སུ་ཆ་རྐྱེན་དང་པོ་གཉིས་ཐོག་འོས་མི་གཞན་སུ་གང་ལས་ལྷག་པ་ཞིག་ཡོད།་འདི་གཉིས་ནི་བོད་མིའི་རྩ་དོན་ལ་ཆེར་གལ་འགངས་ཆེ་བའི་གནས་ལུགས་ཤིག་ཡིན། རྒྱ་སྤྱིའི་འབྲེལ་ལའང་འོས་མི་གཞན་དང་མཚུངས་ལྷག་མེད་ཀྱང་ཞན་པ་ཡེ་ནས་མེད་པས་འོས་ཤོས་སུ་མཆིས།། དེ་ནས་བོད་ཀྱི་བུད་མེད་ཀྱི་ཆེ་མཐོང་དང་རྒྱལ་སྤྱིའི་སྟེང་བུད་མེད་ཀྱི་ནུས་ཤུགས་འཕེལ་རྒྱས་སུའང་ཞབས་འདེགས་ཕྲན་བུ་ཞིག་ཞུ་ཐུབ།
གཉིས་པ་དེ་བཀའ་ཟུར་འབྲོང་ཆུང་ལགས་ཡིན་འདུག
སྤེན་པ་ཚེ་རིང་ལགས་གནད་དོན་གསུམ་ཡོངས་ནས་དམན་ཆ་ཆེ་བ་མ་ཟད་བོད་མི་ཞིག་གི་ངོས་དང་མི་ཚད་ལྡན་ཞིག་ཆ་ནས་འོས་འཕེན་མི་འཕོད་པ་ཞིག་མིན་ནམ། དེ་ལས་ཚོགས་གཞོན་ཡེ་ཤེས་ལགས་བཟང་ཆ་ཆེ།།
བློ་སེང་ཧ་ཝར་ཊ་ཁྲིམས་ཀྱི་མཐོ་སློབ་ཀྱི་འུར་བླངས་ནས། ཉིན་གཅིག་ཀྱང་ལས་བྱེད་བྱེད་མ་མྱོང་བ་ཞིག་ལ། རྒྱ་བལ་འབྲུག་གསུམ་གྱི་བོད་མིར་མཐོང་ཆུང་བྱས་པའི་སྒོ་ནས་ཐོབ་པ་རེད།
ད་ལན་ཨ་ཅརྱྰ་དེང་སང་གྲྭ་པའི་སྲིད་ལ་དགའ་མོས་བརླགས་ཟིན་པས་ཐོབ་དཀའ་མོ་རེད། འབྲོང་ཆུང་གིས་བློ་སེང་ལགས་ལ། མཐོང་ཆུང་བྱས་ནས་བཀའ་ཤག་ནས་དགོངས་པ་ཞུས་པར་ནོར་འཁྲུལ་ཅིག་ཤོར་ཟིན་པ་རེད།
བུད་མེད་རྒྱ་རི་སྒྲོལ་མས་ནང་སྲིད་དང་རྒྱ་གར་གཞུང་མངས་གཉིས་ལ་འབྲེལ་མཐུད་བཟང་པོ་འཇོག་ཐུབ་ཀྱང་། རྒྱལ་སྤྱིའི་བགྲོས་དང་མཐུན་པའི་སྲིད་དོན་གྱི་སྒོ་སྐབས་བཟུང་ནས། དུས་རབས་ཉེར་གཅིག་སྲིད་དོན་ཁྲབ་ཐུབ་ཨ་ཡོང་ན་སྙམ་པ་ཞིག་ལ་འདུག
ད་དེ་ནས་གཞིས་ཆགས་གསར་སྐྱེས། ཕ་མ་ཉམས་ཐག སློབ་སྦྱོང་མཐར་ཐོན། དད་ལྡན་དང་། སྤྱི་སེམས་ཡོད་པའི་ཐོག་ལ་ལས་བྱེད་རྙིང་གྲས། ཁྲག་དོག་གིས་ཆང་འཐུང་དང་། མི་བསད་ལག་དམར་གྱི་ངན་ཁག་བཀྲིས་ས་ནས། །རྒྱལ་བའི་ཨ་རིའི་༸སྐུ་ཚབ་དོན་གཅོད་འཁོད་ཀྱང་། ཆབ་སྲིད་བྱུས་ངན་གྱིས། བྱ་སྤུ་ནོན་མེད་པའི་ངན་ཁག་དཀྲིས་ནས། གནས་དབྱུང་ཕོག་ས། གནས་དབྱུང་གཏོང་དགོས་དོན་དོན་ལ་བཀའ་ཤག་གིས། ངན་ཁག་བཅུ་ཞིག་བཀལ་ཡང་། དོན་ཚན་དགུ་དང་ཕྱེད་ཀ་ལྷག ཆེ་མཐོའི་ཁྲིམས་ཁང་ནས་རྒྱལ་ཁ་བླམས་མཁན། ལོ་དགུ་ལྷག་མིའི་མི་ཚེ་སྡུལ་བསྔལ་ངང་ལ་ལྷག་ཀྱང་། ད་ལྟ་སླར་ཡང་སྲིད་སྐྱོང་འོས་དྲགས་གྲས་སུ་ཡོད་པ། ཚོགས་ཟུར་དང་། དོན་ཟུར་ལས་བྱེད་སྤེན་པ་ཚེ་རིང་མཆོག་ལ་ད་ལན་གོ་སྐབས་ཞིག་ངེས་པར་དུ་བོད་མི་མངས་ཀྱིས་ལས་རྒྱུ་འབྲས་ལ་བསམས་ནས། འོས་བླུགས། འོས་ཐོབ་ངེས་པར་དུ་སྲིད་སྐྱོང་དུ་བསྐོ་དགོས་འདུག
གལ་སྲིད་སཀྲིད་སྐྱོང་ཐོབ་ནས། ཁོང་གིས་ནོར་འཁྲུལ་ཆེན་པོ་ཇི་ཙམ་ཞིག་མ་འོངས་པར་བྱེད་སྲིད་ན་ཡང་སྲིད་སྐྱོང་ལས་སྣེ་ནས་མར་ཕབ་རྒྱུར་མི་མངས་དང་སྤྱི་འཐུས། ཁྲིམས་ཞིབ་ཀྱིས་འོས་གབ་འོས་པའི་སྲིད་སྐྱོང་འོས་གབ་དང་། འོས་ཐོབ་གཉིས་པར་སྲིད་སྐྱོང་གསར་སྐོ་བྱེད་འཐུས་ཆོག་པས། ཉེར་གཅིག་ལོ་ལ་སྤེན་པ་ཚེ་རིང་རང་ལ་གོ་སྐབས་ཞིག་ངེས་པར་དུ་སྤྲོད་དགོས་ལ། ངེས་པར་དུ་ཐོབ་དགོས། ཐོབ་པར་འགྱུར་ཅིག བདེན་པ་ཉིད་རྒྱལ་བར་འགྱུར་ཅིག་གུ །
ལྷག་བསམ་ཡོད་པ།
ཤེས་ཡོན་ཡོད་པ།
འཇོན་ཐང་ཡོད་པ།
དྲང་བདེན་ཡིན་པ།
བྱུང་ན་སྐྱི་ལོ༼རྣམ་པ༽ཡང་ཏོག་ཙམ་དགོས།
སྲིད་སྐྱོང་གི་འོས་ཤོག་དེ་ཕྱོགས་གཏོགས་དང་ཤོག་སྒྲིལ་འགོ་འདྲེན་དང་སྐབས་འཚོལ་སོགས་ཀྱི་དྲི་ངན་རྒྱང་དུ་རྡོར་ནས་མང་གཙོ་དང་དྲང་བདེན་འདྲ་མཉམ་གསང་བ་རྒྱུད་ནས་མི་མང་གི་མངོན་འདོད་གཞི་ལ་བཞག་ནས་སྲིད་སྐྱོང་གི་འོས་བསྡུའི་ལས་རིམ་ནང་བོད་མི་རང་ལོ་བཅོ་བརྒྱད་ཡན་ཚང་མས་ཆ་ཤས་ལེན་དགོས་པའི་འབོད་བསྐུལ་ཞུ་གི་ཡོད།
སྤེན་པ་ཚེ་རིང་གིས་སྒེར་དོན་ཆེད་བོད་གཞུང་གི་ཡིག་ཆར་རྩིས་མེད་ཀྱི་ཇི་ལྟར་བེད་ལོག་སྤྱད་མ་སོང་ངམ། དེ་བོད་མི་སྐྱབས་བཅོལ་བ་ཆགས་ནས་མི་ལོ་ ༦༠ འགལ་བའི་ལོ་རྒྱུས་ནང་བྱུང་པ་དང་པོ་དེ་རེད། ཨོ་ཙམ་བྱུང་བ་རེད་མ་གཏོགས་བོད་གཞུང་གི་དོན་གཅོད་ཁང་། ༸རྒྱལ་དབང་མཆོག་གི་མཚན་ཡོད་པའི་ལས་ཁུངས་དེ་སྒེར་དོན་ཆེད་ཨ་རིའི་ཁྲིམས་ལ་བཅུགས་འགྲོ་བྱས་པ་དེ་བརྗེད་རེ་ཨ་སྒེར་དོན་ཆེད་གཡུགས་སམ། ཉམས་མྱོང་ཙམ་ལས་དེ་མིན་དགོས་རྒྱུའི་བོད་རིག་མཐུན་སྒྲིལ་ནི་མེད། གནས་ཡུལ་རྒྱལ་ཁབ་ཏུ་མཐུན་ལམ། རྒྱལ་སྤྱི་སྟེང་སྲིད་དོན་འཇོན་སྟངས་དང་གཞན་གྱི་གུས་བཀུར་དང་ཆེ་མཐོང་ནི་མེད། ག་རེར་ལྟ་རྒྱུ་འདུག ཉམས་མྱོང་མེད་ནའང་བློ་སེང་གི་ལོ་ལྔ་བ་གཉིས་པ་དེ་ཐོབ་ནས་ལོ་ ༡༠ ཡག་ཐག་གཅོད་ངང་འགྲོ་མུས་སུ་མིན་འདུག་གམ།
མདོ་སྨད་པའི་ཞེན་ཡིན་ན་ནི་ཧང་སངས་། སྔར་གཙུག་ཏུ་བཀུར་པའི་སྐྱེ་ཆེན་ཁག་དང་སྙན་གྲགས་ཅན་གྱི་མཁས་པ་མང་པོ་བྱུང་ཡོད་ཀྱང་ད་ཆ་སྤེན་པ་ཚེ་རིང་ལས་གཞན་མེད་པ་ཡིན་འདུག་སྙམ། དེ་ལས་མེད་ན་ཡོད་པའི་འོས་མི་གཞན་འདུག་པར་འོས་འཕེན། གཞི་ནས་ཡག་པོ་མ་བྱས་ན་མི་མང་དང་སྤྱི་འཐུས་ལ་མར་ཕབ་རྒྱུའི་དབང་ཆ་ཡོད་ཅེས་ཀརྡོ་རབ་འབྱམས་ཀྱི་དོག་པ་དང་ཐེ་ཚོམ་ངང་བསམ་འཆར་འདུག དོག་པ་དང་ཐེ་ཚོམ་ཡོད་ན་དང་པོ་ནས་མཚམས་མ་གཅད་ན་སླར་རྙོག་ཁྲའི་ནང་འཛུལ་ནས་ཅི་ཕན། རང་རེའི་ཁ་རྒྱུན་ལ་ཁྱི་ཁ་སྔོག་ན་སྐྱག་པའི་དྲི་མ་ཟེར་བ་དེ་མ་རེད་དམ།
གཞུང་པ་ཚེ་དབང་བསིད་ནམས་ཀྱིས་དངོས་གནས་ཡག་པོ་གསུངས་གདའ།སྐད་ཆ་འདི་འདྲ་བཤད་ན་གོ་རྒྱུ་འདུག
ཉེར་གཅིག་ལོ་ལ་སྤེན་པ་ཚེ་རིང་རང་ལ་གོ་སྐབས་ཞིག་ངེས་པར་དུ་སྤྲོད་དགོས་ལ། ངེས་པར་དུ་ཐོབ་དགོས། ཐོབ་པར་འགྱུར་ཅིག བདེན་པ་ཉིད་རྒྱལ་བར་འགྱུར་ཅིག་གུ །
ཆབ་སྲིད་གོ་གནས་མཐོ་ཤོག་སྲིད་སྐྱོང་གི།
ཞབས་སྟེགས་གཅིག་ལས་འོས་དམིགས་སྔར་ལས་མང་།
འདམ་ག་མང་ན་འཁྲུལ་བ་མང་བ་ཉེན།
གཞན་གྱི་མགོ་སྐོར་འོག་ཏུ་མ་ཚུད་ཅིག།།
དེང་རབས་སྤྱི་ཚོགས་དབང་རྣོན་ཤས་ཡོན་དང་།
ཆབ་སྲིད་གནས་ལུག་ཧ་ཅང་ཚད་མཐོ་སྐབས།
སྲིད་སྐྱོང་བུད་མེད་འཕེན་དགོས་ཟེར་བ་དེ།
སུ་ལ་གསུང་གི་ཡོད་པ་རྟོགས་མ་བཟུང་།
རྒྱ་རི་སྒྲོལ་མ་ནི་དུས་འདིར་ཆེས་འོས་ཤོས་རེད། ལར་ནས་རྒྱ་རི་ཚང་གི་ཨ་ཡུ་དང་ཨ་མ་སོགས་མི་རབས་གོང་མ་ལའང་སྤྱི་ཚོགས་སྣེ་ཁྲིད་སྨད་དུ་བྱུང་བའི་བུད་མེད་དཔའ་མོ་དག་བྱུང་ཡོད། ཁོང་གི་ཨ་མས་རྒྱ་དམག་སྟོང་ཚོ་མང་པོ་ཟླ་བ་ལྔ་རིང་འགོག་ཡོད་པ་ལྟ་བུ་རེད།
ད་ཐེངས་བཀའ་ཟུར་རྒྱ་རི་སྒྲོལ་མ་ལགས་སུ་ ༢༠༢༡ གི་སྲིད་སྐྱོང་གི་ཞབས་སྟེགས་ཕུལ་བ་ལས་ཚོགས་ཟུར་སྤེན་པ་ཚེ་རིང་ལངས་རང་ལ་འབུལ་ཐུབ་ན་ཤིན་ཏུ་ལེགས། རྒྱ་རི་ཚང་ལ་སྤྱི་ཡོངས་ནས་དགའ་ཉེ་བློ་དགའ་དང་ཆོལ་ཁ་ཆོས་ལུགས་ཀྱི་ཞེན་ཁོག་དང་། གཞན་ཡང་སྤྱི་རྒྱུ་སྒེར་བདག་སོགས་ཀྱི་ལབ་གླེང་ཧ་ཅང་མང་པོ་རེད། ད་དགོངས་དག འཇམ་ཐིངས་ངེར་བཞུགས་ན་རང་གཞན་ཀུན་ལ་མཛེས། ངས་མི་དམངས་ལ་ད་རེ་ཚོགས་ཟུར་སྤེན་པ་ལགས་སུ་གོ་སྐབས་ཤིག་ངེས་པ་གནང་རོགས་ཞུ་རྒྱུ་ཡིན། འོན་ཀྱང་དང་ཐོག་གུས་རང་ཉིད་དང་ཚོགས་ཟུར་སྤེན་པ་ཚེ་རིང་ལགས་དབར་ཇ་ཕོར་སྒང་གི་འབྲེལ་བ་ཙམ་ཡང་མེད་པའི་གསལ་བཤད་ཞུ་ཆོག་པ་དང་། དྲང་བདེན་དང་གཙང་དང་སྤྱི་སེམས་ཁོ་ནས་རང་གི་བསམ་ཚུལ་ཕྲན་བུ་ཞིག་གླེང་བར་འདོད།
ང་ཚོར་དགོས་རྒྱུའི་ ༢༠༢༡ གི་སྲིད་སྐྱོང་དེ་ཚོགས་ཟུར་སྤེན་པ་ཚེ་རིང་ཉིད་ཤིན་ཏུ་ནས་འོས་པ་མཐོང་། ཁོང་གི་ལྷག་བསམ་དང་སྙིང་སྟོབས་ནི། ལག་དགུ་ཆད་ཀྱང་ལན་དགུ་མཐུད་ཟེར་བའི་དཔེ་ལྟར་ཡིན། ང་ཚོའི་རྩ་དོན་ནི་འགྱེལ་ས་ནས་ཡར་ལངས་ཐུབ་པ་དགོས་རྒྱུ་དེ་ཡིན་པས། དེའི་དོན་དུ་གཞུང་དམངས་གིས་ཞབས་ཞུ་བ་དབུ་ཁྲིད་ཚད་ལྡན་ཞིག་འདམ་རྒྱུ་དང་། གདམས་པའི་དབུ་ཁྲིད་ཟེར་བ་དེ་ཡང་འགྱེལ་ས་ནས་ཡར་ནམ་ཡང་ལངས་ཐུབ་མཁན་དཔའ་བོ་རྒོད་པོ་ཁོག་ཡངས་ཁོང་ལྟ་བུ་ཞིག་དགོས། ཁོང་ནི་དུས་ད་ལྟ་ཡང་བོད་མིའི་སྤྱི་དོན་སླད་མི་ཚེ་སྒང་པོ་གཏོང་རྒྱུར་ཆོད་སེམས་བརྟན་པོ་འཆང་ནས་བཞུགས་ཡོད། ཡང་དགོས་ཁོང་ལ་བོད་མིའི་སེམས་ཁམས་དང་གོམས་གཤིས་ཡི་རྒྱུས་མངའ་ཚད་མཐོ་པོ་ཡོད། དབྱིན་ཧིན་སྐད་ཀྱི་ཆུ་ཚད་ཤིན་ཏུ་ལེགས། བོད་ཀྱི་སྐད་ཡིག་གི་ཆུ་ཚད་ནི་སུས་བལྟས་ཀྱང་སྤོབས་པ་བསྟེར་ངེས་ཞིག་ཡིན་པ་ཡང་མཐོང་ཆོས་སུ་ཡོད། ཁོང་ལ་བོད་དང་རྒྱ་དཀར་ནག་གཉིས་དང་། དེ་མཚུངས་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འདས་མ་ད་གསུམ་གྱི་གོ་རྟོགས་ཡང་ཚད་མཐོ་པོ་ཡོད། ཁོང་གི་བཀའ་སློབ་དགོངས་སྐོར་ཞུ་ས་ཡང་ནམ་ཡང་ནོར་མེད། ཁོང་གིས་རྒན་གཞོན་གོ་རིམ་ལ་གཙིགས་མཐོང་དང་ཡ་རབས་བཟང་སྤྱོད་ཀྱི་ལྟ་གྲུབ་ལག་ལེན་ཆུང་དུས་ནས་ད་བར་གཞི་རྩ་བརྟན་པོས་རྒྱུན་སྐྱོང་བདག་གཅེས་གནང་ཡོད། བོད་མིའི་འགོ་ཁྲིད་ཞིག་ཡིན་པའི་ཆ་ནས་གཙོ་ཆེར་སྒེར་རང་ངོས་ནས་བློ་སྙིང་བྲང་གསུམ་གཏད་ས་ནམ་ཡང་སྔར་ནས་ནོར་མེད་ལ། དུས་ད་ལྟ་དང་མ་འོངས་པར་ཡང་འགྱུར་མེད་བརྟན་པོར་གནས་ཁོ་ཐག་ཡིན་པ་ལ་ཡིད་ཆེས་བྱེད་ཆོག ༢༠༡༦ འོས་བསྡུའི་སྐབས་སྤྱི་ཚོགས་ནང་སྲིད་སྐྱོང་བློ་སེང་ལགས་དང་འགྲན་རྩོད་ཀྱིས་ལབ་གླེང་ཕྲན་བུ་ཞིག་བྱུང་ཡོད་པ་འདི་ནས་ཁོ་པར་ཆབ་སྲིད་ཀྱི་སློབ་གསོ་དང་། ལྷག་བསམ་སྙིང་སྟོབས་ཀྱི་བསྐུལ་མ་འཕར་མ་འཐེབས་ཡོད། ཁྲིམས་ཀྱི་མདུན་སར་ཡང་ནམ་མཁའ་གཡའ་དག་དང་ས་གཞི་རྡུལ་དག་གི་གོ་ས་སྤོབས་པ་ཆེན་པོས་བརྒྱུད་རིམ་དང་ལྡན་པའི་ཐོག་ནས་བསླངས་མྱོང་བའི་བོད་ཀྱི་མི་སེར་བྱས་རྗེས་ཅན་ཞིག་ཡིན། སྤྱི་ཚོགས་ནང་གཞུང་དམངས་ཀྱི་སྤྱི་རྫས་དངུལ་དངོས་སོགས་ལྐོག་ཟ་རུལ་སུངས་བྱས་པའི་ལབ་གླེང་ཡེ་ནས་མེད། ཆང་རག་མཆོད་རྒྱུ་ནི་ད་ཆ་ཡོངས་སུ་སྤངས་ཡོད་འདུག ད་ཆ་ཡང་། ཁོང་ལ་ཞུམ་པ་མེད་པའི་སྙིང་སྟོབས་དང་ཉམས་མྱོང་། མི་རིགས་ཀྱི་ལར་ཞེན་གསོན་པོ་དང་ཤེས་འཇོན་ཆ་ཚང་འཁུར་དུ་འཁྱེར་བའི་ཆ་རྐྱེན་བཟང་པོ་དང་ལྡན་ཡོད་པས། ད་རེ་ཁོང་ལ་འགྱེལ་ས་དེ་ནས་ཡར་ལངས་རྒྱུའི་གོ་སྐབས་ཤིག་ཚང་མས་ངེས་པར་དུ་འབུལ་དགོས། བོད་མི་དམངས་ནས་ཁོང་ལ་ད་རེ་གོ་སྐབས་ཤིག་འབུལ་མ་ཐུབ་ཚེ་གྱོང་གུན་སྤྱི་པ་རང་ལ་འཕོགས་རྒྱུ་ཡིན་པས། མི་དམངས་ཡོངས་ནས་དགོངས་པ་ཆེ་བཞེད་ཀྱིས་ ༢༠༢༡ ལོའི་སྲིད་སྐྱོང་གི་འོས་ཤོག་ཁོང་ལ་འཕེན་རོགས་ཞུ།།
ཡིག་ནོར་དག་བཅོས། ་་་ཐིག་ཕྲེང་གཉིས་པར་་་་ཚོགས་ཟུར་སྤེན་པ་ཚེ་རིང་ལངས་ཞེས་པ་་་་སྤེན་པ་ཚེ་རིང་ལགས་སུ་བཅོས་རོགས། ཡང་་་་ཐིག་ཕྲེང་བཅུ་བཞི་པར་་་་་ལག་དགུ་ཆད་ཀྱང་ལན་དགུ་མཐུད་་་་་་ཅེས་པ་་་་་ལན་དགུ་ཆད་ཀྱང་ལན་དགུ་མཐུད་་་་ཅེས་པར་བཅོས་རོགས་གནང། ཐུགས་རྗེ་ཆེ།།
་་་་་་་་་་ ངས་མི་དམངས་ལ་ད་རེ་ཚོགས་ཟུར་སྤེན་པ་ལགས་སུ་གོ་སྐབས་ཤིག་ངེས་པ་གནང་རོགས་ཞུ་རྒྱུ་ཡིན། ་་་་་་་་་་་་
་
ང་ཡང་། བོད་མི་མངས་ལ་ད་རེས་ཚོགས་ཟུར་སྤེན་པ་ཚེ་རིང་ལགས་སུ་གོ་སྐབས་ཤིག་ངེས་པ་ར་དུ་གནང་རོགས་ཞུ་རྒྱུ་ཡིན།
མི་མང་ལྐུག་པ་མ་རེད།
མི་མང་སྤྱང་པོ་རེད།
ཕྱོགས་གཏོགས་ཆབ་སྲིད།
ལུང་ཚན་ཤོག་སྒྲིལ།
འགོ་འདྲེན་རིང་ལུགས།
གྲལ་རིམ་གཅིག་བསྡུད།
དེ་ཚོ་ནམ་ཡང་ངོས་ལེན་མེད་དོ།
ཨ་མ་བདེན་པའི་ངོ་བོ་དང་།
ཨ་མ་བདེན་པའི་དཔང་པོ་ཉིད།
ཨ་མ་གང་ཞིག་གནས་གྱུར་པ་།།
ཨ་མ་བདེན་དཔོན་ཉིད་དུ་འགྱུར།།
བོད་མིའི་ཆིག་སྒྲིལ་དང་གནས་ཡུལ་རྒྱ་གར་གཞུང་མང་གི་ཆེ་མཐོང་དང་མཐུན་ལམ། དེ་བཞིན་རྒྱ་སྤྱི་མོས་གུས་དང་རྒྱབ་བསྐྱོར་ངང་ཤུགས་ཀྱི་དགོས་ན་བཀའ་ཟུར་རྒྱ་རི་ལགས་དང་བཀའ་ཟུར་འབྲོང་ཆུང་ལགས་གཉིས་ལ་ཆེར་གཟབ། སྤེན་ཚེ་ལགས་སུ་དེ་གསུམ་གྱི་དཔལ་སྐྱོ་བའམ་ཚད་དམའ་བས་སྤྱི་དོན་བསྒྲུབ་རྒྱུར་གནོད་ངལ་ཆེ།
ཚོགས་ཟུར་སྤེན་ཚེ་ལགས་ཀྱི་སྲིད་སྐྱོང་ལངས་རྒྱུའི་གཏམ་བཤད་ནང་ང་ཚོའི་བླ་མེད་པའི་དབུ་འཁྲིད་མཆོག་མཚན་ནས་ཐེངས་མང་ཞིག་འབྲེལ་མཐུད་གནང་སོང་ཀྱང་༢༠༡༦ནས་རྙོགས་ཁྲ་ཡོང་སྐབས་ཁོང་གི་དགོངས་པ་དཀྲུག་གི་རེད་བསམ་པ་ཞིག་ཀྱང་མ་འཁོར་བས་གླུ་ཨ་ལ་ཐ་ལ་གཏང་རེད། ད་དུང་དགུ་ཆད་དགུ་མཐུད་དགོས་བྱུང་ན་རང་དོན་བསྒྲུབས་རྒྱུ་ལས་བོད་པའི་བདེན་མཐའ་བསེལ་རྒྱུའི་རེ་བ་ཨེ་མཐོང། ད་ལྟ་དགོངས་གཞི་དག་པའི་རྒྱུ་མཚན་གོ་མིན། གོང་ཞུས་བཀའ་ཟུར་རྣམ་གཉིས་ལ་ཁོང་གི་ཐུགས་མོས་ཀྱང་ཆེ་ངེས་ལ་སོང་། ང་ནི་ཁོང་གཉིས་གང་རུང་ལ་འོས་ཞུ་རྒྱུ་ཡིན།་ཆོལ་གསུམ་ལ་གཅེས་པའི་བོད་མི་རྣམས་ཀྱིས་ཀྱང་ཁོང་གཉིས་སུ་རུང་ཤིག་ལ་འོས་གནང་རྒྱུ་ང་ལ་དོག་པ་མེད་དོ།།
ནོར་བཅོས།་ང་ཚོའི་བླ་མེད་པའི་དབུ་འཁྲིད་ཅེས་པར་ན་ཞིག་ཆད་འདུག་པས་ བླ་ན་མེད་པའི་དབུ་འཁྲིད་དུ་དགོངས་བཞེས་གནང་རོགས་།
བློ་སེང་གིས་ལོ་དགུའི་ནང་ལ། ༸གོང་ས་མཆོག་མཚན་དམོད་ཞུས་ན་འགྲིགས་ཀྱི་མ་རེད། ཟེར་བ་ཙམ་ལས། མི་འདིའི་རིགས་ཀྱི་མི་སྒེར་པ་གཅིག་ལ་ཡང་ཁ་གཏད་བཅག་པ་མཐོང་མ་སོང།
སྤེན་ཚེས། ལོ་མང་སྔོན་ནསཀླུ་མཁར་འབྱམས་དང་མཉམ་དུ་གདན་གྲལ་གཅིག་ཏུ་གཏམ་བཤད་དང་། ལན་འདེབས་མི་བྱེད་ཅེ། ས་བསྒྲགས་གནམ་བྱས་ཟིན་པ་དང་། བྱེད་བཞིན་པ་རེད་དོ།
་
བློ་སེང་གིས། སྤེན་ཚེ་གནས་དབྱུང་བཏང་བ་ཙམ་མ་ཟད། བློ་སེང་འོག་གི་ལས་བྱེད་ཕ་མོ་མང་པོ་རང་བཞིན་གྱི་མ་བཟོད་ནས་རྩ་དགོངས་ཞུས་པ་མང་པོ་བྱུང་སོང་བ་རེད།
སྤེན་ཚེས། སྤྱི་འཐུས་གཅིག་པ་ཁག་གཅིག་གིས། ཁྲག་དོག་གིས། སྤྱི་འཐུ་རྭ་བར་སྨྱོ་ལབ་གང་བྱུང་བྱས་ན་ཡང་། སྤྱི་འཐུས་ནས་མར་མ་ཕུད་པར། རང་ཉིད་ངོ་ལོག་གིས་ཚུལ་དུ་ཕྱིར་ལོགས་ལ་ཐོན་དགོས་བྱུང་བ་རེད།
་
བློ་སེང་གིས། དཔལ་འབྱོར་དང་པོ། གཉིས་པར་སློབ་སྦྱོང་། གསུམ་བོད་རྒྱ་གྲོས་མོལ་སོགས་ཆབ་སྲིད་དེ། བཙན་བྱོལ་ཆབ་སྲིད་སྒྲིག་འཛུགས་དེ། ཆབ་སྲིད་དེ་གསུམ་གྱི་གསུམ་པར་ལུས་པ་རེད།
སྤེན་ཚེས། སྲིད་སྐྱོང་གསུམ་པར་ཐོབ་ན། ཆབ་སྲིད་དང་པོ་དང་། གཉིས་པ་ཤེས་ཡོན། གསུམ་དཔལ་འབྱོར་ལ་ཞབས་འདེགས་ཞུ་མི་ཐུབ་མི་སྲིད་མ་རེད་སྙམ་མོ།
་
ང་ལ་ནི། སྤེན་ཚེ་ལ་གོ་སྐབས་ཤིག་སྤྲད་མ་ཐུབ་ན། ཁྲིམས་དང་མི་མཐུན་མཉམ་པ་ཙམ་ལས། རྒྱ་རི་ཐོབ་ནའང་ཐོབ། འབྲོང་ཆུང་ཐོབ་ནའང་ཐོབ། སྤེན་ཚེ་མ་ཐོབ་ནའང་ཆོག་གོ། །།