འོད་ཟེར་གྱིས།
འཐབ་རྩོད་ཀྱི་ཆེད་དུ་ནང་ཁུལ་འཐབ་རྩོད་མ་བྱེད། འདི་ལོར་སྲིད་སྐྱོང་འོས་བསྡུར་ཞབས་འདྲེན་མི་ཞུ་བའི་རེ་བ་བྱེད་བཞིན་ཡོད། འདི་འོད་ཟེར་མི་གཅིག་གི་རེ་བ་མིན་པར། གཞིས་བཞུགས་བོད་མི་ས་ཡ་མང་པོའི་རེ་བ་ཡིན། རྒྱལ་རབས་ལོ་རྒྱུས་ཐོག་ནས་བཤད་ན། འབྲི་ཆུའི་ཡར་འདབས་ཀྱི་ཁམས་དང་། དེ་ལས་གཞན་པར་འབྲི་ཆུ་མར་འདབས་ཀྱི་ཁམས་དང་ཨ་མདོ་ཟེར་ནས་ཐག་རིང་པོར་འཇོག་སྲོལ་ཞིག་ཡོད་ཀྱང་། བཙན་་བྱོལ་ནང་རིན་པོ་ཆེ་ཚང་གི་བཀའ་དྲིན་ཁོ་ནས། འདྲ་མཉམ་ཀྱི་ཐོབ་ཐང་ཞིག་སྤྲད་ཡོད་པ་ཡོངས་གྲགས་ཡིན་ནའང་། ཨ་མདོའི་མི་འབོར་ཧ་ཅང་ཉུང་ཉུང་རེད་ལ། བཙན་བྱོལ་ནང་གི་གནད་ཡོད་ལས་བྱེད་དེ་བས་ཉུང་ཉུང་རེད། བོད་ནང་གི་འབྲི་ཆུ་མར་འདབས་ཀྱི་བོད་པ་ཚང་མའི་སེམས་ནང་ལ། བཙན་བྱོལ་སྲིད་ཀྱི་ནང་དུ་འབྲི་ཆུ་མར་འདབས་ཀྱི་ཁམས་དང་ཨ་མདོའི་སྲིད་སྐྱོང་རེ་ངེས་པར་དུ་ཕེབས་ནས། ཨ་ཞང་ཚང་ལ་གོ་བརྡ་གསལ་བོ་ཞིག་སྤྲོད་དགོས་པར་འདོད་ཀྱིན་ཡོད། སྲིད་སྐྱོང་གི་འོས་མི་ཤེས་འཇོན་ལྷག་བསམ་ཅན་གལ་ཆེ་བ་ལས་ཀྱང་། བོད་ཕྱི་ནང་གི་མདོ་སྨད་པ་རྣམས་བོད་ཀྱི་ཆོས་རིག་ཆབ་སྲིད་དང་བཅས་པའི་ཐོག ལོ་རྒྱུས་སུ་ངར་ཤུགས་ཆེན་པོས་འབར་བཞིན་པ་འདི། བོད་མིའི་འཐབ་རྩོད་ལ་ཧ་ཅང་གི་གོ་སྐབས་གལ་ཆེན་ཞིག་རེད། ཐོབ་ཐང་འདྲ་མཉམ་རིན་པོ་ཚང་གིས་སྤྲད་ཡོད་རེད་ཟེར་བ་ཙམ་གྱིས་མི་འགྲིག་པར། ཕྱི་ན་བཞུགས་པ་ཚོས། འདི་འཛམ་གླིང་ལ་མིག་སྟོན་གསལ་བོ་ཞིག་གནང་རྒྱུ། གལ་ཆེན་དུ་འཛིན་དགོས་པ་གཅིག་རེད། གཉིས་པ་མཐུན་སྒྲིལ་རེད། མི་ལོ་དྲུག་བཅུའི་རིང་གི་འདས་པའི་ལོ་ཤས་ནང་། བཙན་བྱོལ་མདོ་སྨད་མི་དམངས་ཀྱི་སེམས་ལ་ཕོག་ཐུག་ཆེ་ཤོས་བྱུང་པ་རེད་ལ། གཞིས་བཞུགས་དོ་སྣང་ཅན་མང་པོས་ཀྱང་། གནས་སྟངས་འདི་ཤེས་ཡོད་པས། འདི་ལ་དོ་སྣང་མ་བྱས་རང་བྱས་རེད། སྣང་མེད་དུ་གཏན་ནས་འཇོག་མི་ཉན། ཨ་ཞང་ཚང་ལ་མདོ་སྨད་ཀྱི་རྒན་པ་ཚོས་དམར་འཛིང་རབ་དང་རིམ་པ་བྱས་པའི་རྗེས་སུ། ཉིས་སྟོང་བརྒྱད་ལོ་ནས་མདོ་སྨད་ཀྱི་མི་རབས་གསར་བ་ཚོས། དེ་རིང་བར་དུ་བོད་ཀྱི་གནད་དོན་ཟེར་བ་ཞིག ཨ་མདོ་ནའང་ཡོད་པ་འཛམ་གླིང་ལ་བསྟན་ནས། སྔོན་མ་རྒྱལ་ས་ལྷ་སའི་བར་སྐོར་ནང་གི་ཆབ་སྲིད་ཀྱི་གནད་དོན་ཞིག མདོ་སྨད་མི་མང་གིས་རང་གི་འཚོ་བ་དང་ཚེ་སྲོག་བློས་གཏོང་ཆེན་པོ་གནང་ནས། ལོ་རྒྱུས་སུ་རྨེའུ་རྒྱལ་པོའི་མངའ་ཁོངས་ཨ་མདོ་རྔ་བ་ནས། ཨ་ཕ་ཨ་བློའི་མངའ་ཁོངས་བླ་བྲང་བར་དུ་ཁྱབ་པར་བྱས་ཡོད། བླ་བྲང་ནས་རེབ་གོང་ཤར་སྐྱབས་མགོན་གྱི་མངའ་ཁོངས་བཞུགས་གནས་དང་། རེབ་གོང་ནས་གཅན་ཚའི་དཔོན་པོའི་མངའ་འབངས་གཅན་ཚ་ཉིན་སྲིབ་གཉིས་ལ་ཁྱབ་ནས། སྐུ་འབུམ་འཁྲུངས་གཞིས་བར་དུ་བསྐྱལ་ཡོད་པའི་བོད་ཀྱི་རྩ་དོན་གྱི་རིན་ཐང་འདི་གལ་ཆེན་དུ་བཟུང་ནས། ཁོང་ཚོའི་སེམས་ཤུགས་ཆག་གཞིའི་ཕྱོགས་སུ་བོད་པ་སུས་ཀྱང་གོམ་པ་སྤོ་མི་ཉན། རིན་པོ་ཆེ་ཚང་གི་སྐུ་དྲིན་ལ་བརྟེན་ནས། ཁོང་ཚོར་ཨ་མདོའི་སྤྱི་འཐུས་ཀྱི་རྐུབ་བཀྱག་ཡོད་པ་ཟེར་བ་གཅིག་པོས་འགྲིག་ཐབས་མེད་པར། བྱེས་བཞུགས་བོད་མི་ཡོངས་ཀྱིས་ཨ་མདོའི་སྲིད་སྐྱོང་ཞིག་འདེམས་ཡོད་པ་རེད་ཟེར་བའི། ཨ་ཞང་གིས་གོ་ནའང་སྙིང་ན་བའི་ཆབ་སྲིད་ཀྱི་རྡོ་རིང་ཞིག སྔོན་བཙན་པོའི་སྐབས་ས་མཚམས་སུ་བཙུགས་པ་ལྟར། གཅན་ཚ་ཉིན་སྲིབ་ཟེར་བའི་ས་མཚམས་དང་ཉེ་བའི་ས་ཆ་འདིར་ད་ལོ་བསྐྱར་དུ་འཛུགས་ཐུབ་པ་བྱེད་དགོས། འདི་བཙན་བྱོལ་དམངས་གཙོའི་གཞུང་ཆོལ་ཁ་གསུམ་གྱི་མི་དམངས་ཀྱི་གཞུང་ཡིན་པ་དང་། དེ་ཡང་རྩ་དོན་ཐོག་ཕྱོགས་ཞེན་འཐེན་འཁྱེར་གྱི་དབང་དུ་མ་སོང་བར། མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་དྲིལ་ཡོད་པའི་ལན་འདེབས་གསལ་བོ་ཞིག གནང་དགོས་པ་ཚང་མས་སེམས་ལ་བཟུང་ནས། མི་འབོར་སྟོང་ཕྲག་ཁ་ཤས་ལས་མེད་པའི་མདོ་སྨད་ཆོལ་ཁའི་མི་དམངས་ལ། ད་ཐེངས་ཀྱི་གོ་སྐབས་འདི་སྤྲོད་དགོས་པ། ལོ་རྒྱུས་ཀྱི་དཀྱོག་མཚམས་གལ་ཆེན་ཞིག་རེད། གོང་ས་ཏཱ་ལའི་བླ་མ་མཆོག་གཅིག་པོས་ཡང་དང་བསྐྱར་དུ། ང་ཨ་མདོ་བ་ཡིན་གསུངས་ནས་བྱེས་བཞུགས་མདོ་སྨད་པ་ཚོའི་སེམས་ཤུགས་སྤར་ནས་བཞུགས་པ་ལས། བྱེས་བཞུགས་བོད་མི་ཡོངས་ཀྱིས་བོད་ཕྱི་ནང་གི་མདོ་སྨད་པ་ཡོངས་ཀྱི་སེམས་ཤུགས་སྤར་དགོས་པའི་དུས་སུ་བབས་ཡོད། གལ་སྲིད་ད་ཐེངས་བོད་ཆོལ་ཁ་གསུམ་གྱི་མི་མང་གིས་མདོ་སྨད་ལ་གོ་སྐབས་མ་སྤྲད་ན། མ་འོངས་པའི་ལོ་བཅོ་ལྔ་ཉི་ཤུའི་ནང་མདོ་སྨད་ཀྱི་སྲིད་སྐྱོང་ཞིག་ཡོང་ཐུབ་རྒྱུ་མིན་པ་གསལ་བོ་རེད། གསུམ་པ་སྔོན་ཆུ་བཞི་སྒང་དྲུག་དུམ་བུར་གྱུར་ནས་རྩ་དོན་ནུས་མེད་དུ་བཏང་པ་ལྟར། མདོ་སྨད་ཀྱི་་ཆབ་སྲིད་པ་དང་ཤེས་ཡོན་པའི་སྡེའི་ནང་དུ། ད་ལོ་ལངས་ཕྱོགས་གཉིས་སུ་གྱུར་ནས། གཞིས་བཞུགས་མདོ་སྨད་པའི་སེམས་ནང་ལའང་། ཤུགས་རྐྱེན་མི་འབྱུང་པའི་ངེས་པ་མེད་པས། དེ་བས་ངས་འདིར་རང་ཉིད་ཆོལ་ཁ་གང་ཡིན་དང་། མི་སུ་ཡིན། ས་ཆ་གང་ཡོད་མེད་ལ་མ་བལྟས་པར་འབོད་སྐུལ་ཞུ་བཞིན་ཡོད། གནད་དོན་འདི་འདྲ་ཞིག་ལ་ཐུག་མེད་ན། སུ་འདེམས་ན་གཅིག་པ་རེད། འོས་མི་ཚང་མ་ཤེས་འཇོན་ལྷག་བསམ་ཅན་བཙན་བྱོལ་ནང་གི་ཏོག་ལྟ་བུ་རྐྱང་རེད། ཡིན་ནའང་། ལོ་རྒྱུས་ཐོག་བོད་ཀྱི་རྩ་དོན་འདི། བོད་དང་བོད་ཆེན་པོའི་འཐབ་རྩོད་དང་། འབྲི་ཆུའི་ཡར་འདབས་མར་འདབས་ཀྱི་འཐབ་རྩོད་མིན་པར། བོད་མི་རིགས་ཡོངས་ཀྱི་དབུ་མའི་ལམ་གྱི་འཐབ་རྩོད་ཡིན་པ་དོན་དངོས་ཐོག་ར་སྤྲོད་དགོས། བོད་མི་རྣམས་ཀྱིས་བསམ་བློ་རྒྱ་ཆེ་ས་ནས་གཏོང་དགོས། བོད་ལྷ་རྒྱལ་ལོ། །
སྐད་ཆ་དྲང་པོ་ཞིག་བཤད་འདུག
་་་་་་་་་་་་་་ གལ་སྲིད་ད་ཐེངས་བོད་ཆོལ་ཁ་གསུམ་གྱི་མི་མང་གིས་མདོ་སྨད་ལ་གོ་སྐབས་མ་སྤྲད་ན། མ་འོངས་པའི་ལོ་བཅོ་ལྔ་ཉི་ཤུའི་ནང་མདོ་སྨད་ཀྱི་སྲིད་སྐྱོང་ཞིག་ཡོང་ཐུབ་རྒྱུ་མིན་པ་གསལ་བོ་རེད། ་་་་་་་་་་་་་་
ང་ཚོའི་སྲིད་སྐྱོང་གི་འོས་བསྡུ་དེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་ལ་འགན་ཁུར་ནས་སྲིད་སྐྱོང་འདེམས་དགོས་པ་རེད་དམ་བོད་ཀྱི་རྒྱལ་རབས་དང་ལོ་རྒྱུས་ལ་འགན་ཁུར་ནས་སྲིད་སྐྱོང་འདེམས་དགོས་པ་རེད?
རྒྱལ་རབས་ལོ་རྒྱུས་གཙོ་གི་རེད།རྒྱལ་རབས་ལོ་རྒྱུས་མེད་ན་ཅི་ཡང་ཡོད་མ་རེད
ད་བཤད་རྒྱུ་གང་ཡང་ཡོད་པ་མ་རེད། བཙན་བྱོལ་ནང་ལ་ཨ་མདོ་བ་ཚོ་བོད་མི་མ་རེད་ཟེར་སྲོལ་ཡོད་པ་རེད། གང་ལྟར་ཨ་མདོ་བ་ཡིན་པ་ཙམ་གྱིས་ལས་གནས་ཡག་པོ་ཞིག་སྤྲོད་མི་སྲིད།
སྲིད་སྐྱོང་གི་རྐུབ་བཀྱག་དེ་སུས་ཚ་བོ་བཟོ་འདོད་སྟངས། དེས་འཕྲོད་རྩོད་བྱ་དགོས་པ་ལས། སྲང་ལམ་གྱི་སློང་མོ་བས་མཐེ་མོ་ཀེར་ནས་དངུལ་སློང་སྟངས་བྱས་ན་སྟེར་མཁན་ཞིག་མེད་པ་ཡིད་ལ་ཟུང་ཞིག
ཉེར་གཅིག་པའི་སྲིད་སྐྱོང་ལ།
་
སྤེན་ཚེ་ཨ་མདོ་ཡིན་པ་འདྲ། །
ཨ་མདོ་སྲིད་སྐྱོང་རྒྱུ་མཚན་མེད། །
སྤེན་ཚེ་སྲིད་འཁྲུགས་སྐྱེས་ཆེན་རེད། །
ཞི་ཅིང་མིང་དང་འགྲན་བཟོད་སྲིད། །
བློ་སེང་བཞིན་དུ་སྤེན་ཚེ་ཡང་། །
མི་མང་དཀྱུས་པའི་མི་བུ་རེད། །
སྐུ་དྲག་མི་དྲག་གཡའ་རྙིང་མེད། །
ཕོ་གསར་ན་གཞོན་བྱེས་སུ་སྐྱེས། །
གཞིས་ཆགས་ཞིང་ལས་ཕྱུགས་ལས་བྱེད། །
ཚོང་ལས་སྤྱི་འཐུས་ཚོགས་གཙོ་བྱས། །
སྲིད་སྐྱོང་འོས་མིར་སྐད་གྲགས་བཞག །
དེ་དུས་མ་ཐོབ་ད་ཐོབ་དགོས། །
བློ་སེང་མ་ཤེས་སྤེན་ཚེས་ཤེས་པ་མང་། །
བློ་སེང་མ་ལས་སྤེན་ཚེས་ལས་པ་མང་། །
བློ་སེང་རྗེས་ལ་སྤེན་ཚེ་ལས་ལྷག་མེད། །
བློ་སེང་རྗེས་ལ་སྤེན་ཚེ་བསྐོས་ན་ལེགས། །
་
མངའ་རིས་པ་ཀརྨ་རྡོ་རྗེས།
འོད་ཟེར་ལགས་དང་དེ་མིན་མི་འགའ་ཤས་ཀྱི་བསམ་ཚུལ་དེ་ཆུང་བའི་སྐྱོན་གནད་ཆེན་པོ་འདུག་བསམ། བོད་མིའི་བདེན་མཐའ་གསལ་རྒྱུ་དེ་མི་རེ་གཉིས་ཞིག་སྲིད་སྐྱོང་ཐོབ་མ་ཐོབ་ལ་རག་ལུས་ན་གནས་ཚད་ཤིན་ཏུ་ཡ་ངལ་བ་དང་རེ་བ་བྲལ་བའི་གནས་སུ་གྱར། གཞིས་བྱེས་བོད་མིའི་དབུ་འཁྲིད་༸གོང་ས་མཆོག་གི་ད་བར་སྐུ་ངལ་བཞེས་པའི་དགོངས་དོན་དེ་བོད་དེ་བོད་མི་ཁྱེད་དང་ང་། ཁོང་དང་ཕོ་མོ་འདྲ་མཉམ་གྱི་ང་ཚོ་ཚང་མིའི་འཛིན་ཐུབ་མཁན་གཅིག་བསྐྲུན་ཐབས་གནང་རེད་ལ་དེ་ལྟར་ཡོང་རེ་ཡང་འཆར་བཞིན་མིན་འདུག་གས།
དེ་བཞིན་བོད་ནང་༡༩༥༠ ཡན་ནས་རྒྱ་དམར་ལ་ངོ་བརྒོལ་མུ་འཐུད་ཡོང་བ་དེ་སྤྱིར་བོད་མདོ་ཁམས་དབུས་གསུམ་དུ་སྐུ་སྐྱེས་བཞེས་པའི་འཛམ་གླིང་ནང་བློ་སྤོབ་ངང་མཚན་གསོལ་ཞུ་ཐུབ་པ་དང་གསོལ་་ནས་བོད་མི་མིན་པའི་འཛམ་གླིང་མི་མང་མང་པོས་ངོས་བཞེས་ཐུབ་པའི་༸ཏཱ་ལའི་བླ་མ་མཆོག་དང་གང་གིས་དབུ་འཁྲིད་ངང་མཇུག་སྐྱོང་དུ་འཁོལ་བའི་སྐྱབས་བཅོལ་གཞུང་། གཞུང་དེའི་བོད་མི་རིགས་ཀྱི་མངོན་འདོད་དུ་དམིགས་པའི་ལས་དོན་དུ་བརྩོན་པ་ཧུར་བསྐྱེད་ཞུ་བ་དེ་གཉིས་ལས་བྱུང་བ་རེད། དེ་ལྟར་དགོས་རྒྱུ་ཡང་ཡིན་དགོས་པ་མ་ཟད་བསམ་ཞིབ་གཞན་ཞིག་ནས་ཞུས་ན་དགོས་པའང་རང་དོན་རང་གཅེས་ཀྱང་མིན་ནམ།
སྲིད་སྐྱོང་ཁྱེད་ནས་ཨ་མདོ་བ་མི་ཉུང་བས་ད་མཚམས་མདོ་སྨད་པ་ཞིག་ལ་ཐོབ་དགོས་པའི་ཁུངས་ལུང་མང་པོ་བཀོད་གནང་འདུག ཆོལ་ཁའི་མི་མང་ཉུང་ལ་ཞིབ་ན་དབུས་གཙང་པ་མང་བས་དེ་བས་ཀྱང་ཆེར་ངེས་པར་ཐོབ་དགོས་མིན་འདུག་གམ། དྲང་པོ་གསུངས་དང། ཡིན་ཀྱང་མི་མང་ཉུང་གི་མ་རེད། བོད་མི་མང་བས་འོས་མོས་ཡོད་པའི་མི་ཞིག་ཏུ་ཐོབ་ཡོད་དགོས། ཁྱེད་ལ་འོས་མཆོད་ལྡན་པའི་མདོ་སྨད་པ་ཞིག་གི་མིང་འདོན་རྒྱུ་མིན་འདུག་པའམ་ཡང་ན་མིང་འབོད་ཞུ་རྒྱུར་ངོ་ཚ་བས་བཏོན་མ་འཕོད་པ་ཡིན་སྲིད། ང་སྡོད་སའི་ས་གནས་སུ་མདོ་སྨད་པ་ཡོད་ལ་ངས་སྤེན་ཚེ་མིན་པའི་འོས་མི་ཞིག་ཡོད་ན་རྒྱབ་སྐྱོར་ཞུས་ཆོག་ཞུ་རྒྱུ་བྱུང། སྤེན་ཚེས་ ༢༠༡༦ ལ་གནས་ཚུལ་ད་བར་བྱུང་མ་མྱོང་བ་ཞིག་གི་རྐྱེན་དུ་གྱུར་མ་སོང་ངས། གལ་སྲིད་ཁྱེད་ཚོར་མེད་ན་ངས་ཞུ་ཆོག
མདོར་བསྡུས་ན་སྲིད་སྐྱོང་དེ་འོས་བསྡུ་ཞུ་མཁན་བོད་མི་མང་བས་མོས་གུས་ཡོད་པའི་མཉམ་གཞིས་བྱེས་བོད་མིའི་རེ་བསམ་བསྒྲུབས་ཐུབ་པའི་ཆ་རྐྱེན་ཚང་བ་ཞིག་དགོས་རྒྱུ་གལ་ཆེ། དེ་བཞིན་ང་ཚོའི་དབུ་འཁྲིད་མཆོག་གི་དགོངས་གཞི་ཇི་ཡིན་ཤེས་བསམ་ཐུབ་མཁན་ཞིག་དགོས་གནད། འཛིན་སྐྱོང་དང་བོད་རྒྱ་ཞི་མོལ་སོགས་ཀྱི་ཉམས་མྱོང་ལྟ་བུ་དགོས་རྒྱུ་དེ་ཙམ་གྱི་གལ་ཆེ་ངས་མི་མཐོང་ཀྱང་ཡོད་ན་ལམ་བདེ། བོད་རྒྱ་ཞི་མོལ་འགྲོ་རྒྱུ་དེ་རྒྱ་མིར་རག་ལུས། ཐག་གཅོད་དེ་༸གོང་ས་མཆོག་གི་གནང་། གཞིས་ལུས་བོད་མིས་རྒྱབ་སྐྱོར་དེ་བཙན་བྱོལ་གཞུང་ལ་ཡོད་པར་སོང་དེར་འཁོད་པའི་ལས་སྣེ་བར་རང་བཞིན་གྱི་ཐོབ། ཐུགས་སེམས་རྒྱ་ཆེ་ཙམ་བཞེས་ནས་བཀའ་མོལ་ལམ་དགོངས་ཚུལ་གསུང་ན་ལེགས་པ་ལས་དེ་མིན་མ་དྭག་རྒྱུན་ཆགས་སུ་འགྲོ་ཉེན་ཆེ།།
ངས་ནི་ཡང་དང་བསྐྱར་དུ་རྩོམ་འངི་བཀླགས་པ་ཡིན། བོད་ཟེར་གྱི་སྐད་ཆ་འདི་ལ་གནད་འགག་ཞིག་འདུག བོད་ནང་གི་རྩོམ་ཞིག་ཡིན་པས་དེ་བས་བསམ་བློ་གཏོང་སྟངས་མི་འདྲ་བ་ཞིག འདུག ཕྱི་ན་ཡོད་པ་ཚོས་རང་གིས་གང་འདེམས་འདོད་པ་དེ་ལ་མི་གཅིག་གིས་ཀྱང་འགྱུར་བ་གཏོང་མི་སྲིད་པ་ཤེས། འཆར་གཞི་ཡག་ཤེས་འཇོན་ལྷག་བསམ་སུ་ཆེར་ལྟ་མཁན་ཡོད་པ་མ་རེད།རང་གིས་གང་འདེམས་འདོད་པ་་དེ་སེམས་ན་ན་ནིང་ནས་གཏན་འཁེལ་ཚར་བ་རེད།
བདེན་པ་བཤད་ན། སྲིད་སྐྱོང་དང་ཚོགས་ཟུར་གཉིས་ཀྱིས་བཟོས་པའི་འགལ་བ་འདི། སྲིད་སྐྱོང་གིས་བཞག་ནས་འགྲོ་རྒྱུ་ཡིན་པ་གཏན་འཁེལ་བ་རེད།ངེས་པར་དུ་ཚོགས་ཟུར་གྱིས་འཇོན་ཐང་ལ་བརྟེན་ནས་འགལ་བ་སེལ་དགོས། བློ་སྙན་དང་རྒྱ་རི་འབྲོང་ཆུང་སོགས་ཀྱིས་ཞི་འཇམ་དུ་གཏོང་ཐུབ་ཀྱང་གཙང་སེལ་བྱེད་མི་ཐུབ་། སྐབས་སུ་བས་ན་ཡང་ཡར་ལངས་ཡོང་གི་རེད། གཙང་སེལ་མ་བྱས་ན།
སྐལ་རྡོར་ཕེབས་ན་ནད་རྙིང་གི་རྨ་ཐོག་ལ་ཚྭ་རེད
བསམ་ཚུལ་ལེགས་
བདེན་པ་རེད། ངའི་སྔོན་མ་ནས་སྲིད་སྐྱོང་དེ་འབྲི་ཆུ་མན་ཆད་ཀྱི་མི་ཞིག་འདེམས་ན་ཆབ་སྲིད་ཀྱི་གོ་བརྡ་སྤྲོད་ཀྱི་ཡོད་རེད། ཅེས་དེ་འདྲ་དྲན་མྱོང་། ཡིན་ནའང་ངའི་ད་རེས་འབྲོང་ཆུང་ལ་འོས་བླུགས་ཀྱི་ཡིན།
རྩོམ་པ་པོ་འོད་ཟེར་ལགས་ཀྱིས་ལྷག་བསམ་བསམ་གྱི་སྐད་ཆ་འདི་མི་རེ་ངོ་རེས་ཐུགས་ལ་ཉལ་རྒྱུ་ལས་རྩ་ཁྲིམས་རྩིས་མེད་གཏོང་དགོས་ཞེས་པའི་གོ་དོན་ཡེ་ནས་མ་རེད། བོད་རིགས་སྤྱི་ལ་ལྷག་བསམ་ཡོད་པའི་འབོད་སྐུལ་ཞིག་རེད་དྲན། གཞན་ཡང་དྲྭ་འབུ་རེ་འགས་མདོ་སྨད་པ་རྒྱ་སྡེ་རེད་ཟེར་ནས་དམའ་འབེབས་བྱེད་ཁུལ་བྱས་འདུག་ཀྱང་། རྒྱ་སྡེ་བོད་སྡེ་ཞེས་པའི་ས་ཚིགས་ལེགས་པར་ཧ་མ་གོ་བའི་སྐྱོན་རེད་དྲན། དེས་མདོ་སྨད་རྒྱ་སྡེ་རེད་ཞེས་པའི་མདོ་སྨད་ཀྱི་ཁོངས་སུ་ཁམས་སྡེ་མན་ཆད་བརྩི་བཞིན་ཡོད་པ་དེ་ལེགས་པར་ཧ་གོ་བ་གྱིས། དེའི་ཁོངས་དགའ་ལྡན་ཕོ་བྲང་གི་ཁྲལ་འོག་ཏུ་འདུས་དང་མི་འདུ་བའི་ཁྱད་པར་ཡིན་པས། རྒྱུ་མཚན་དེའི་ཕྱིར་རྒྱ་རིགས་ཡིན་པར་སྒྲུབ་ཐུབ་ན་ད་ལྟའི་སྐུ་ངོ་སྐྱོང་ཡང་རྒྱ་མི་རུ་འགྱུར་ཏེ་ཁྱེད་ཅག་གི་ཞེ་འདོད་ཀྱི་རྒྱ་སྡེ་ཡིན་པས་དང་།
གོང་འཕྲོས་་་དེས་ན་ལོ་རྒྱུས་ལ་གོ་རྟོགས་ཡོད་མཁན་དང་མི་རིགས་ལ་ཤ་ཚ་ཡོད་མཁན་ཞིག་ཡིན་ན་ལབ་གླེང་དེ་རིགས་ཞལ་ནས་ཐོན་མི་སྲིད་ཀྱང་གོ་རྟོགས་ཅི་ཡང་མེད་པའི་དྲྭ་འབུ་ཀླད་སྟོང་དག་གིས་ལག་གིས་ཐོན་ཚད་འབྲི་རྐྱང་དང་སེམས་ལ་དྲན་ཚད་བཤད་རྐྱང་མ་བྱས་ན་ལེགས་སྙམ། དེ་ལས་ཀྱང་ཚབ་ཆེ་བ་གཅིག་ལ་མི་རེ་ཟུང་གིས་་ང་ཚོ་མདོ་སྨད་མི་རིགས་་་ང་ཚོ་མདོ་སྟོད་མི་ཟེར་ནས་འུར་གྱིན་འདུག་པས་སྐད་ཆ་དེ་རིགས་རྒྱ་ནག་གུང་ཁྲན་ཏང་གི་མངོན་འདོད་ངོ་མ་དེ་སྒྲུབ་བཞིན་ཡོད་པ་ཤེས་པར་གྱིས། སྟོད་སྨད་བར་གསུམ་ལུང་ཚན་གྱིས་སོ་སོར་དབྱེ་བ་ལས། མི་རིགས་གཅིག་ལས་གཉིས་མེད་པ་ཤེས་པར་གྱིས། རྒྱ་ནག་གི་ཇུས་ངན་གྱིས་མི་རིགས་ཁ་བྲལ་གཏོང་མ་ཐུབ་པ་ཞིག་ང་རང་ཚོས་ནང་ནས་དང་ལེན་བྱས་ན་ཤིན་ཏུ་མི་རིགས་སོ་་་
གོ་བ་སྟིང་གཟབ་་་ངོ་མ་བདེན་པ་རེད་འདུག་ལ་གནད་ཆེན་གཅིག་རེད་་་་ངས་མོས་མཐུན་ཐོག་རྒྱབ་སྐྱོར་ཞུ་བ་ཡིན་
མང་གི་སྟོབས། སའི་རིན་པ། མངའ་ཐང་གི་དཔལ། ཆོས་རྒྱལ་གྱི་བཀའ་དྲིན། ༧གོང་ས་མཆོག་གི་ཐུགས་དགོངས་ཡང་དག། ཆོལ་ཁ་གསུམ་པོ་རྡོག་པོ་གཅིག་ལ་བཞག་པའི་དགེ་བ། མི་ལོ་དྲུག་ཅུ་རེ་གཅིག་གི་འཐབ་རྩོད་སོགས་དགེ་བ་ཆེན་པོ་ཆེན་པོ། ཟབ་མོ་ཟབ་མོ་དེ་ཚོ་ཤེས་ན། མདོ་སྨད་པ་ཅིག་དེ་རེ་ཐོན་པ་ཙམ་གྱིས། མི་ལོ་རྒྱ་ཕྲག་གི་ལོ་རྒྱུས་ཉམ་གསོ་ཐོབ་པའི་ལོ་རྒྱུས་གསར་པ། ཚ་བོ། དགའ་དགོས་བ། སྤོབས་པའི་ཡུལ་ཡིན་ནོ།
༧གོང་ས་མཆོག་སྐུ་འཚོ་བཞུགས་རིང་ལ། ད་ལྟའི་ཆ་ལ་དེ་ལས་ལྷག་པའི་གལ་ཆེན་ཞིག། བོད་ཕྱི་ནང་གཉིས་ལ་འབུལ་རྒྱུ་མེད་དོ།
ལོ་རྒྱུས་དགོས་མི་དགོས་དང་རྡོག་པོ་གཅིག་ལ་བཞག་པའི་རིན་ཐང་ལོན་མི་ལོན་དེ་དབུས་གཙང་གཉིས་དང་སྟོད་མངའ་རིའི་མི་མང་གི་ཆབ་སྲིད་གོ་རྟོག་ལ་རག་ལས་བ་ཙམ་ཞིག་རེད། ཁམས་རིགས་སྤུན་ཟླ་ཚོ་ད་འདོད་པ་ཚིམ་ཡོད་ཤག་ཡིན། མཁས་ན་འངྲ། འཇོན་ན་འདྲ། མི་ལོ་བཅུ་དྲུག་ལ་ང་ཚོ་བསྲུངས་བ་རེད། བཟང་ན་དེ་རེད། ངན་དེ་རེད། བཀྲིས་བདེ་ལེགས་ཞུས་བ་ཡིན།
དབུས་བ་རྐྱལ་སྟོངས་འགས་ཆོལ་ཁ་འཁྲབ་བཞིན་པ་མཐོང་ཐོས་བྱུང་བས། སེམས་ནི་མ་སྐྱིད།
དབུ་ནི་མདོ་ཁམས་འཐམ་ས་དེ་ཡིན་པས་། ཁྱེད་ཚོ་ལ་ཆོལ་ཞེན་ཡོང་དགོས་དོན་མེད། མ་གཞི་བོད་རིགས་སྤུན་ཟླ་སུ་ལ་ཡང་ཆོལ་ཞེན་མི་དགོས། རྒྱལ་ཞེན་གྱིས་འགྲིག།
རྒྱལ་ཞེན་གྱི་གོ་རྟོག་མེད་ན། མདོ་ཁམས་གཉིས་གལ་ཆེ་བའི་གནད་འདི་ཤེས་དཀོན་པ་འདྲ། གང་ལྟར་ལྟོས་བསྡད་ཡོད་དོ།
ད་ཐེངས་སྟོད་མངའ་རི་ནས་ཨ་མདོ་མཐོང་་ཐུབ་ཡོད་མེད་ལྟ་རྒྱུ་རེད
ཚང་མས་མཁས་མདོག་མ་ཡིད། བཙན་བྱོལ་ནང་ལ་ཨ་མདོ་རྒྱ་མི་ཚོ་ཟེར་སྲོལ་ཡོད་དང་མེད། ཨ་མདོ་བ་ཚོ་ཡང་མི་ཡིན་པ་ཤེས་པར་བྱས་འ། ད་ནི་མང་དྲགས་སོང་། ཨ་མདོ་བ་ཚོས་རང་སྲེག་་ཡིད་རྒྱུ་ཡང་མང་དྲགས་སོང་།
བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་ཆོལ་གསུམ་ཐུན་མོང་གིས་གྲུབ་པ་ཞིག་ཡིན། ལྷག་པར་དུ་ཁྲིམས་བཟོ་ལྷན་ཚོགས་ཀྱི་སྤྱི་འཐུས་ནང་ལ་མི་གྲངས་ལ་མ་ལྟོས་པར་སྤྱི་འཐུས་བཅུ་རེ་འདེམས་བཞིན་པ་རེད། སྤྱི་འཐུས་ཚོགས་གཙོ་དང་བཀའ་བློན་བཅས་ཀྱི་ནང་ལ་ཡང་མདོ་སྨད་པ་སྔ་རྗེས་སུ་སླེབས་ཡོད། དེ་དག་དམིགས་བསལ་བཏང་ནས་བཞག་པ་ཞིག་མ་རེད། མི་རང་རང་ལ་ནུས་པ་ཡོད་ནས་སླེབས་པ་རེད། སྲིད་སྐྱོང་ལ་ལྷག་པར་དམིགས་བསལ་གཏོང་དགོས་དོན་མེད་ལ་གཏོང་སྟངས་ཀྱང་མེད། མི་མང་གིས་སྐྱེས་བུ་ཞིག་བདམས་ན་དེ་རང་རེད། འདི་ལ་དམངས་གཙོ་ཟེར།
དབུས་གཙང་གིས་འདོད་པ་ལྟར་་དབུས་གཙང་བ་གཅིག་འདེམས་ན་དམངས་གཙོ་ཟེར་ས་མེད
སྤྱི་འཐུས་ནང་གསར་འབྱོར་བ་མང་པོ་འདུག འདི་ཚོ་ནང་ནས་རྒྱ་མིའི་སོ་བ་མང་པོ་ཡོད་ས་རེད། ཁོང་ཚོའི་ལས་ཀ་བོད་པ་དཀྲུགས་རྒྱུ་དེ་རེད།
དྲང་མོ་བཤད་ན། འཇོན་ཐང་དང་། ཉམས་མྱོང་། ལོ་ཚོད་གང་གིས་ཐད་ནས་སྲིད་སྐྱོང་འོས་མི་ཚོའི་གྲལ་ནས་ཚོགས་ཟུར་སྤེན་པ་ཚེ་རིང་ལས་ལྷག་གཅིག་མེད་པ་གསལ་པོ་རེད། །
སྲིད་སྐྱོང་གིས་མཐུན་སྒྲིལ་བཟོ་མ་ཐུབ་པར་ཕེབས་བཞིན་པ། སྤེན་ཚེ་ལ་གཙང་མ་བཟོ་རྒྱུའི་ནུས་པ་ཡོད་པར་འདོད
འགའ་ཞིག་གིས་དབུ་རང་མཉམ་དུ་སྐྱོང་པའི་སྲིད་སྐྱོང་ཞིག་དགོས་ཟེར་ཡང་།དྲང་པོར་བཤད་ན་ཆོལ་གསུམ་མཉམ་དུ་སྐྱོང་པའི་སྲིད་སྐྱོང་ཞིག་དགོས་གལ་ཆེ།
ཚེ་བརྟན་འགྱུར་མེད་ལགས་སུ་ཞུ་རྒྱུར། ལོ་འགའི་སྔོན་དང་དེ་རིང་མི་འདྲ་བར་འདོད། ལོ་འགའ་སྔོན་གཞུང་སྔོན་མའི་བཀའ་དྲིན་བྱིན་རླབས་ཀྱི་ནུས་པ་བསྡད་ཡོད་དང་། ད་ནི་མཐུན་སྒྲིལ་་ཡང་ལྷག་མེད་པའི། ད་ལོ་སྲིད་སྐྱོང་འོས་ཁ་ཐོར་ནས་འཕེན་རྒྱུ་ཡིན་པ་ཚོད་དཔག་ཐུབ་པ་འདུག་ལ་། སྐབས་ལ་ལར་དམངས་གཙོ་ལས་ཀྱང་རྩ་དོན་གལ་ཆེ་དུས་ཡོད། དམངས་གཙོ་ལས་ཀྱང་མཐུན་སྒྲིལ་གལ་ཆེ་དུས་ཀྱང་ཡོད།ཆོལ་ཁ་གཅིག་མེད་པའི་དམངས་གཙོ་དང་རང་་བཙན་སོགས་ལ་ནམ་ཡང་ལགས་སོ་ཟེར་མི་ཐུབ།
འབྲི་ཆུའི་མན་ཆད་ལ་རྒྱ་སྡེ་དང་ཡར་ཆད་ལ་བོད་སྡེ་ཟེར
ཡང་ན་ཕར་ཕྱོགས་དང་ཚུར་ཕྱོགས
བོད་ཆོལ་ཁ་གསུམ་ཟེར་བ་མངའ་སྡེ་གསུམ་ལ་གོ་དགོས།
ཞིང་ཆེན་གསུམ
Three state
Three province
འདིའི་ནང་མཆན་འབྲི་མཁན་མང་ཆེ་བ་གསར་འབྱོར་བ་ཡིན་པས་ཆོལ་ཞེན་ཆེན་པོ་རེད།
ལྟ་སྟངས་ཤིག་གིས་དེའི་མི་ལ་སློབ་སྦྱོང་མེད་པ་མཚོན།
རིགས་ལ
སྤྱིའི་ཆ་ནས་གསར་འབྱོར་བའི་ནང་ལ་དང་པོ་རྒྱ་གར་ལ་འབྱོར་དུས་རང་ལོ་ཉི་ཤུ་ལ་སླེབས་རུང་ད་དུང་ཡིག་རིགས་གཅིག་ཅང་མི་ཤེས་མཁན་མང་པོ་རེད།
ཕལ་ཆེར་ཆོལ་ཞེན་ཆེན་པོ་ཡོད་མཁན་དེ་ཚོ་རེད་ཟེར་ན་མ་འགྲིག་པ་མེད་སྙམ།
མི་ལ་སློབ་སྦྱོང་མེད་ན་མགོ་སྐོར་འོག་ལ་ཚུད་སླ།
སྤེན་ཚེ་ཐོབ་ན། ཨ་མདོ་ཐོབ་པ་དང་འདྲ་བས། འོད་ཟེར་གྱིས། སྤེན་ཚེ་ལགས་ལ། འོས་འཕེན་དང་། གཞན་ལ་ཡང་འོས་འཕེན་ཕྱིར་བསྐུལ་མ་གྱིས་དང་། དེ་གས་མི་འཐུས་སམ། ལགས།
བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཡིད་ཆེས་དང་བློ་གཏད་རྩི་བཀུར་ཉམས་ལེན་ཞུ་ཐུབ་མཁན་ཞིག་ཡིན་ན་བཅའ་ཁྲིམས་དོན་ཚན་བཅུ་གསུམ་ནང་གསལ་བའི་བོད་ཀྱི་ཡུལ་མིའི་ལས་འགན་སྒྲུབ་ནས་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་ལས་རིམ་ལ་ཆ་ཤས་ལེན་དགོས་པ་ལས་དེ་ལས་གལ་ཆེ་བའི་གནད་དོན་ཟུར་དུ་ཡོད་པ་ནམ་ཡང་མ་མཐོང་ངོ།