ཐེ་འོད་ཟེར།
གངས་དཀར་པོ་གན་གི་ཚུར་རོལ་ན།།
བྱེས་དགོན་གྲོང་གཉིས་ཀྱི་ནང་ལོཊ་ན།།
དུས་ཉེར་གཅིག་པ་ཡི་བཀའ་ཁྲི་ལ།།
ཁོང་སྤེན་ཚེ་ལས་ལྷག་རྙེད་དུ་དཀོན།།
ལོ་ཉི་ཤུའི་ལྷག་གི་ཉམས་མྱོང་ཡོད།།
ལས་ཆེ་ཕྲ་ཀུན་ལ་འཛོལ་བ་མེད།།
རྗེ་བླ་མའི་ཐུགས་དགོངས་འགྲུབ་པ་ལ།།
ཁོང་སྤེན་ཚེ་ལས་ལྷག་བཀའ་ཁྲི་དཀོན།།
བོད་ཕྱི་ནང་གཉིས་ཀའི་ཁོག་པའི་སྙིང་།།
རྗེ་བླ་མའི་བྱམས་བརྩེའི་ཐུགས་འོག་ན།།
ལམ་དབུ་མའི་ལྟ་བའི་གདེང་ཐོབ་པ།།
ཁོང་སྤེན་ཚེ་ལས་ལྷག་བཀའ་ཁྲི་དཀོན།།
བོད་དབྱིན་རྒྱ་གསུམ་ལ་ཐོཊ་པ་མེད།།
ཕྱིའི་འབྲེལ་ལམ་བཟང་ལ་འཇོན་ཐང་ལྡན།།
ནང་དགོས་སུ་བོད་ཀྱི་ལ་ཞེན་ཅན།།
ཁོང་སྤེན་ཚེ་ལས་ལྷག་བཀའ་ཁྲི་དཀོན།།
ཁྲིམས་ཡིག་འབྲུ་རེ་རེ་ཐུགས་ལ་གསལ།།
གཞུང་ལས་སྒོ་ཀུན་ལ་ཞིབ་ཚགས་ལྡན།།
གཞུངས་དྲང་ལ་ལྷག་བསམ་རྣམ་དག་ཅན།།
ཁོང་སྤེན་ཚེ་ལས་ལྷག་བཀའ་ཁྲི་དཀོན།།
ཅོ་སྤེན་ཚེ་སྲིད་སྐྱིང་མི་འོས་ལ།
ལས་འདི་བྱས་གཟེངས་ཐོན་བཤད་རྒྱུ་མེད།
མཐུན་འདི་བྱས་ཟུར་གསལ་བཤད་རྒྱུ་མེང།
ཁ་བཤད་བཤད་མང་པོ་བཤད་རྒྱུ་ལས།
ཁོ་རང་དོན་ཁོ་ན་བྱས་ལ་ལྟོས།
ཁོས་བཀའ་ཤག་ངོ་རྒོལ་བྱས་ལ་ལྟོས།
ཁོས་བཀའ་ཤག་ཁྲིམས་ལ་སྦྱར་ལ་ལྟོས།
འདི་མ་གཏོགས་གཟེངས་ཐོན་ལས་ཅི་བྱས།
སྤེན་ཚེས་ཆུང་ནས་འགན་བདག་བྱས། །
སྤེན་ཚེས་སྤྱི་འཐུས་ལོ་མང་བྱས།
སྤེན་ཚེས་ཁྲིམས་གཏུགས་རྒྱལ་ཁ་ལོན། །
སྤེན་ཚེས་བཀའ་ཁྲིར་མི་འཇོན་མེད། །
འོས་དེ།
བུད་མེད་དགོས་ན་རྒྱ་རིར་བླུགས། །
དགོངས་ཞུས་དགོས་ན་འབྲོང་ཆུང་བླུགས། །
ཁྲིམས་གཏུགས་དགོས་ན་སྤེན་ཚེར་བླུག་ས། །
དེ་མིན་སུ་དགའ་སུ་རུང་བླུགས། །
སྤེན་ཚེ་སྐྱོ་བོའི་སྐྱོ་རོགས་རེད། །
སྤེན་ཚེ་གཞོན་པའི་འགོ་འཁྲིད་རེད། །
སྤེན་ཚེ་རི་དྭགས་རྨས་མ་རེད། །
སྤེན་ཚེ་སྲིད་ཁྲིར་སེང་གེ་རེད། །
སྤེན་ཚེ་ཤོར་ཡང་རྒྱབ་སྐྱོར་མང་། །
སྤེན་ཚེ་ཕུད་ཀྱང་འོས་མིར་ལངས། །
སྤེན་ཚེར་གཤེ་ཡང་ཁྲིམས་རར་རྒྱལ། །
སྤེན་ཚེ་མནར་ཡང་སེམས་ཤུགས་འབར། །
སྤེན་ཚེས་གཞིས་ཆགས་རྒྱུས་ལོན་ཆེ། །
སྤེན་ཚེས་དྷ་སར་རྒྱུས་ལོན་ཆེ། །
སྤེན་ཚེས་སྤྱི་འཐུས་ལས་མང་བརྩམས། །
སྤེན་ཚེ་ལས་ལྷག་སྲིད་སྐྱོང་སུ། །
ད་ལན་སྤེན་ཚེ་མ་ཐོབ་ན། །
རྗེས་མ་ང་ཡང་སྲིད་སྐྱོང་ལངས། །
ད་ལན་སྤེན་ཚེ་མ་ཐོབ་ན། །
ཐོབ་མཁན་སྲིད་སྐྱོང་ངོས་ལེན་མེད། །ཧ་ཧ། སྐུ་རྩེད་ཡིན་གདའ། །