བློ་གྲོས་རབ་བརྟན།
ང་ཚོས་སྲིད་སྐྱོང་འདེམས། འདེམས་སྟངས་ལ་བལྟས་ན་སྐད་ཆ་གཅིག་མ་གཏོགས་ཤོད་རྒྱུ་མེད། དེ་ནི་ཤེས་འཇོན་ལྷག་གསུམ་བཤད་ནས་ཡོང་སྟེ། ད་ལྟའི་སྲིད་སྐྱོང་བདམས་པ་རེད་ལ། མ་འོངས་པའི་སྲིད་སྐྱོང་ཀྱང་དེ་ལྟར་འདེམས་རྒྱུ་རེད། ག་ཚོད་བར་དུ་དེ་ལྟར་བཤད་དགོས་པ་རེད། བཤད་བཤད་ནས་རྫོགས་རྒྱུ་ཡོད་ན་དེ་ནས་སྐད་ཆ་གཞན་ཞིག་བཤད་ཆོག་ཀྱང་། ད་དུང་ལོ་ངེས་ཅན་ཞིག་ལ་རྫོགས་རྒྱུ་མིན་པ་གསལ་བོ་རེད།
མ་གཞི་ནས་བོད་མི་ཚོའི་ཀླད་པར་འགྱུར་བ་མ་ཐེབས་ན་སྐད་ཆར་གང་ནས་འགྱུར་བ་ཐེབས། བོད་མི་ཚོའི་ཀླད་པ་ས་སྟེང་གི་ཀླད་པ་བེད་སྤྱོད་ཉུང་ཤོས་དང་གསར་ཤོས་སུ་གྱུར། མིའི་རིགས་ཀྱི་ཀླད་པ་ནི་བེད་སྤྱད་དེ་སྤྱང་གྲུང་འཛོམས་ལ། ཆེ་ས་དང་གནད་འགག་གང་ཡིན་འཇུ་ཐུབ་ཅིང་། རྒྱལ་ཁབ་དང་མི་རིགས་ཡར་རྒྱས་གོང་འཕེལ་ལ་ཁྲིད་དེ། སྲིད་འབྱོར་རིག་གསུམ་གྱི་བདེ་སྐྱིད་ལ་རོལ་བཞིན་ཡོད།
རྒྱལ་སྤྱིའི་འཁོར་ཕྱོགས་དང་། རྒྱ་དཀར་ནག་གི་གནས་སྟངས། བོད་ཕྱི་ནང་གི་འགྱུར་ལྡོག་ལ་གཞིགས་ནས་ཐབས་ལམ་གསར་བ་འཚོལ་ཐུབ་མཁན་ཞིག་འདེམས་མི་ཤེས་ཤིང་། དེ་ལྟར་འཆར་སྣང་ཡོད་པའི་འོས་མི་ཞིག་ཀྱང་མངོན་མི་ཐུབ་པ། ག་དུས་ཡིན་ནའང་རང་བཙན་དང་དབུ་ལམ་རྐྱང་ལབ་ཀྱིན་ཡོད་ལ། ཉིན་མ་རེ་རེ་བཞིན་རྒྱལ་སྤྱིའི་གནས་བབ་འགྱུར་བཞིན་ཡོད་ཀྱང་། ང་ཚོས་སྐད་ཆ་རྙིང་བ་དང་ཐབས་ལམ་རྙིང་བ་ལབ་གླེང་དང་དེར་འཇུས་ནས་བསྡད་ཡོད།
རྒྱ་ནད་དང་འབྲེལ་ཏེ་རྒྱ་དམར་གཞུང་ལ་རྒྱལ་སྤྱི་ནས་ལྟ་སྟངས་ག་ཚོད་འགྱུར་བ་འགྲོ་མུས་རེད། དེས་ཅི་ཞིག་སྟོན་ཡོང་གིན་འདུག བོད་དོན་ལ་ལམ་ཁ་ག་འདྲ་འདུག་གམ། བྱེད་དགོས་པ་དང་ཤེས་དགོས་པ་མང་པོ་ཡོད་ཡོད་པ་རེད་དེ། ང་ཚོ་ལ་དེ་དག་གླེང་སྟེ་སྲིད་སྐྱོང་ལ་ལངས་ནི་ཞིག་མེད་ཚོད་རེད། ང་ཚོས་དེ་དག་གཞི་རྩར་བཞག་ནས་སྲིད་སྐྱོང་ལ་ལྟ་མཁན་གྱི་མི་མང་ཞིག་ཀྱང་དེ་བས་དཀོན་པོ་རེད། ཉི་མ་ནམ་ཤར་ལ། བོད་པའི་སྤྱི་ཚོགས་ཆུང་ཆུང་འདིའི་ནང་གི་ཁྱོའི་ཁ་དང་ངའི་སྣ་བརྩད་ནས་བསྡད་ཡོད།
དབུ་མའི་ལམ་དང་རང་བཙན་ཟེར་ནས་ནང་ཁུལ་དུ་ཁ་འཛིང་སློང་བ་དང་། དེ་ནས་ཆོལ་ཁའི་ཞེན་ཁོག་གཡག་རོ་ཙམ་འཁྱེར་ཏེ། ཅིག་བཟང་བཟང་དང་ངན་རབས་བཤད་ནས་ཆོས་ཀྱི་སྔ་རི་དང་འཇིག་རྟེན་ཕྱི་རི་མེད་མཁན་ཚོ་དྲ་ལམ་དུ་བརྫིང་། དེ་ནས་དྲ་ཚོགས་བཙུགས་ཏེ་ཉིན་མཚན་གཉིས་ལ་ནང་འཁྲུག་གི་སྐད་ཆ་བཤད་རེ་དང་ཉན་རེ་བྱས་བྱས་པའི་མཐའ་མར། མི་རིགས་གཅིག་ཡིན་པའི་འདུ་ཤེས་བརླག་སྟེ་ཆོལ་ཁའི་ཞེན་ཁོག་གི་མེ་ལྕེ་ཇེ་འབར་དུ་གཏོང་གི་ཡོད།
རང་ཉིད་ཀྱི་འགོ་ཁྲིད་འོས་འདེབས་བྱེད་པ་ནི་མང་གཙོའི་རིན་ཐང་ཡོད་ན་མེད་ན་དེ་རེད་དེ། བོད་མི་ཚོས་སྲིད་སྐྱོང་འོས་འདེམས་ནི་ཆོལ་ཁའི་ཞེན་ཁོག་གཞི་ལ་བཞག་སྟེ། དཔུང་བསྒྲིགས་ནས་འོས་འདེམས་བྱེད་ཀྱིན་ཡོད། འོས་འདེམས་དེས་མཐུན་སྒྲིལ་གཏོར་ཞིང་། རྩ་དོན་བརླག་པ། ཆགས་སྡང་སྤེལ་ཏེ་ནང་འཁྲུག་སློང་གི་ཡོད། དེ་ནི་མང་གཙོའི་རིན་ཐང་ལ་གོ་རྟོགས་མེད་མཁན་ཚོས་གོ་སྐབས་དེ་ལོག་པར་སྤྱད་དེ་མི་རིགས་ཀྱི་མདུན་ལམ་ལ་གྱོང་སྤྲོད་ཀྱིན་ཡོད།
ལས་ཐོག་སྲིད་སྐྱོང་བློ་སེང་འདིས། བོད་པའི་སྤྱི་ཚོགས་འདི་འོས་འདེམས་ཀྱི་ལམ་ཁ་ཡག་པོ་ཞིག་ཏུ་ཁྲིད་ཐུབ་མ་སོང་། མང་གཙོའི་འོས་འདེམས་ཀྱི་འགྲོ་སྟངས་ཚུལ་མཐུན་ཞིག་སྤྱི་ཚོགས་སུ་འཛུགས་ཐུབ་མ་སོང་། བློ་སེང་ཁོ་རང་ལ་རྒྱལ་ཁ་ཐོབ་ཐབས་ཁོ་ན་དོན་དུ་གཉེར་སོང་བས་སྤྱི་ཚོགས་སུ་ཤུགས་རྐྱེན་ངན་པ་ཐེབས་ཏེ། ཆོལ་ཁའི་ཞེན་ཁོག་གི་དབང་དུ་མ་སོང་བར་གང་ཟག་རང་གི་འཇོན་ཐང་དང་ཕུགས་བསམ་ལ་བལྟས་ཏེ། འགོ་ཁྲིད་ཚད་ལྡན་ཞིག་འདེམས་ཐུབ་པའི་ལམ་ཁ་ཞིག་རྙེད་དཀའ། དེ་ནི་འགོ་ཁྲིད་ངན་པའི་ཤུགས་རྐྱེན་དེས་སྤྱི་ཚོགས་ལ་བརྡབ་གསིག་ཐེངས་སྟངས་ཤིག་ཀྱང་རེད།
རྒྱབ་སྐྱོར་བ་རུལ་སུངས་ཚོས། གང་ཟག་ཆེ་གེ་མོ་སྲིད་སྐྱོང་ལ་འོས་རབས་ཟེར་ནས་རྙོག་གཏམ་གྱི་སྒྲ་སྒམ་བཟོས། བརྙན་བཟོས། བསྟོད་གཞས་དང་བསྟོད་ཚིག་འདྲ་བོ་འཁྱར་འཁྱོར་རེ་བྲིས་ཏེ་དཔག་ཚོད་ཀྱིས་སྤྱི་ཚོགས་སུ་བཀྲམས། ང་ཚོ་ལ་དགོས་པ་དེ་བསྟོད་གཞས་་དང་བསྟོད་ཚིག་མ་རེད། ཁོའི་ལས་འཆར་གསར་པ་འདི་རེད། བོད་དོན་ཐད་ནས་འདི་རེད། བོད་མིའི་མཐུན་སྒྲིལ་ཐད་ནས་འདི་རེད། ཅེས་གཞན་ལས་འཕགས་པ་ཞིག་ཡིན་ན་ཡིན་ཚུལ་གནད་དོན་འདི་དག་ཐད་ནས་བསྟན་དགོས། དེ་མེད་ན་ངན་པས་རང་བསྟོད་རེད། རུས་མས་བུ་བསྟོད་རེད།
ང་ཚོའི་སྤྱི་ཚོགས་སུ་གང་ཡང་མི་ཤེས་ཞིང་ཅི་ཡང་མི་བསམ་པར་ཞེན་ཁོག་ཁོ་ན་གཙིགས་སུ་འཛིན་མཁན་མང་ལ། མི་དེའི་རིགས་ལ་མཚོན་ན། སྲིད་སྐྱོང་འོས་འདེམས་ནི་ཁ་བརྡར་ས་ཡོད་ན་མེད་ན་དེ་རེད། ད་དུང་རྒྱ་དམར་གྱི་ལྐོག་དངུལ་ལེན་མཁན་ནས་དོལ་རྒྱལ་ཁ་ལ་འཁྱེར་མཁན་ཚོས་བོད་པའི་སྤྱི་ཚོགས་སུ་མི་དྲག་པ་ཀུན་གྱིས་བཀུར་བཞིན་པ། སྲིད་སྐྱོང་འོས་མིར་ལངས་མེད་ནའང་ལངས་མཁན་དག་དང་མཉམ་དུ་སྦྱར་ཏེ། སྒྲོ་འདོགས་འདྲ་མིན་གྱིས་བོད་མི་ཚོར་དོགས་པ་ཟ་རུ་འཇུག་ཅིང་། ཐ་ན་གོང་ས་མཆོག་ཀྱང་མར་འཐེན་ཏེ་བོད་པའི་སྤྱི་ཚོགས་འདི་ཕན་ཚུན་ཡིད་ཆེས་དཀའ་བ་བཟོ་བའི་གོ་སྐབས་ཡག་ཤོས་དེ། ཁོང་ཚོར་མཚོན་ན་སྲིད་སྐྱོང་འོས་འདེམས་འདི་རེད།
ཉིས་སྟོང་བཅུ་གཅིག་དང་བཅུ་དྲུག་ལོའི་འོས་འདེམས་སྐབས་སུ། སྲིད་སྐྱོང་ལ་ལངས་མཁན་གཙོ་བོ་བློ་སེང་རེད། ཁོས་ཕྱོགས་རེས་དང་ཆོལ་ཞེན་གྱི་ལམ་ནས་འོས་འདེམས་ལ་རྒྱལ་ཁ་ཐོབ་ཐབས་དོན་དུ་གཉེར་སོང་བས། མུ་མཐུད་དེ་ཉིས་སྟོང་ཉེ་གཅིག་ལོའི་འོས་འདེམས་ཡང་ཆོལ་ཞེན་གྱི་དབང་དུ་འགྲོ་དགོས་པ་བཟོས་པ་རེད། འདི་ནི་བློ་སེང་གི་བོད་མིའི་འོས་འདེམས་ལ་བཞག་པའི་ལམ་ཁ་རེད་ལ། མ་འོངས་པའི་འོས་འདེམས་འགྲོ་སྟངས་འདི་འདྲ་བརྒྱུད་དེ་བཙན་བྱོལ་བོད་མི་ཚོ་རྩ་བ་ནས་འཐོར་ཞིག་ཏུ་འགྲོ་སྲིད། གནད་དོན་འདིའི་འགོ་འཛུགས་ས་ད་ལྟའི་སྲིད་སྐྱོང་བློ་སེང་ཡིན་པ་བསྙོན་དུ་མེད་དོ།།
ཁྱེད་བདེན། རྫོགས་རྒྱུ་མེད་པའི་སྐད་ཆ་ཤེས་འཇོན་ལྷག་གསུམ་བཤད། ག་ནས་རྫོགས་། དེ་གསུམ་མེད་པའི་བོད་རྒྱལ་ཁབ་བསྐྱལ། དམའ་མཐར་ཡང་མི་སྤྱིའམ་མང་བའི་སྤྱོད་པའི་སྐད་ཀྱང་མི་ཤེས། རང་གི་རྒྱལ་ཁབ་སྲུང་བའི་འཇོན་སྟངས་མེད། ཆོལ་གསུམ་རྒྱས་ཐབས་ཀྱི་ལྷག་བསམ་གྱི་དབུལ། ད་བོད་མ་རྒྱལ་བར་ཤེས་འཇོན་ལྷག་གསུམ་མ་ཎི་བཞིན་བགྲང་དགོས། ནང་པའི་གཞུང་ལྟར་འཁོར་བ་མ་སྟོང་བར་རམ་སངས་མ་རྒྱས་བར་ཤེས་འཇོན་ལྷག་གསུམ་རྫོགས་རྒྱུ་ཡོད་ཆོག།
བོད་མི་དཀྱུས་མིའི་ཁྱིམ་ནས་སྲིད་སྐྱོང་དེ་ ༢༠༡༡ ལོར་ཐོབ་པ་རེད། དེ་བློ་སེང་ལགས་རེད། དེ་དུས་ཆོལ་ཁའི་ཞེན་གྱི་རྙོག་ཁྲ་གོ་མ་བྱུང། ༢༠༡༦་ལོར བློ་སེང་ལ་ཐོབ་རེད། བློ་སེང་མི་གཅིག་ལ་སྐབས་དང་པོར་རྙོག་ཁྲ་མ་བྱུང་བ་སྐབས་གཉིས་པར་རྐྱེན་གང་གི་མ་བྱུང་ངམ། ཁ་ལྟད་ལ་ར་ལུས་མིན་འདུག་གས། དེ་དུས་ཁ་ལྟད་དེ་སྤེན་ཚེ་རེད། རྐྱེན་དེ་རེད་བསམ། ལོ་རྒྱུས་ལ་ཞིབ། ངས་བལྟས་ན་རྙོག་ཁྲའི་སྒམ་ཆུང་རེད་ཟེར་ན་མ་ཆུང་ཡང་ཆེ་མེད། དམངས་གཙོ་རེད། རེད་དས་རྒྱུ་མཚན་དགོས།།
བློ་སེང་ཚར་གཉིས་ཐོབ་སོང་། །
སྤེན་ཚེ་ཚར་གཅིགཐོབ་དགོས། །
དེ་ནས་ཨ་མའི་བུ་རྒོད། །
སུ་ཡིན་སུ་མིན་ཤེས་འོངས། །
བོད་པའི་འོས་བསྡུ་ཟེར་བ་ཆོལ་ཞེན་སྤེལ་བའི་རྒྱུ་ཡིན་ན་དང་པོ་རྒྱུ་དེ་ག་ནས་བྱུང་བ་རེད། འགོ་ནས་བྱུང་བ་རེད་དམ་མི་མང་དཀྱུས་མ་ནས་བྱུང་བ་རེད་ཧཧཧ
ཁྱེའི་ཁ་ནང་སྐྱགས་པ་ཀི་ལོ་བརྒྱ་བཅུག་ནས་ངུས་སྡོད། བློ་སེང་འོས་འདེམས་སྔ་ཕྱི་གཉིས་ཀ་རྒྱ་ཆེ་མི་མང་གིས་འོས་འཕངས་ནས་འཁེལ་སོང་བ་ཞིག་རེད། དེ་ལས་གསལ་དུ་བཏང་ན་དབུས་གཙང་མི་མང་གིས་འོས་འཕངས་ཏེ་ཁོང་སྲིད་སྐྱོང་ལ་བཞག་པ་ཞིག་རེད། དབུས་གཙང་མི་མང་གིས་ཁམས་པའི་མི་ལ་འོས་འཕངས་ཏེ་སྲིད་སྐྱོང་ལ་བསྐོ་ན་ཆོལ་ཞེན་རེད་དམ། སྐད་ཆ་སྔ་ཕྱི་མི་མཐུན་པ་གཡག་རོ་འདྲ་བ་དེ་འདྲ་བཤད་མ་འདུག
ཁ་རལ། ཁ་ལ་སྐྱག་པ་མ་གཏོགས་མེད་པ་ལ་བལྟས་ན་ཁ་རལ་རང་རེད་འདུག ་ཧ་ཧ་ཧ་ཧི་ཧི་ཧི་ཀི་བསོ་ལྷ་རྒྱལ་ལོ། ཕོག་དགོས་ས་ཞིག་ལ་ཕོག་པ་འདྲ།