གཅན་ཚ་སྒྲོལ་མ་གཡང་སྐྱིད།
ཁྱོད་ཀྱིས་ང་ལ་ཨ་ཅེ་མ་འབོད་རོགས།
ཨ་ཅེ་ཞེས་པའི་ཡིག་འབྲུ་གཉིས།
རི་རབ་ཅིག་དང་འདྲ་བར།
འུ་གཉིས་ཀྱི་བར་ལ་ཟུག་དུས།
ངའི་སེམས་ལ་སྨྲ་མི་ཤེས་པའི་བར་ཐག་ཅིག་བྱིན་ཡོང་།
འཛུམ་གྱི་མེ་ཏོག་དང་།
གཏམ་གྱི་བདུད་རྩི་ལ་རོལ་དུས།
ཁྱོད་ཀྱིས་ང་ལ་ཨ་ཅེ་མ་འབོད་རོགས།
ཡིག་འབྲུ་དེས་ངའི་སེམས་ལ་ན་ཟུག་བསླངས་འགྲོ།
ངའི་དྲན་ངོགས་སུ།
མེ་ཏོག་དང་སྤང་ལྗོངས།
གངས་རི་དང་གཙང་བོ།
དག་གཙང་གི་མཛེས་སྡུག་ཡོད་ཚད།
ཁྱོད་ཀྱི་མིག་ཀོང་ན་འཛུམ།
སྙིང་ཉེ་ལགས།
དུང་ཤ་དང་སྙིང་གཏམ་བསྲེས་ཏེ།
བྲང་ཤ་སྦྱོར་དུས།
ང་རང་ཆེས་སྐྲག་ས་ནི།
ཁྱོད་ཀྱིས་ང་ལ་ཨ་ཅེ་ཞེས་འབོད་པ་དེ་རེད།
ཁྱོད་ཀྱིས་ང་ལ་ཨ་ཅེ་མ་འབོད་རོགས།
ཁྱོད་ཀྱིས་ང་ལ་འཛུམ་དཀར་སྟོན།
ང་ཡིས་ཁྱོད་ལ་བརྩེ་བ་སྦྱིན།
མཛེས་པའི་རྨི་ལམ་གྱི་ངོགས་ནས།
འུ་གཉིས་ཀྱིས་ཞེ་འདང་གི་འོད་སྣང་འཚོལ།
ཁྱོད་ཀྱིས་ང་ལ་ཨ་ཅེ་མ་འབོད་རོགས།
གཅན་ཚའི་སྒྲོལ་མ་གཡང་སྐྱིད།
ཁྱོད་སྐྲག་པ་རང་མ་གནང་།
འཇིག་རྟེན་གྱི་བྱ་གཞག་ལ།
མགོ་འཇུག་ཅིག་ཡོད་ངེས་པས།
ཨ་ཅེ་འབོད་པ་དེ་ཡང་།
སྙིང་གི་དུམ་བུའི་ལམ་བུ་རེད།
གལ་སྲིད་ཁྱོད་རང་མདོག་ཉེས་གཅིག་དང་།
སྐད་ཆའི་སྒྱུ་རྩལ་གྱིས་དབེན་པ་ཞིག་ཡིན་ན།
དེ་ནི་ཨ་ཅེ་ནས་གཞན་དུ་འགྲོ་མི་ཐུབ།
གནམ་རྒན་མས་ཁྱོད་ལ་བསྐོས་པའི་ལས་རེད།
དེ་མིན་ན།
སེམས་ཤུགས་མ་ཆགས།
རེ་བའི་ཉི་ཟེར་འཆར་ངེས།
མ་སྐྱེས་ཨ་མར་ཨ་ཅེ་མ་འབོད་ན། །
ཨ་ཅེ་ལས་ལྷག་སྙིང་སྡུག་ག་ནས་འོངས། །
ཨ་མའི་རྗེས་སུ་ཨ་མ་གཉིས་པ་དེ། །
སྙིང་སྡུག་མ་ལས་གཞན་པ་སུ་ཞིག་འོངས། །
ཁག་མེད་ཀི ཨ་ཅེ་དང་ཨ་ཀ་ཟེར་བ་དེ་དག་གིས་སྐབས་རེར་བར་ཐག་ཇེ་རིང་ལ་གཏོང་ག ཧ་ཧ་ཧ
གྱེར་ཡོད།