གསལ་ལེ་རྒྱལ།
ངའི་རེ་བ་ནི་བུད་མེད་སྲིད་སྐྱོང་ཞིག་དགོས་ན་བཀྲོས་མཐོང་ལྷ་སྒྲོན་དང་དཀོན་མཆོག་ཆོས་སྒྲོན། ཤར་གླིང་ཟླ་སྒྲོན་སོགས་ཡིན། ད་དུང་འཕྱི་མེད་པས་ཁོང་ཚོ་སྲིད་སྐྱོང་གི་འོས་མིར་བཞེངས་པའི་རེ་བ་ཡོད། ལང་ཆོག་ཆོག་དང་ལས་ཆོག་ཆོག་གི་སྲིད་སྐྱོང་བུ་མོ་མང་པོ་ཡོད་ཀྱང་ད་དུང་ཁུ་སིམ་མེར་འདུག་དོན་ཅི་ཡིན་མི་ཤེས། བུད་མེད་ཚོར་འདྲ་མཉམ་གྱི་ནུས་བ་སྟོན་འདོད་ཡོད་ན། དབུས་དང་ས་གནས་བུད་མེད་ཚོགས་པའི་ཚོགས་གཙོ་རྩོད་པ་ལས་སྲིད་སྐྱོང་གི་འོས་མིར་བཞེངས་ན་ལེགས། ཁོང་ཚོར་གོ་སྐབས་ནི་ཡོད་ཡོད་པ་རེད། བུ་མོ་འདི་དག་བོད་མིའི་སྤྱི་ཚོགས་ན་འབིར་ཏུ་ཐོན་ཡོད་ལ་ལྷག་པར་ཏུ་ན་གཞོན་ཕོ་མོ་ཚང་མས་ཁོང་ཚོར་རེ་སྒུག་བྱེད་བཞིན་ཡོད།
རྒྱ་རི་སྒྲོལ་མ་དང་སྤེན་པ་ཚེ་རིང་སོགས་ལ་ཞབས་ཞུའི་གོ་སྐབས་མང་པོ་སྤྲད་མྱོང་བ་བཞིན་ནུས་པ་ཡོད་ཚད་བཏོན་ཟིན་པས། ད་ནི་སྲིད་སྐྱོང་ལ་བསྡད་དེ་ནུས་བ་ལྷག་མ་ཞིག་སྟོན་རྒྱུ་མེད་པར་འདོད། གལ་ཏེ་ཡོད་ན་ནི་སྔར་སོང་ལས་དོན་ལ་ནུས་བ་ཡོད་རྒུ་མ་བཏོན་པའི་རྟགས་རེད།
བཀའ་བློན་ཞིག་གིས་སྲིད་སྐྱོང་གི་ལས་དོན་སྒྲུབ་མི་ཐུབ་པ་དང་གྲོས་ཚོགས་ཀྱི་ཚོགས་གཙོས་ཀྱང་དེ་ལྟར་མི་ནུས་ཤེས་ནའང་། བོད་མིའི་གཏམ་དཔེ་བཞིན”བ་མོ་ཉལ་སྟངས་ལ་བལྟས་ན།། ཁོག་གི་བེའུའི་ཕོ་མོ་ཤེས་ནི་རེད”།། དེ་བས་ངས་ནི་བ་མོ་ཆུང་ཆུང་འདི་དག་ལ་བེའུ་རེ་སྐྱེས་པའི་རེ་བ་བྱེད་བཞིན་ཡོད།
གཞན་ཡང་སྲིད་གཞུང་གི་ལས་དོན་ཚང་མ་སྲིད་འཛིན་ནམ་སྲིད་སྐྱོང་ཁོ་ནས་དབང་ཤུགས་ཚད་ཆོག་པ་ཞིག་མིན་པར། གཞུང་འཛིན་ལས་ཁུངས་སོ་སོའི་ལས་འཁུར་བ་ཚོས་ནུས་བ་མཉམ་སྤུངས་ཀྱིས་བསྒྲུབ་དགོས་པས་ན། སྲིད་སྐྱོང་ནི་དེ་ཙམ་གྱིས་གལ་ཆེན་པོ་མིན། སྲིད་སྐྱོང་ནི་བཀའ་བློན་ཚོར་གཏིང་འཛིན་བྱེད་མཁན་དེ་རེད། བཀའ་ཤག་གི་ལས་དོན་འགྲུབ་མིན་དེ་བཀའ་བློན་ཚོའི་ནུས་པར་ཐུག་ཡོད། དེ་བཞིན་སྲིད་སྐྱོང་གིས་མིང་འདོན་མཛད་པའི་བཀའ་བློན་ཚོར་གྲོས་ཚོགས་ནས་ངེས་ལེན་ཡོད་དགོས་ལ། གྲོས་ཚོགས་འཐུས་མི་རྣམས་ཀྱང་མི་མང་གིས་འདེམས་དགོས། དེ་ན་སྲིད་སྐྱོང་ལས་ཀྱང་གལ་ཆེ་བ་དེ་གྲོས་ཚོགས་ཀྱི་འཐུས་མི་ཡིན། དེ་བས་གྲོས་ཚོགས་ཀྱི་འཐུས་མི་དེ་དག་བེའུ་རེ་རེའི་ཨ་ཕའམ་འཁྱག་གླང་རེ་རེ་ཡིན། དེའང་རིགས་རྒྱུད་སྤེལ་བའི་གཞི་མ་ཡིན། དེ་བས་རིགས་རྒྱུད་གཙང་མ་ཞིག་སྤེལ་དགོས་ན་གླང་རྒན་རྒྱུད་བཙོག་དག་གིས་གྲོས་ཚོགས་འཐུས་མིའི་ནང་ལ་འཚང་ཁ་མ་རྒྱག་རོགས། རང་བློ་རང་ལ་གསང་བ་མིན་པས་མི་མང་ལ་མགོ་སྐོར་གཏོང་བའི་ཆེད་དུ་རང་གིས་རང་ལ་མགོ་སྐོར་དེ་བས་མ་གཏོང་། རང་ཉིད་རང་ལ་ཤ་མི་ཚ་ནའང་། མི་རིགས་དང་རྒྱལ་ཁབ་ལ་ཤ་ཚ་ཡོད་པར་གྱིས། བོད་མི་རེ་རེ་ནི་བོད་རྒྱལ་ཁབ་ཀྱི་གྲུབ་ཆ་རེ་རེ་ཡིན་པས་ང་ལ་བོད་མི་ཚང་མར་ཤ་དང་རུས་པའི་བརྩེ་བ་ཡོད།
ད་མང་བོ་མི་བཤད། “བུ་གོ་བ་ཅན་ལ་ཚིག་གཅིག་དང་། རྟ་གོམ་པ་ཅན་ལ་ལྕག་གཅིག་ཡིན”། མ་གོ་ཚིག་ལ་འགྲེལ་བ་མེད།
༡༣/༠༩/༢༠༢༠ ལ་ཕ་རེ་སི་ནས།
ཧ་ཧ་ཧ་མིག་ཡ་གཅིག་གིས་བལྟས་ནས་ཚོར་བ་ཕྱིར་ལུད་པ་ཙམ་ཞིག་རེད། ཁྱེད་ཀྱི་འོས་མི་དེ་ཚོར་༸གོང་ས་མཆོག་གི་གཏིིང་ཕུག་ཟབ་པའི་དགོངས་གཞི་རྟོགས་ཤིང་བསྒྲུབ་པའི་ནུས་པ་ཡོད་དམ། སྐད་ཡིག་རྒྱུན་འཛིན་དང་། ཀུན་སྤྱོད་རྒྱུན་འཛིན་གྱི་གཞི་རྩའི་བསམ་བློའི་རྨང་གཞི་ཡོད་དམ། ཁྱེད་ཀྱི་འོས་མི་འདི་རྣམས་གཞན་གྱི་སྐད་ཡིག་དང་བསམ་བློས་བོད་མི་ཚབ་བྱེད་མཁན་དག་རེད། ཁྱེད་ཀྱིས་བཙན་བྱོལ་འཐོར་ལ་ཁེད་པོ་འདི་ཡོངས་སུ་ཐོར་འཇུག་རྒྱུ་ཡིན་པ་འདྲ། (དཀོན་མཆོག་སྒྲོལ་མ་སུ་རེད་མི་ཤེས།) ད་ཅང་ཤོད་མི་དགོས་ཀི མི་རིགས་ལ་སྤྱི་ཡོངས་ནས་བསམ་ཤེས་ཐུབ་མཁན་ཞིག་ཡིན་ན། སྤེན་ཚེ་ལས་དྲག་པ་མི་འདུག སྤེན་ཚེ། དངོས་གྲུབ། བློ་སྙན་གསུམ་དགའ་ཤོས་རེད།
རྗེས་ལོ་ ༢༠༢༡ གི་སྲིད་སྐྱོང་ལ་བུད་མེད་སླེབས་དགོས་པ་ལ་རྒྱུ་ཚན་མང་པོ་ཡོད་པ་མཐོང། ༡ འདས་པའི་བཙན་བྱོལ་སྤྱི་ཚོགས་ནང་བཀའ་ཁྲི་འམ་སྲིད་སྐྱོང་སྐྱ་སེར་གཉིས་ནས་གནང་ནས་བཟང་ངན་གྱི་བྱས་རྗེས་བཙན་བྱོལ་བོད་མིའི་ལོ་རྒྱུས་དེབ་ཐེར་ནང་བཀོད་ནས་དེ་ནས་གསལ་ཡོང་རྒྱུ་དང།
༢ བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་ཕོ་མོ་འདྲ་ཟེར་བའི་ཐ་སྙད་འཁོད་པ་ལ་ང་ཚོའི་འགན་ཁུར་དགོས་པ་དང།
༣ དབུས་བོད་མིའི་སྒྲིག་འཛུགས་འཛིན་སྐྱོང་བཀའ་ཤག་གི་ལས་འཆར་ནང་བུད་མེད་ཀྱི་ནུས་སྟོབས་སྤེལ་རྒྱུ་ཟེར་བའི་དམ་བཅའ་ལ་ང་ཚོའི་འགན་ཁུར་དགོས་པ།
༤ བོད་ཀྱི་བུད་མེད་ཀྱི་འཇོན་སྟངས་དང་ནུས་པ་དེ་འཛམ་གླིང་མི་མང་གི་མདུན་དུ་སྟོན་དགོས་པ།
༥ ཆོལ་གསུམ་བོད་མིའི་ཆིག་སྒྲིལ་ལ་ཕོ་ལས་མོའི་འགན་ཁུར་ཆེ་བ་ལེན་ཐུབ་པ།
གོང་གསལ་རྒྱུ་ཚན་དང་གནས་ལུགས་ལ་འགན་ཁུར་ནས་རྗེས་ལོ་༢༠༢༡ གི་སྲིད་སྐྱོང་དེ་བུད་མེད་སླེབས་དགོས་པ་གལ་ཆེར་མཐོང།
ནོར་བཅོས་ ཕོ་མོ་འདྲ་མཉམ་
ངའི་སྲིད་སྐྱོང་གི་འོས་མི་དག གི་ནང་དོན་དེ་རྒྱ་རི་སྒྲོལ་མའི་འོས་གཏོར་ཐབས་ཆེད་ཡིན་ངེས་པ་ལས་བུད་མེད་ལ་རྒྱབ་སྐྱོར་ཅི་ནས་ཀྱང་ཡིན་མིན་འདུག། ཁོ་བས་བུད་མེད་ཀྱི་སྲིད་སྐྱོང་ཞིག་དགོས་ན་ཅེས་ན་ཞིག་རྒྱབ་འདུག དགོས་ཟེར་ལེ་མི་གདའ། དཔའ་རྩལ་མེད་པའི་ཕུག་རོན་ཟ་འདོད་ཅན་གྱི་ཞི་མིའི་གཡོ་གཏམ་དེ་དྲན་བྱུང། རྒྱབ་ན་དམིགས་ཡུལ་གཞན་འདུག དེ་སྤེན་ཚེ་ཡིན་སྲིད། ལྷ་སྒྲོན་ལགས་གནས་སྐབས་ལོ་ཤས་རིང་བོད་པའི་སྤྱི་ཚོགས་ནང་དངོས་སུ་བསིམ་ནས་ལས་ལ་བཞུགས་ན་སྤྱི་སྒེར་གཉིས་སུ་ཕུགས་རན་གསོ་ཆེ། འདི་ངའི་བསམ་ཚུལ་ཡིན།
དོག་པ་གཉིས་པ་དེ་བཀའ་བློན་བྱས་ནས་ད་ཆ་དམིགས་གསལ་ཞིག་ཞུ་རྒྱུ་མེད་ཞུ་བ་དེ་རེད། སྤྱང་ཀའི་ལུག་ལྤགས་གྱོན་པའི་གཡོ་མིན་པ་བྱས་མ་ཤེས་ལ་ཡིན་ན། བཀའ་བློན་དེ་སུས་བཀོད་རེད། གལ་སྲིད་བཀོད་འགན་ཡོད་པ་ཞིག་ཡོད་ན། མཐའ་མའི་འགན་ཡོད་མཁན་དེར་འགན་དབང་གཉིས་ཀ་ཡོད་པའི་བཀུར་པ་པོ་དེ་ཡིན། དེ་སྲིད་སྐྱོང་ལ་རྩོད་བྱའི་དམིགས་ཡུལ་ཡང་ཡིན། ཁྱེད་རྣམ་པའི་མི་མཁྱེན་པ་ངས་གང་ནས་ཤེས། ཁྱེད་རྣམ་པའི་ལད་མོ་གཅིག་ཀྱང་ཞུ་ཧཧཧཧཧཧ དེ་སོང་སྲིད་སྐྱོང་འཁོད་ན་ཞུ་ཐག་གཅོད་རྒྱུ་མང་པོ་ཡོད། བོད་སྤྱི་བའི་འདོད་དོན་གསལ་རྒྱུའི་ལམ་ཕྱོགས་༸གོང་ས་མཆོག་ནས་ལམ་སྟོན་གནང་བ་བསྒྲུབ་ཐབས་སུ་རང་ངོས་ཀྱི་ཐག་གཅོད་ལྡན་པའི་ནུས་པ་འདོན་རྒྱུ་ཡོད། ཁྱེད་ནས་རེ་སྨོན་ཡོད་པའི་ལྷ་སྒྲོན་ལགས་དང་ངས་བསམ་འཆར་དངོས་སུ་བོད་མིའི་སྤྱི་ཚོགས་ནང་བསིམ་ཐབས་ཡོང་ཆེད་ལོ་ཤས་ཨ་རི་དང་རྒྱ་གར་སོགས་གནད་ཡོད་ཀྱི་ས་གནས་ཤིག་ཏུ་སྐུ་ཚབ་དོན་གཅོད་ཀྱི་ལས་གནད་དམ་དེ་མིན་ལས་སྣེ་ཞིག་ཏུ་འཁོད་ཐབས་ཞུ་ལམ་དེའང་སྲིད་སྐྱོང་ལ་མིན་འདུག་གམ། དེ་ལྟ་བུ་དཔེ་མཚོན་ཡིན། དེ་མིན་བཀའ་བློན་ཡག་པོ་བཀོད་རྒྱུ་དེ་སྲིད་སྐྱོང་དེའི་ཕར་གནང་པའི་ལས་དང་འགན་དེ་བཀའ་བློན་ཚོའི་དགོངས་ཚུལ་དུ་གསན་ཤེས་སམ་དགོངས་ཚུལ་གསན་ནས་ལག་ལེན་དུ་བལྟར་ན་འཐུས་མ་འཐུས་ཐག་གཅོད་ཤེས་རྒྱུ་ཡང་ཡིན། སྤྱི་འཐུས་ཁྱེད་ནས་གསུང་པ་ལྟར་ཤིན་ཏུ་ནས་གལ་ཆེ་ཡིན་པས་དེ་ལའང་གཟབ་ཤོག།
མི་རིགས་དེ་གསུམ་བོད་རིགས་དང་ཤ་རུས་གཅིག་པ་ཤ་རྟག་ཡིན་ཅེས་པ་ང་ཚོའི་ཕྱི་ལོ་དྲུག་ཅུའི་ནང་ནས་སྦྱང་མ་ཤི་བར་ལུས་ངག་ཡིད་གསུམ་གྱི་བྱ་སྤྱོད་དུ་འཁུར་པའི་གནད་དེར་ཁྱེད་ནས་བརྩེ་མཐོང་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།།
ངས་སྲིད་སྐྱོང་འོས་མི་ནི། རྒྱ་རི་སྒྲོལ་མ་ལཌ་དང་འབྲོང་ཆུང་ལཌ་གང་རུང་ཡིན། རྒྱབ་བསྐྱོར་ཤོག
གུས་པས་རེ་བར་ཤར་གླིང་ཟླ་སྒྲོན་དང་། ལྷ་རྒྱ་རི་སོགས་ན་གཞོན་བུ་མོ་ཚོར་སྲིད་སྐྱོངས་བཞེངས་ན་དགའ་བསུ་ཐལ་མོ་བརྡེབ་འདོད་ཡོད།