བློ་གྲོས་རབ་བརྟན།
སྲིད་སྐྱོང་འོས་མི་ལ་ལངས་འདོད་དེ་ཙམ་མེད་ནའང་མི་མང་གིས་རེ་བསྐུལ་ལ་ཉན་མཁན་གྱི་འོས་མི་ཡོད་ཆོག རེད་དེ། དེ་ལས་ཀྱང་མི་དགོས་པ་དང་ཞེ་སྣང་ཚ་བོ་ཞིག་ལ། དབང་ཆ་དང་གོ་གནས་ལ་རྔམ་སྟེ་སྲིད་སྐྱོང་འོས་མི་ལ་ལངས་ཡོང་གི་འདུག ད་དུང་དེར་མི་མང་འཐོམ་རྐྱལ་སྐོར་ཞིག་གིས་རྒྱབ་སྐྱོར་བྱེད་པ་འདི་རེད།
ངས་སྲིད་སྐྱོང་བྱེད་ཀྱི་ཡིན། ངས་སྲིད་སྐྱོང་འཇོན་གྱི་ཡོད། ང་ལ་འོས་ཤོག་འཕེན་རོགས། ང་སྲིད་སྐྱོང་གི་ཁྲི་ལ་བསྐོ་རོགས་ཟེར་ནས་རི་ལུང་ཉུལ་ཏེ། མི་མང་ལྐུག་པ་ཚོ་ཚོགས་འདུ་ཚོགས། ཚོགས་ཐོག་ཏུ་སྐད་ཆ་བཤད། འུར་བརྒྱབ་ནས་སྐད་ཆ་བཤད། སྐྱག་རྫུན་དང་ཧམ་པ་བཤད། བྱས་རབས་དང་ཉམས་མྱོང་ཡོད་རབས་ཀྱིས་མི་མང་འཐོམ་རྐྱལ་ཚོར་མགོ་སྐོར་བཏང་། མི་དེ་འདྲ་ཞིག་ཁྱོད་ཚོའི་སྲིད་སྐྱོང་འོས་མི་རེད། ཁོ་ལ་དགོས་པ་ཐོབ་དང་གོ་ས་རེད། ཁོ་ལ་ཐོབ་དང་གོ་ས་ཡོད་སོང་ན། ཁོས་སྤྱི་དོན་ཁ་ལ་འཁྱེར་ནས་རང་དོན་ནས་ཆོལ་དོན། དེ་ནས་རང་གི་གྲོགས་པོ་ནང་མིའི་འཚོ་དོན་ལ་མཐུན་རྐྱེན་བསྐྲུན་རྒྱུ། སྤྱི་ཡི་དོན་དེ་ལས་དོན་གཉིས་པ་བྱེད་རྒྱུ་དེ་རེད། དེ་ནི་ངས་སྲིད་སྐྱོང་བྱེད་རྒྱུ་ཡིན་ཟེར་མཁན་དེའི་དམིགས་ཡུལ་རེད། ད་ཤེས་སོང་ཨེ། འཐོམ་རྐྱལ་ཚོ།
གོ་ས་ལ་རྔམ་པའི་སྲིད་སྐྱོང་འོས་མིར། རྒྱབ་སྐྱོར་བ་མི་མང་འཐོམ་རྐྱལ་ཚོ། ལྐུག་པ་ཚོ། བསམ་བློ་ཕྲན་བུ་གཏོང་ཨེ་ཤེས། སྔ་གཞུག་ལ་ཅུང་ཙམ་ལྟ་ཨེ་ཤེས། ཧམ་བཤད་ལ་ཉན་ནས་རྒྱུག་རྐྱང་ཡིན་ནམ། ཁོས་ཁྱོད་ཚོར་བེད་སྤྱོད་གཏོང་གི་ཡོད་པ་ཨེ་ཤེས། ཁོས་ཁྱོད་ཚོ་བེད་སྤྱད་དེ་གོ་གནས་འཛིན་ཐབས་གནང་བཞིན་པ་མི་མཐོང་ངམ། མིག་གཉིས་ཀས་ཧྲིག་གེ་ལྟོས་དང་། མཐོང་ཡ་དང་ཤེས་ཡ་བསམ་བློ་གཏོང་ཡ་རེ་མི་འདུག་གམ། སྲིད་སྐྱོང་འོས་མི་གཞན་ཚོ་དེ་ལྟར་གནང་གི་འདུག་གམ། མེད་ན་ཁོས་དེ་ལྟར་གནང་དགོས་པའི་རྒྱུ་མཚན་ཅི་རེད། གཞན་ཚོར་ལྷོད་ཤིག་ཤིག་བསྡད་དུས། ཁོ་བྲེལ་ལ་འཚུབ་འཚུབ་ཀྱིས་རི་ལུང་ཉུལ་དོན་ཅི་རེད། བསམ་ཤེས་ན་གནད་དོན་དེ་ནས་ཁོ་ཡོངས་སུ་བསྟན་ཡོད། ཁོ་གོ་ས་རྔམ་པའི་མི་ཞིག་ཡིན་པ་ཁོའི་བྱེད་སྟངས་དེས་བསྟན། མི་མང་འཐོམ་རྐྱལ་ཚོ།
མི་མང་འཐོམ་རྐྱལ་ཚོས། གལ་ཏེ་ཁྱོད་ཚོས་ནག་འཐོམ་འཐོམ་ངང་ཁོ་སྲིད་སྐྱོང་ལ་བསྐོས་ཡོང་ན། མ་འོངས་པའི་བོད་ལ་ཅི་ཞིག་འབྱུང་གི་ཡོད་མེད་ཨེ་ཤེས། ཁྱོད་ཚོའི་འོས་ཤོག་དེས། ད་ལྟའི་བཙན་བྱོལ་སྒྲིག་འཛུགས་འདིའི་སྲིད་སྐྱོང་ནི། གོང་ས་མཆོག་ལ་སེམས་གཏིང་ནས་གུས་ཞབས་མེད་པ། འཛིན་སྐྱོང་ལ་ཚགས་ཚུད་མེད་པ། བོད་དོན་ལ་མདུན་སྐྱོད་མེད་པ། མི་མང་ལ་མཐུན་སྒྲིལ་མེད་པ། རང་གི་སྐད་ཡིག་ལ་མཐོང་མེད་པ་སོགས་གནས་སྟངས་སྐྱོ་བོ་དེ་དག་གི་རྒྱུན་མཐུད་དེ་མཇུག་སྐྱོང་མཁན་འོས་མི་གཅིག་བུ་དེ་ཁོ་ཡིན་པ་མ་ཟད། བོད་ཕྱི་ནང་གི་འབྲེལ་བ་དང་བཙན་བྱོལ་བོད་མིའི་གནས་སྟངས་གང་ཐད་ནས་སྡུག་ནས་སྡུག་ཏུ་འགྲོ་སྲིད་ཅིང་། གཅིག་བྱས་ན་ཁོ་ལ་སྲིད་སྐྱོང་གི་འོས་ཐོབ་སྲིད་དེ། དེང་སང་བོད་པ་ཚོ་རླུང་རྟ་རྒུད་པའི་སྒང་གི་ཡིན། མི་མང་འཐོམ་རྐྱལ་ཚོས། ཧམ་ཅན་དང་ཁྲམ་པར་གོ་སར་འབུལ་པའི་དུས་རེད། བདེན་པ་དང་དོན་དངོས་བཞག་སྟེ་གཡོ་སྒྱུ་དང་ཕྱོགས་རེས་ཀྱིས་བོད་ཀྱི་སྤྱི་ཚོགས་དབང་སྒྱུར་བའི་དུས་རེད།
བོད་པ་ཚོ། དེའི་ནང་ནས་འཐོམ་རྐྱལ་ཚོ། གལ་ཏེ་ཁྱོད་ཚོས་གོ་གནས་ལ་རྔམ་པའི་སྲིད་སྐྱོང་འོས་མི་དེ། ཉེར་གཅིག་སྲིད་སྐྱོང་ལ་བསྐོས་སོང་ན། ངས་བརྒྱ་ཆ་བརྒྱ་བོད་མི་ཚོ་བཀྲ་མ་ཤེས་པ་ཞིག་དང་དོན་མ་འགྲུབ་པ་ཞིག་ཡོང་རྒྱུ་ཡིན་པ་ངས་བཤད་ཐུབ། བསམ་བློ་རྣལ་དུ་ཕབ་སྟེ་འཐོབ་སངས་སུ་ཆུགས། སྤྱི་བ་ལ་བསམ་བློ་མང་པོ་ཐོངས། ཁོའི་ཧམ་བཤད་ལ་ཉན་མཚམས་ཞོག ཁོའི་སྔ་ཕྱི་ལ་བརྟག་འགོ་རྩོམས་རོགས།
གོ་ས་ལ་རྔམ་པའི་སྲིད་སྐྱོང་འོས་མི། དེའི་རྒྱབ་སྐྱོར་བ་འཐོམ་རྐྱལ་ཚོ། ཅེས་པའི་གནས་དོན་ལ་བལྟ་རྒྱུ་གང་ཡང་མིན་འདུག མིང་ལ་བློ་གྲོས་རབ་བརྟན་བྲིས་པ་ལས་དོན་དུ་འཐོམ་རྐྱལ་སོགས་ཀྱི་སྨད་སྨྲ་རྣམས་ཁྱེད་རེས་ལེན་ན་མཚུངས་ཆ་ཆེ་འདུག འོས་མི་དང་འོས་འཕེན་པ་ནི་དམངས་གཙོའི་ཁེ་འགན་ཞུ་མཁན་ཡིན། འོས་དང་མི་འོས་ཀྱི་མཚམས་དེ་འོས་འཕེན་པས་ཐག་གཅོད་རྒྱུ་རེད། འོས་མི་ཚད་ཐུབ་མེད་ན་སྐྱོན་བརྗོད་ཞུ་དགོས་རེད། དེ་ཚད་ལྡན་དགོས། ཁྱེད་ལ་ནི་དབྱིོན་དཔེ་ལྟར་རྩ་རྙོག་བརྡུངས་ཐུབ་ཙམ་ལས་དེ་མིན་རྩོད་པའི་ནུས་པ་དང་དཔའ་མིན་འདུག ནུས་དཔའ་ག་ནས་ཡོང་དེ་ཡང་བདེན་མཐས་རྐྱལ་དགོས་དུས། མིག་ལོངས་བ་མིན་ན་རྒྱལ་ཁབ་གཞན་ལ་བལྟོས། རྣ་བ་འོན་པ་མིན་དམངས་གཙོའི་འོས་བསྡུ་སྐབས་གང་གླེང་ཉོན། བསམ་པ་རྣལ་དུ་ཡོད་ན་རང་ཐག་གཅོད་རྒྱུའི་རང་དབང་དེ་ལེན། རྣམ་དཔྱོད་དང་རྒྱལ་ཁབ་ལ་ཤ་ཞེན་ལྡན་པའི་འོས་མི་ལོས་རྒྱལ་གྱུར།
ཀིས་ཁེཏ་ཀ་མུ་ལི་ཧས། ཞེས་པ་གོང་གི་མཆན་ལོས་རྒྱལ་གྱུར་ཅེས་པའི་མཚམས་སུ་སྤྱར་ཀློག་གནང་རོགས་ཞུ།
ཚེ་བརྟན་འགྱུར་མེད་ཟེར་དེས་བསམ་བློ་ཐོངས་ཨ། བློ་རབ་ཀྱིས་སྐད་ཆ་ཉན་ཤེས་པར་བྱོས། མི་མང་འཐོམ་རྐྱལ་ཚོ་འོས་མིའི་གཡོ་འོག་ཏུ་ཚུན་གྱིན་འདུག་ཟེར་བ་རེད་མ་གཏོགས་སུ་འདེམས་མིན་དང་སུ་ལངས་མི་རང་དབང་རེད། གོ་ས་རྔམ་པའི་འོས་མི་དེའི་ཁ་ལ་ཉན་མི་རུང་། བརྟག་་དཔྱད་གནང་རོགས་ཟེར་བ་རེད།
ཧ་གོ་དོན་རྟོགས་ལས་བྲིས་ཡོད། མི་མང་འཐོམ་རྐྱལ་ཟེར་ནས་བོད་མི་དམངས་ལ་མཐོང་ཆུང་དང་སྨད་ར་གང་གིས་ཕྱིར་གཏོང་ངམ། རང་དོན་མ་བསྒྲུབས་པས་ཡིན་ནམ། ང་ནི་འཐོམ་རྒྱལ་མིན་ལ་བོད་མི་གཞན་རྣམ་ཀྱང་ག་ནས་ཡིན། རིན་ཆེན་ཁྱེད་ཡིན་ན་ངས་མི་ཤེས། གཞི་ནས་ངས་ལན་བློ་གྲོས་རབ་བརྟན་ལ་རྒྱབ་པ་ཁྱེད་ལ་ན་ཟུག་རྒྱག་དགོས་དོན་གང་གིས་ཕྱིར་རོ། གོ་ས་ཁེ་རུང་ལ་རྔམ་པའི་འོས་མི་ཡོད་ན་རྒྱུ་མཚན་དང་བཅས་མིང་འདོན་ཐུབ་པ་དགོས། བརྟག་དཔྱད་བྱས་ནས་ད་བར་འོས་བླུགས་ཡོད་རེད་ཅེས་ཡང་སྐྱར་ཞུ་ཡི་ཡིན།།
ཡིག་ནོར། དོན་རྟོགས་ལས༼ནས༽ འཐོམ་རྒྱལ༼རྐྱལ༽ གཞན་རྣམ་༼རྣམས༽ རྒྱབ༼བརྒྱབ༽ཁེ་༼གང༽སྐྱར༼བསྐྱར༽ ཡིག་ཕྲེང་དྲུག་ལ་ཡིག་ནོར་དྲུག དང་པོ་ངེད་གཉིས་ཀྱིས་དག་ཡིག་སྦྱང་ན་ཡག་ས་རེད། ཨ་རོགས།
ཚེ་བརྟན་འགྱུར་མེད་ཅེས་མིང་འབྲི་རྒྱུ་བརྗེད་འདུག མཆན་གོང་མ་དེ་ཁོ་ལ་ཡིན།
མངས་གཙོ་བློས་ཡིན། དམངས་གཙོ་ཞེས་པས་བོད་གཡོག་པོར་ཆགས་ནས་ཡར་ལངས་མི་ཐུབ་པ་ཞིག་ཏུ་བཟོ་
དགོས་ན། དམངས་གཙོ་ལ་ཤུགས་རྒྱོབས། ཞེས་ཞུ་བ་ཆེན་པོ་ཡིན་ལྟ།
རིན་ཆེན། ཚེ་བརྟན་འགྱུར་མེད་དག་ཆ་མིན་འདུག་ཟེར་མཁན་དང་པོ་དེ་ང་རང་་(ཚེ་འགྱུར)རང་ཡིན། ཁ་བརྡ་ནང་ལབ་མཁན་ཁྱེད་རང་གཉིས་པ་དེ་རེད། ཧང་སངས་དགོས་མི་འདུག ང་ཁ་བརྡའི་ནང་དག་ཆ་སུ་ཡག་སྡུར་ཆེད་འཆད་ཀྱི་མེད། བོད་མི་མང་ཆེད་དོན་བཤད་བསམ་སྡུར་བྱེད་པ་ལས་དེ་མིན་གནད་དོན་གང་ཡང་མེད་དོ། སངས་རྒྱས། སང་སྒྱས། གསང་དགྱས་ཞེས་ཇི་ལྟར་བྲིས་ཀྱང་དོན་དུ་མ་རིག་པ་ཉིད་ལས་སངས་ཤིང་ཤེས་བྱའི་བློ་གྲོས་ལས་རྒྱས་པའི་སྟོན་པ་བཅོམ་ལྡན་འདས་ལྟ་བུ་ཞིག་ལ་གོ་ཐུབ་གོ་ཤེས་ངེས་ཚོད་དཔག་ཐུབ་ན་དོན་དེ་རེད། ཤེས་རྒྱུ་དེ་རེད། གནད་དེ་རེད། ཁྱེད་ཀྱི་ཀྱང་ངས་བྲིས་པ་ཁག་ཧ་གོ་དོན་ཤེས་ངོས་ལེན་མཐར་བྱ་ཐབས་བྲལ་ནས་ཡིག་ནོར་ལ་སྙད་བཏགས་པ་འདྲ་འདུག ཡིག་ཕྱེད་གོ་བས་ཤེས་ཞེས་བོད་པའི་དཔེ་འདི་ལའང་གོ་རྒྱུ་དང་བསམ་རྒྱུ་རྟོགས་རྒྱུ་ཤིག་ཡོད་ངེས་མིན་འདུག་གམ། ད་ནས་རྩོད་པའི་གནད་དོན་མེད་ན་འདི་རྗེས་ལན་མི་ཞུའོ།
སྙན་ངག་ལས། སྙན་དངགས་འདི་དག་པ་རེད། མང་གཙོ་དང་། མངས་གཙོ་འདི་གཉིས་ལས། གཅིག་གདེམས་དགོས་ཀྱང་། དམངས་གཙོ་ནི་ནོར་བ་རེད། ད་དུང་། མི་མངས་གླང་གླུ རྒྱུད་མངས། གཞུང་མངས་སོགས་ལ་དཔྱད་ཞིབ་དགོས་པ་མང་པོ་འདུག་སྙམ་མོ།།
མི་མངས་གླང་གླུ
འདི།
མི་མངས་ལངས་གླུ
ལ་བཅོས།
ད་ཡིན་ན་འདུག “སངས་རྒྱས། སང་སྒྱས། གསང་དགྱས་” འདི་འདྲ་བྲིས་ནའང་འགྲིག་གི་རེད་མདོག་མདོག ཨ་ལེ། ཡི་གེའི་དག་ཆ་ཙམ་ཤེས་ཀྱི་མེད་ན། གཞན་ཞིག་ག་བ་ག་བ། སྨྲ་མཚམས་བཞག་ཏག་ཏག་རེད་ཡ། རང་ཚོད་ཟིན་ན་ཡག་གི་རེད།