བཞག་ལྡོམ་ལྗང་ལོ།
འགྲོ་བ་མི་ཞིག་གི་རིན་ཐང་ལ་དཔྱད་དགོས་བ་ཡིན་ན་མི་བུ་དེར་གང་ཡོད་པ་དང་། ཁ་ནས་གང་བཤད་པ་ལ་ལྟ་རྒྱུ་མ་ཡིན་པར་ངེས་བར་དུ་ཁོ་བོས་གང་བྱས་ཡོད་པའི་བདེན་པ་རྣམས་འཚོལ་དགོས་ཤིང་། གལ་སྲིད་བདེན་པ་དེ་དག་འཚོལ་མ་ཐུབ་པ་ཡིན་ན་མི་བུ་དེའི་རིན་ཐང་རྟོགས་དཀའ་བ་ནི་ཆོས་ཉིན་ཞིག་དུ་འཁུམས། དེའི་ཕྱིར། དེ་རིང་ངས་འདི་ནས་ཨ་རིའི་སྲིད་འཛིན་ཋམ་གྱི་མི་ལོ་བདུན་ཅུ་ལྷག་ཙམ་གྱི་རིང་ལ་བྱ་བ་གང་ཞིག་བྱས་ཡོད་པའི་སྐོར་ཁུངས་ལུང་དག་པའི་གསར་འགོད་པ་ཚད་ལྡན་དང་། ཁོ་དང་འགྲོས་ཆ་ཡོད་པའི་མི་འགའ་གཞིར་བཟུང་ནས་བསམ་ཚུལ་འགའ་བཤད། ༼གསལ་བོ་བཤད་རྒྱུ་ཞིག་ལ་Trump གྱི་མིང་དབྱིན་བོད་ཚིག་མཛོད་གང་གི་ནང་ན་མེད་པས་ངས་ཁོའི་མིང་སྒྲ་བསྒྱུར་གྱིས་ཋམ་ཞེས་བྲིས་ཡོད།༽
མཚན་པ་དང་པོ།
ཋམ་གྱི་ཕ་རྒན་(Fred Trump)ནི་ཧ་ཅང་ལམ་འགྲོ་སོང་བའི་ས་ཁང་ (Real estate career)གི་ཚོང་ལས་ཉེར་བའི་ཕྱུག་པོ་ཞིག་དང། ཁོའི་ཕ་མ་གཉིས་ལ་བུ་གསུམ་དང་བུ་མོ་གཉིས་ཡོད་པའི་ནང་ནས་ཋམ་ནི་བཞི་བ་དེ་ཡིན་འདུག ཋམ་ཆུང་དུས་ནས་བདག་འཛིན་ཆེ་ཞིང་གཞན་པའི་དོན་ལ་སེམས་འཁུར་མེད་མཁན་ཞིག་དང། རང་ཉིད་ཀྱིས་གང་དྲན་པ་དེ་བདེན་པ་ཁོ་ནར་འཛིན་པ་ལས་གནས་ལུགས་ལ་མི་མོས་བ་དང། “ལྷག་པར་ཁོ་དང་ཁོའི་ཕ་རྒན་སོགས་ནི་མི་རིགས་དབྱེ་འབྱེད་ཀྱི་གཏམ་གླེང་ལ་དགའ་བོ་ཡོད་པ་དང། ཁོ་སླ྄ོབ་གྲྭ་ལ་འགྲོ་བའི་སྐབས་སུ་སློབ་སྦྱོང་ལ་ཧུར་བརྩོན་དེ་ཙམ་མི་བྱེད་མཁན་ཞིག་ཡིན་པས། ནམ་རྒྱུན་ཁོའི་སློབ་གྲྭའི་ལས་བྱ་ཁོའི་སྲིང་མོ་ཆེ་བས་འབྲི་ཡི་ཡོད་པ་མ་ཟད། ཁོ་སློབ་ཆེན་དུ་འགྲོ་སྐབས་སློབ་ཆེན་ཀྱི་འཛུལ་ཞུགས་རྒྱུགས་སྤྲོད་(SAT)ཀྱང་མི་གཞན་ཞིག་གིས་ཁོ་ལ་བྲིས་བ་”ཡིན་པ་ཁོའི་ཚ་མོ་Mary Trump་གྱིས་ཨ་རིའི་གསར་ཁང་ཚད་ལྡན་གང་མང་ཞིག་གིས་དྲི་བའི་ལན་དུ་བཤད་ཡོད།
(ཚོང་བ་ལས་ངན་པོ་)
ཋམ་གྱིས་ནམ་རྒྱུན་ངས་ཨ་སྒོར་ས་ཡ་གཅིག་མ་ཟིན་ཙམ་ཀྱི་ཚོང་བྱས་ནས་ད་ལྟ་ང་ནི་ཨ་སྒོར་བྱེ་བ་ལས་བརྒལ་བའི་ཧ་ཅང་འབྱོར་ལྡན་པ་ཆེན་པོ་ཞིག་ཡིན་ཟེར་ནས་གཡས་བསྒྲོགས་དང་གཡོན་བསྒྲོགས་བྱས་ཡོད་མོད་ཀྱང། ཨ་རིའི་ནེའུ་ཡོག་དུས་བབས་ཀྱི་གསར་འགོད་པ་ཐྲེམའོ་བྷིརེན་(Tim O’Brien) ཀྱིས་གཉིས་སྟོང་ལྔའི་ལོ་བཏོན་པའི་དེབ་(Trump Nation) ཟེར་བའི་ནང་དུ། དོན་དངོས་སུ་ཋམ་ལ་ཨ་སྒོར་ས་ཡ་$150-250 ཙམ་ལས་ཨ་སྒོར་བྱེ་བ་ལས་བརྒལ་བའི་ཚོང་བ་ཆེན་པོ་དེ་འདྲ་མ་རེད་ཅེས་བདེན་སྤང་དང་བཅས་བཤད་པ་དག ཋམ་གྱིས་མི་དགའ་བའི་རྣམ་འགྱུར་འདྲ་མིན་སྟོན་ཡོད་ཀྱང་མཐའ་མ་ཁོས་ངོས་ལེན་མི་བྱ་ཐབས་མེད་གྱུར་ཡོད་འདུག གལ་སྲིད་དེའི་བསྐོར་རྒྱུས་བ་ཤེས་འདོད་ན་འདི་ནས་ལྟོས: O’Brien’s original report, O’Brien in 2015, William Cohan, The Washington Post.
མ་རྩ་རྡིབ་པ།
བྱ་བའི་ལས་གང་ཞིག་གི་ལམ་ལ་ཞུགས་བ་ཡིན་ཡང་ཡོད་ཚད་ནི་འགྲན་རྩོད་རང་བཞིན་ཡིན་པས། སུ་ཞིག་འགྲན་རྩོད་ལ་མཁས་ན་དེ་ལ་ལམ་འགྲོ་ཡོང་བ་དང། འགྲན་རྩོད་ཀྱི་སྐབས་སུ་སུས་ནོར་འཁྲུལ་མང་བ་བྱས་ན་དེ་ལ་ལམ་ལྷོངས་མི་ཡོང་པ་ནི་རང་བཞིན་ཞིག་རེད། དེའུ་ཕྱིར། ཋམ་ནི་ནོར་འཁྲུལ་གང་མང་ཤོར་བའི་ལས་ངན་ཚོའི་ནང་གི་གཅིག་ཡིན་པའི། ཁོས་ཚོང་ལས་ཀྱི་ལམ་ཁ་འདེམས་པ་ནས་དེ་རིང་བར་དུ་ཁོ་ལ་བྱ་བ་ལམ་འགྲོ་མ་སོང་ཞིང། དོམ་སྐད་དམ་མ་རྩ་ཐེངས་བཞི་ལྷག་བརྡིབས་Bankruptcies)འདུག
སྤྱི་ལོ་༡༩༨༠ལོ་མཇུག་ཙམ་དུ་ཋམ་གྱིས་ཨ་རའི་མངའ་སྡེ་New Jersey ནེའུ་ལྗར་སེ་གྲོང་ཁྱེར་་Atlantic City ནས་Casino རྒྱལ་སྐུག་ཁང་Taj Mahal ཐྲ་ཅིམཧའ་ཟེར་བ་ཞིག་འཛུགས་བསྐྲུན་བྱེད་འགོ་ཚུགས་ཏེ། དེ་བཟོ་བ་ལ་དངུལ་ཀྱི་འགྲོ་སོང་ཤིན་ཏུ་ཆེན་པོ་ཡིན་པར་བརྟེན། ཁོས་དངུལ་ཁང་ལས་བུ་ལོན་Junk bonds ཟེར་བའི་སྐྱེད་ཀ་ཧ་ཅང་མཐོ་བའི་རིགས་དེ་བླངས་འདུག་མོད། འོན་ཀྱང། སྤྱི་ལོ་༡༩༩༡ ལོ་ཁོས་བུ་ལོན་ཀྱི་མ་རྩ་མ་དགོས་སྐྱེད་ཀ་ཡང་སྤྲོད་མ་ཐུབ་པའི་རྒྱུ་མཚན་ཀྱིས། ཁོས་དོམ་སྐད་Bankruptཐེངས་དང་བོ་དེ་བརྒྱབས།
ལོ་གཅིག་གི་རྗེས་སུ་ཋམ་གྱི་རྒྱལ་སྐུག་ཁང་གཞན་པ་Tump Plaza ཞེས་བ་དེ་ནས་ཨ་སྒོར་ས་ཡ་$550ལྷག་གི་ཚོང་བརྡིབས་ཤིང། སྤྱི་ལོ་༡༩༩༢ ལོའི་འཇུག་ཁོས་དོམ་སྐད་གཉིས་པ་བརྒྱབས་སྐབས་ཁོ་ལ་ཨ་སྒོར་ས་ཡ་$900ལྷག་གི་ཚོང་བརྡིབས་འདུག
ཡང་སྐྱར་སྤྱི་ལོ་གཉིས་སྟོང་བཞི་ལོ་ཋམ་གྱི་མགྲོན་ཁང་དང་རྒྱལ་སྐུག་ཁང་(Hotels and Casino Resorts) གཞན་དག་ལས་ཨ་སྒོར་བྱེ་བ་གཅིག་དང་ས་ཡ་རྒྱད་ཀྱི་ཚོང་བརྡིབས་པར་རྟེན། ཁོས་དོམ་སྐད་ཐེངས་གསུམ་པ་དེ་བརྒྱབས་འདུག
སྤྱི་ལོ་༢༠༠༩ ལོ་ཨ་རིའི་ས་ཁང་གི་ཚོང་ར་མར་ཆགས་པའི་རྐྱེན་བྱས་ཏེ་Trump Entertainment Resorts ནས་ཡང་སྐྱར་ཚོང་བརྡིབས་ཏེ་མཐའ་མ་དེ་དག་གི་སྒོ་ཡང་རྒྱབ་དགོས་བྱུང་འདུག། གལ་སྲིད་དེའི་བསྐོར་རྒྱུས་བ་ཤེས་འདོད་ན་འདི་ནས་ལྟོས: The Washington Post, William Cohan
མཇུག་མུ་འགོད་=མཚན་པ་གཉིས་པའི་ནང་དུ་ཋམ་གྱི་ཁྲིམས་འགལ་སྐོར་ནས་བཤད་ཡོང་ང་།
རྒྱ་ཆེ་ཀློག་པ་རྣམས་ལ་ཞུ་རྒྱུར་། གོང་དུ་བཀོད་རྩོམ་གྱི་ནང་དུ་དྲ་ཚིགས་ཀློག་མི་ཐུབ་པས་
བསྐྱར་དུ་འདིར་བཀོད་ཡོད་།
https://www.nytimes.com/2005/10/23/business/yourmoney/whats-he-really-worth.html
བཟང་གི དོན་དངོས་དག་བཤད་ཤོག
ད་མགོ་སྐོར་མ་གཏོང་རོགས། ཤེས་ལ་མ་ཤེས་སྐད་ཆ་མ་བཤད། དྲ་ཐོག་ཏུ་ལྟོས་དང་ཁོང་ལ་ཨ་སྒོར་ཅི་ཙམ་ཡོད་མེད་ཤེས་སླ། ནེའུ་ཡོག་གི་ཁོང་གི་ཁང་བརྩེགས་ལ་ལྟོས་དང་དངུལ་ཅི་ཙམ་ཡོད་མེད་ཚོད་ཤག་བྱེད་ཐུབ། སྤྱིར་ན་ཁོང་གིས་གཞུང་ལ་བྱ་ཁྲལ་འཇལ་ཡོད་མེད་ཀྱི་སྐད་ཆ་མང་པོ་ཞིག་འདུག་མོད། སོ་སོའི་ཁ་ནང་ལ་སྐོར་ནས་བསམ་བློ་ཐོངས་དང་ཤེས་སླ། ཨ་རིའི་ན་ཡོད་པའི་བོད་པ་ཕལ་མོ་ཆེ་གཞུང་ལ་བྱ་ཁྲལ་གྱི་མགོ་སྐོར་གཏོང་དང་གཏོང་བཞིན་པ་ཡིན། ཁྱོད་ཀྱང་ཨ་རི་ན་ཡོད་པ་ཞིག་ཡིན་ཚེ་མགོ་བསྐོར་གཏོང་བཞིན་ཡོད་ངེས་རེད། མི་ཁ་ཤས་ལ་ངོ་ཚ་ཞིག་གཏན་ནས་མེད་པ་འདི་ཅི་ཞིག་ཡིན་ནམ། ཨ་ཁ་ཁ། མི་འདིའི་རིགས་ཀྱི་ཁ་ནང་ལ་རྡོ་ལག་པ་ལྟ་བུ་འཇོག་དགོས་རེད། ངོ་ཚ་མེད་པ་ལ། ཁྱེད་ཀྱི་དངུལ་བྱང་དུ་ཨ་སྒོར་ཁྲི་་ཙམ་ཞིག་ཀྱང་ཨེ་ཡོད་ན། །
[Forbes]
In its 2019 billionaires ranking, Forbes estimated Trump’s net worth at $3.1 billion (715th in the world, 259th in the U.S.) as of 5 March 2019.
ཌོ་ནལ་ ཏོ་རོམ་མཆོག ཆབ་སྲིད་པ་མཁས་པ་ཞིག་ཡིན་མིན་མི་ཤེས་ཀྱང་། ཕྱུག་བདག་ཅིག་ཡིན་པ་ནི། ཀུན་གྱིས་ཤེས་ཐུབ། ཁོང་རང་གི་ཕ་མེས་ཚོས་ཨ་རིར་སྐྱབས་བཅོལ་གནས་སྤོས་ཀྱི་ལོ་ཐོག་མ་ནས་དཔལ་འབྱོར་གསོག་སྒྲུབ་ལ་འབད་པ་ཚད་མེད་བྱས་པ་ཞིག་གསལ་ཡོད་རེད། ཁོང་གི་ཕའམ། སྤོ་པོ་གང་རུང་ཞིག་གིས་གཞང་ཁང་ཚོང་གཉེར་བྱས་པའང་། ཚགས་པར་ནང་ལ་འཁོད་ཡོད་རེད་དོ།།
རེད་དེ་རིག་བྱུང་ལགས་། གལ་སྲིད་Tump གྱིས་བཤད་པ་ནང་བཞིན་འབྱོར་བ་དེ་འདྲ་ལྡན་ན་། ཨ་རི་སྲིད་འཛིན་༣༨ Gerald Ford ནས་Tump བར་དུ་། སྲིད་འཛིན་རྣམས་པས་ལོ་བཅུ་རེའི་དཔྱ་ཁྲལ་མང་ཚོགས་ཀྱི་་མིག་ལམ་དུ་སྟོན་ཀྱི་ཡོད་། Tump ད་དུང་ཡིན་ཡང་ངོ་་ལྐོག་གཉིས་ནས་ཁོའི་དཔྱ་ཁྲལ་གཞུང་ལ་སྤྲད་པ་དག་མི་མང་ལ་མི་ཤེས་ཐབས་བྱེད་པ་ག་རེ་ཡིན་ནམ་?
གང་ལྟར་། གུས་པར་ཋམ་གྱི་དབུལ་ཕྱུག་བསྐོར་ལ་རྫུན་བཤད་དགོས་པ་མེད་། གལ་སྲིད་ཉིད་དེའི་བསྐོར་ཤེས་འདོད་ན་དྲ་ཚིགས་འདི་རེད་།
https://www.nytimes.com/2005/10/23/business/yourmoney/whats-he-really-worth.html
གསལ་བྱེད་བཤད་དགོས་ཤིག་ལ། forbes ནང་དུ་ཚུད་པ་ལ་ང་ལ་འདི་ཙམ་ཡོད་ཟེར་བ་ཙམ་གྱིས་ཚུད་ཐུབ་ཀྱི་ཡོད་པ་མ་རེད། ཁོང་ཚོས་ཡོད་དང་མེད་ཀྱི་ཞིབ་འཇུག་བྱས་ནས་ཕྱུག་པོའི་གྲལ་དུ་འཇོག་པ་ལས་ཚོད་དཔག་ཙམ་མ་རེད། །
Forbes estimated Tump’s net ཚོད་དཔག་བྱས་ན་ཟེར་འདུག་མ
གཏོགས་100% ཟེེེར་མི་འདུག
ཁྱི་ལ་ལས་རིག་ནས་ཟུག། ཁྱི་ལ་ལས་མ་རིག་པར་ཟུག། ཁྱོད་ནི་མ་རིག་པར་ཟུག་ལ་དགའ་བའི་ཨ་རི་ནང་གཏོར་ཚོགས་པའི་ཚོགས་ཞུགས་པ་ཞིག་ཡིན་པ་འདྲ།
རེད་དེ།
ཁྱེད་ཚོ་ལ་རྒྱལ་ཁ་རྩ་ནས་ཐོབ་མི་ཡོང་། རྒྱུ་མཚན་ནི། ཁྱེད་ཚོས་བཤད་ཚད་ནི། རྫུན། གཡོ། ཧམ་པ། ཁྲམ་པ། འཕྲོག་བཅོམ། གཏོར་བཅོམ། ཐུབ་ས་ལ་ཐུབ་ཚོད། སྡར་མ་ལ་འཇིགས་སྐུལ། རང་རྒྱལ་གཞན་ཕམ། མིའི་བྱ་སྤྱོད་ལས་རྒལ་བ། བདུད་ཀྱི་མོས་ལ་ཞུགས་པའི་ཀུན་སློང་ངན་པ་ཅན་ཚོ། ཨ་རི་ཙམ་མ་ཟད་འཛམ་གླིང་ཡོངས་ཀྱིས་མཐོང་བསྡད་པ་ཞིག་རེད། དེ་འདྲ་ལ་རྒྱལ་ཁ་ཕར་བཞག། ཕམ་ཁ་ཆེན་པོ་ཉོ་རན་པའི་དུས་ཤར་གྲབས་ཡིན་པ་ཤེས་དགོས།
མི་སྐྱོན་མེད་འཛམ་བུ་གླིང་ལ་མེད། ཤིང་མཛེར་མེད་རྒྱ་རྫོང་ནགས་ན་མེད། སྐྱོན་ཡོན་ཚད་ན་ལྗིད་ཚད་ཀྱིས་ཤེས་ཡོང་། ཁོང་ཆབ་སྲིད་པ་ཆེན་པོ་ཞིག་མ་རེད། ཡིན་ན་ཡང་། ཁོང་ནི་ཚོང་པ་ཆེན་པོ་ཞིག་རེད། ཁོང་ཨ་རི་མི་མང་ལ་དགོས་བའི་མི་དེ་རེད། ཁོང་ང་ཚོ་ནང་བཞིན་རང་གི་མི་ཚང་གི་རྒྱབ་ལྟོ་ལ་ཉིན་ལས་མཚན་ལས་གཉིས་ཀ་བྱེད་ཕོད་པའི་ཨ་ཕ་ངོ་མ་དེ་རེད། ང་ཚོ་ཡོད་ཚད་ཚོང་ལས་འཚོ་དགོས་བ་རེད།
ཆབ་སྲིད་པ་ལས་ཚོང་པས་དགའ། གྲོགས་པོ་ལས་བུ་སྤུན་གྱིས་དགའ། ཁ་བཤད་ལས་ལག་ལེན་པ་དགའ། གཞན་ཞིག་ནི། ཁོང་གི་མིང་ལ་ཋྲུམཔ་ཟེར་ནི་རེད། ཁྱོའི་སྒྲ་བསྒྱུར་སྒྲ་ལོག་རེད། ཋྲུམཔ་རྒྱལ་བ་ནི་འཛམ་གླིང་རྒྱལ་བ་ཡིན་པས། ཋྲུམཔ་རྒྱལ་ལོ།
ད་ཁྱོས་ཤེས་ཁུལ་གྱིས་ཅིག་འབྲི་འདོད་ཡིད་པ་འདྲ། ང་ཚོས་ཁྱོད་ལས་མང་པ་ཤེས་ཀྱི་ཡོད། རང་གིས་རང་སྡུག་མ་བྱས་ན་རང་སྐྱིད་པོ་ཡོང་པ་ཨ།
གནམ་: དེ་འདྲའི་ངར་མ་ལངས་མ་གཏོགས་སྙིང་རླུང་འཕར་ཡོང་ང་།
རེད་དེ་། རྨ་བརྗོད་རང་དབང་ནི་མང་གཙོའི་ལོངས་སྤྱོད་ཡིན་ལ་། བདེན་པ་ནི་མང་གཙོའི་སྟོབས་ཤུགས་ཡིན་། དེའི་ཕྱིར་། ང་རང་གི་བྱ་བ་དང་འབྲེལ་བ་ཅུང་ཙམ་ཡོད་པའི་རྒྱུད་རིམ་ཁྲོད་ནས་གང་ཤེས་བ་དེ་། གསར་ཁང་ཚད་ལྡན་པ་ཚོའི་གསར་འགྱུར་ཁུངས་དག་པ་རྣམས་བདེན་དཔང་བྱས་ནས་ཁ་བརྡའི་དྲ་གྲོགས་ཚོར་བསམ་ཚུལ་བརྗེ་རེ་ཙམ་དུ་བྲིས་བ་ལས་ང་རྒྱལ་དང་ཁྱོད་ཕམ་ཅེས་བྱིས་བ་ལྟ་བུ་བྱེད་འདོད་མེད་། ལྷག་པར་ཁྱོད་ལྟ་བུ་སེམས་ལ་མ་ཤར་གོང་ལ་ཁ་ནས་གཡག་གི་ལྕི་བ་གཏོང་གཏོང་བྱེད་མཁན་ཞིག་མིན་། ཁྱོད་རང་གིས་Tump གྱི་བསྐོར་ང་ལས་མང་བ་ཤེས་ཀྱི་ཡོད་ན་། རྒྱུ་མཚན་དང་དཔང་བོ་བཅས་བྲིས་ཤོག་དང་དགའ་བསུ་ཡོད་།
བོད་མི་ཁྱོད་ཚོ་འདྲ་བ་རེ་གཉིས་ཀྱིས་ཕོ་རྒོད་ཁྲོམ་ཕི་ལགས་སྐྱོན་བརྗོད་བྱེད་བསྡད་པ་འདིས་ཕོ་རྒོད་ཁོང་ལ་གནོད་པ་སྤུ་ཙམ་མི་ཐུབ། མ་འོང་བོད་ལ་རོགས་སྐྱོར་ཡོང་བར་གནོད་པ་བསྐྱལ་ཐུབ་ཙམ་རེད།
གནམ་: དེ་འདྲའི་ངར་མ་ལངས་མ་གཏོགས་སྙིང་རླུང་འཕར་ཡོང་ང་།
རེད་དེ་། རྨ་བརྗོད་རང་དབང་ནི་མང་གཙོའི་ལོངས་སྤྱོད་ཡིན་ལ་། བདེན་པ་ནི་མང་གཙོའི་སྟོབས་ཤུགས་ཡིན་། དེའི་ཕྱིར་། ང་རང་གི་བྱ་བ་དང་འབྲེལ་བ་ཅུང་ཙམ་ཡོད་པའི་རྒྱུད་རིམ་ཁྲོད་ནས་གང་ཤེས་བ་དེ་། གསར་ཁང་ཚད་ལྡན་པ་ཚོའི་གསར་འགྱུར་ཁུངས་དག་པ་རྣམས་བདེན་དཔང་བྱས་ནས་ཁ་བརྡའི་དྲ་གྲོགས་ཚོར་བསམ་ཚུལ་བརྗེ་རེ་ཙམ་དུ་བྲིས་བ་ལས་ང་རྒྱལ་དང་ཁྱོད་ཕམ་ཅེས་བྱིས་བ་ལྟ་བུ་བྱེད་འདོད་མེད་། ལྷག་པར་ཁྱོད་ལྟ་བུ་སེམས་ལ་མ་ཤར་གོང་ལ་ཁ་ནས་གཡག་གི་ལྕི་བ་གཏོང་གཏོང་བྱེད་མཁན་ཞིག་མིན་། ཁྱོད་རང་གིས་Tump གྱི་བསྐོར་ང་ལས་མང་བ་ཤེས་ཀྱི་ཡོད་ན་། རྒྱུ་མཚན་དང་དཔང་བོ་བཅས་བྲིས་ཤོག་དང་དགའ་བསུ་ཡོད་།
ཅོ་རོ་ལགས་། སེམས་ཁྲལ་མ་བྱེད་། བོད་མིའི་ཚབ་བྱས་ནས་སྐད་ཆ་བཤད་ཚུལ་དང་། གང་ཟག་སྒེར་ངོས་ན་སྐད་ཆ་བཤད་ཚུལ་ལས་ངས་སྒེར་ངོས་ནས་བཤད་ཀྱི་ཡོད་། མ་བཞི་ལས་གང་ཞིག་བྱེད་ཀྱང་རང་ཉིད་ལ་ཡིད་ཆས་དང་སྤོད་པ་མཐོ་དགོས་བ་ལས་དམའ་ན་གྱོང་རོག་གི་རེད་།