གོང་གི་ཚེག་དང་བར་སྟོང་སྐོར་ལ་གུས་པའི་བསམ་འཆར་འདི་ཡིན།
བོད་ཡིག་གི་ཚེག་འདི་བཅད་མཚམས་ཤིག་རེད། དེ་དབྱིན་ཡིག་གི་སྟོང་ཆ་དེ་དང་དོན་གཅིག་གོ། གཉིས་ཀ་བཅད་མཚམས་ཤིག་རེད། གལ་ཏེ་བོད་ཡིག་ལ་བར་སྟོང་དགོས་ཟེར་ན། ཚེག་འདི་དོར་དགོས། ཚེག་གང་ཡོད་ལ་བར་སྟོང་འཇོག་ན། ཡིག་གེའི་བཅད་མཚམས་ཡང་དེ་ནས་ཤེས་ཐུབ། དེ་ལྟར་བྱུང་ན། ཡི་གེའི་ཚེག་ཁྱིམ་ལ་རྙོག་འདྲ་བྱུང་མི་འགྱུར། དཔེར་ན་གཤམ་གྱི་མཆན་ལ་གཟིགས་དང་།
བཀའ བློན དེ གནའ རབས བོད མིའི ཡོན ཏན ཀུན ཚང བའི བོད མི རྒན རྒོན ཞིག རེད འདུག སྔོན མ རྒྱལ བ རིན པོ ཆེ བཀའ བློན སྦུག ལ ཕེབས། སྐུའི གཅེན གཅུང གཉིས དང རྒྱ གར གནས སྡོད བོད མི ཚོས རྒྱལ བ མཆོག ལ བོད པ ཕྱིར ལོག ཕེབས རྒྱུར དུས འགྱང གནང རོགས ཅེས ཞུ སྐུལ ཕུལ། བཀའ ཟུར
ཁོང སྐབས དེ དུས ས གནས བོད མིའི དབུ ཁྲིད ལ སོང སྟབས། རྒྱལ བ རིན པོ ཆེ ལ ཞུ སྐུལ ཕུལ འདུག རྗེས མ ཡོངས འཛིན གཉིས ལ གོ བསྡུར ཞུས
རྗེས རྒྱལ བ རིན པོ ཆེས ལྷའི ལུང བསྟན གསན རྒྱུར ཐག བཅད སྟབས། བཀའ བློན ཁོང བློ ཕམ བྱུང །
ལྷ སྐུ སྤྱན འདྲེན ཞུ བའི ཉིན མ དེར། བཀའ བློན ཁོང ཡང འདུ འཛོམས དེ གར གདན ཞུ བྱས སྟབས། ཁོང དེར ཕེབས། སྔོན ནས གྲ སྒྲིག ཟིན པ ལྟར བཀའ བློན ཁོང འདུ འཛོམས ཀྱི གྲལ མགོར རྒྱལ བའི དང ཉེ ཁྲིས སུ བཞུགས སུ གསོལ སྐབས། ཁོང ནས ལྷ ཕེབས མཁན དེ ལ གཅིག གཟིགས། དེ ནས རྒྱལ བ རིན པོ ཆེའི ཞལ ལ ཡར གཟིགས ནས། སྔོན མ བོད ཀྱི གཏམ དཔེར། “མི འུ ཐུག ལྷ ལ འདྲིས། ལྷ འུ ཐུག སྐྱག བརྫུན ཤོད ཟེར བའི དཔེ ཡོད། ད ལྟ ང ཚོ འདི རང བྱེད བཞིན པ མ ཡིན ནམ”ཞེས བཞུགས གྲལ གྱི ཐོག ནས
རྒྱལ བ ལ གསུངས པ བོད མིའི ངག རྒྱུན ལ འདུག
འོ་ད་བོད་ཡིག་ཚེག་མེད་བར་སྟོང་ཅན་འདི་འདྲ་བྲི་འགོ་ཚུགས་ན་ གཞོན་སྐྱེས་ཚོར་ཕན་ཐོག་རྒྱུ་ཕར་བཞོག་ བོད་ཡིག་གི་ཚིག་གྲུབ་བཟོ་སྟངས་དེ་ཁ་ཐོར་དགུ་ཐོར་བཏང་སྟེ་ཚིག་ཀང་གོང་འོག་གང་དུ་སྦྱོར་དགོས་མིན་མ་ཤེས་པར་མགོ་ཐོམས་ནས་རྙོག་ཁྲ་ལུང་པ་གང་བཟོ་ཉེན་འདུག་ ད་བློ་ཚབ་ཆེན་པོ་ཡོང་ནི་ཡ་།
ཐུན་མིན་ཁ་བ་གངས་ཅན་པའི་ཡི་གེ་འཇིག་རྟེན་གྱི་ཁམས་འདིར་བསླེབས་ནས་ལོ་ངོ་སྟོང་ཕྲག་དུ་མ་ཕྱིན། དེའི་བར་བླ་མེད་རྣམ་དཔྱོད་ལྡན་པའི་མཁས་དབང་མང་པོ་ཞིག་གིས་རང་རེའི་ཡི་གེ་འདིའི་ལམ་ནས་ཆོས་སྲིད་ཀྱི་བྱ་བཞག་མཐའ་དག་བདེ་བླག་ངང་འཛིན་སྐྱོང་སྤེལ་གསུམ་གནང་སྐབས་གང་ལའང་བར་སྟོང་མེད་པར་ཀློག་རྒྱུའི་དཀའ་ངལ་འཕྲད་པ་ཟུར་ཙམ་ཡང་ཐོས་མྱོང་མེད། ད་ལྟའི་དུས་རབས་འདིར་རང་རང་སོ་སོས་བོད་ཡིག་ཀློག་སྟང་ལ་དཀའ་ངལ་འཕྲད་པར་བརྟེན། ངེས་པར་བོད་ཡིག་ལ་དབྱིན་ཡིག་ལྟར་བར་སྟོང་འཇོག་དགོས་པའི་བསམ་ཚུལ་བརྗོད་མཁན་འདུག་མོད། དེ་འདྲའི་བོད་རིགས་རྣམས་ཀྱིས་ཐོག་མར་བོད་ཡིག་འབྲི་ཀློག་ཡག་པོ་ཞིག་སྦྱོང་རྒྱུ་ལས། བོད་ཡིག་ལ་དབྱིན་ཡིག་འབྲི་སྲོལ་ལྟར་བར་སྟོང་དགོས་པའི་རེ་འདོན་བྱེད་པ་ནི་རང་གི་སེམས་ཁ་ནང་དུ་བསྐོར་ནས་བསམ་བློ་རེ་ཐོངས་དང་། རང་ཉིད་རང་ལའང་ངོ་ཚ་དགོས་པ་དང་སེམས་སྐྱོ་དགོས་པའི་གནས་ཞིག་རེད་མི་འདུག་གམ།
ཚེག་ཐུང་འདིས་སུ་ལ་གནོད་པ་ཡིན་ནམ། གསར་བརྗེ་བ་ཚོས་ག་རེ་བསམ་གིན་ཡོད་དམ།
བོད་ཡིག་ལ་འདི་འདྲའི་བྱབ་ཆུང་གི་འགྱུར་བ་གཏོང་དགོས་དོན་ཅི་ཡང་མི་འདུག འདི་འདྲ་བྱས་ན་ཕན་པ་ལས་གནོད་པ་ཡོང་ས་རེད།
ད་ཕྱི་རྒྱལ་ནས་རང་གི་བོད་སྐད་དང་བོད་ཡིག་ཡག་པོ་ཞིག་མ་ཤེས་ནས། ད་བོད་ཡིག་ཚེག་མེད་བར་སྟོང་ཅན་འདི་འདྲ་བཟོས་ན་བོད་ནང་གི་བོད་པ་ཚོ་ངོ་མི་ཚ་འམ། དེ་སོ་སོ་སྐད་དང་ཡི་གེ་ཡག་པོ་ཞིག་མི་ཤེས་པའི་རྟགས་གསལ་བོ་བསྟན་པ་རེད།
ཐོན་མི་བཀའ་དྲིན་ཅན་གྱིས་སྲོལ་བཏོད། པཎ་གྲུབ་གོང་མ་རྣམས་ཀྱིས་དར་ཞིང་རྒྱས་པར་མཛད་པའི་ད་ལྟའི་བོད་ཡིག་འདིས་བོད་ཀྱི་རིག་གནས་ཆེ་ཆུང་སྤྱི་དང་ལྷག་ནང་དོན་རིག་པའི་གཞུང་ཆེན་རྣམས་ཀྱི་དགོངས་དོན་གསལ་བར་སྟོན་ཐུབ་པ་ལས་ཚེག་མེད་པའི་རྐྱེན་གྱིས་གོ་དོན་འཁྲུག་པའི་ལོ་རྒྱུས་མེད། གོང་དུ་དྲྭ་གྲོགས་ཤིག་གིས་བོད་ཡིག་གི་ཚེག་འདི་བཅད་མཚམས་སམ་བར་སྟོང་རེད་གསུངས་པ་དོན་ལ་གནས། བོད་ཡིག་ལ་བར་སྟོང་འདོད་མཁན་རྣམས་ནས་བོད་ཡིག་ཡག་པོ་སྦྱོངས། དེ་མིན་ཤ་མ་ཚོས་པ་མི་ཤེས་པར་གྲི་མི་རྣོ་བའི་ཐོག་ཏུ་འཇོག་པའི་དཔེ་ལྟར་རེད། བར་སྟོང་འདོད་མཁན་རྣམས་ཀྱིས་བོད་ཡིག་ཡར་རྒྱས་ཡོང་ཐབས་ལ་བསམ་ཞིབ་བྱས་པར་བསྔགས་བརྗོད་ཡོད།
ཨ་ཁ་དེ་འདྲའི་བསམ་ཚུལ་ལ། ལོ་ངོ་རྒྱ་ཁྲག་ཕྱིན་པའི་ང་ཚོའི་གང་ཅན་ཚང་གི་གཅེས་ནོར་ལ་ཁྱད་བསད་མིན་ནམ་ཅི་ཡིན། གོང་གསལ་རྡོ་རྗེ་ནས་བརྗོད་པའི་ཁ་དཔེ་ ༼ཤ་མ་ཚོས་པ་མི་ཤེས་པར་གྲི་མི་རྣོ་བའི་ཐོག་ཏུ་འཇོག༽་ཟེར་བའི་དཔེ་དེ་དངོས་གནས་རེད། སོ་སོའི་བོད་ཡིག་ཡག་པོ་འབྲི་ཀློག་མི་ཤེས་པའི་སྐྱོན་དེ་དོར་ནས་བོད་ཡིག་ལ་སྐྱོན་འཛིན་པ་དེ་ནི་ཧ་ཅང་བློ་ཕམས་ཀྱི་ཡུལ་ལས་མ་འདས། སོ་སོའི་གཅེས་ནོར་ལ་སྐྱོན་དུ་འཛིན་ནས་ཕྱི་གླིང་པའི་ཡི་གེ་ལ་ཤེན་ཞུགས་ཁུལ་གྱིས་ཕྱི་གླིང་པ་ལ་སྤྲེ་ལེད་འཁྲབ་པ་ཕྲན་ནས་ངོས་བྱེད་ཀྱི་ཡོད།
ཁྱེད་ཚོས་བོད་ཡིག་གི་ཚེགས་དོར་དང་ང་ཚོས་ཁྱོད་ཚོ་དོར་རྒྱུ་ཡིན། ང་ཚོ་ལ་དགོས་པ་དེ་བོད་ཡིག་གི་ཚེགས་ཡིན་མ་གཏོགས་ཁྱོད་ཚོ་མིན། གང་གི་ཕྱིར་ཞེ་ན། བོད་ཡིག་གི་ཚེགས་གིས་གོ་ཆོད་པ་ཙམ་ཞིག་ཁྱོད་ཚོས་ནམ་ཡང་གོ་མི་ཆོད་པས་སོ༎
གྲོགས་པོ་ལགས། སྐུ་ཉིད་ལ་ཚེག་འབྲི་བར་སྐུ་ངལ་ཡོད་ན་བོད་ཡིག་མ་བྲིས་ན་འགྲིག་གི་རེད། མེས་པོ་རྣམ་པས་ལོ་ངོ་སྟོང་ཕྲག་མང་པོ་བྲིས་པའི་རིན་ཐང་དེ་ཅི་ཞིག་གིས་གཞལ། ཡོད་པ་མེད་པར་བཟོ་བ་ལས་མེད་པ་ཡོད་པར་བཟོས་ན་ཡག་པོ་དང་དགེ་མཚན་ཆེ་བར་སྙམ
གྲོགས་པོ་ལགས། སྐུ་ཉིད་ལ་ཚེག་འབྲི་བར་སྐུ་ངལ་ཡོད་ན་བོད་ཡིག་མ་བྲིས་ན་འགྲིག་གི་རེད། མེས་པོ་རྣམ་པས་ལོ་ངོ་སྟོང་ཕྲག་མང་པོ་བྲིས་པའི་རིན་ཐང་དེ་ཅི་ཞིག་གིས་གཞལ། ཡོད་པ་མེད་པར་བཟོ་བ་ལས་མེད་པ་ཡོད་པར་བཟོས་ན་ཡག་པོ་དང་དགེ་མཚན་ཆེ་བར་སྙམ།
understand ངས་དབྱིན་ཡིག་འདི་འདྲ་ཀློག་ཐུབ་རྒྱུ་ཤིན་ཏུ་དཀའ་བས། དབྱིན་ཡིག་ལ་འདི་ལྟར་ un der s tan d བར་སྟོང་འཇོག་དགོས་པ་འདུག
བོད ཡིག བར སྟོང བཞག ནས རྒྱ ཡིག ལྟར འབྲི དགོས པའི ལམ བསྟན པ རེད བོད ཡིག གསར བརྗེ པ ཚོས འདོད པ མཐའ ཐུག ནི བོད ཡིག འདི་རྒྱ་ཡིག་ལ་བསྒྱུར་ཐབས་ཀྱི་ཐབས་ལམ་དང་པོ་སྟེ་རེད།
བོད་ཡིག་ལ་དགའ་བའི་བོད་མི་ཚོས་ཁྲིམས་ལ་སྦྱོར་དགོས་པ་མ་ཡིན་ནམ།
འཇོན་ན་ད་ལྟའི་འབྲི་སྟངས་དང་ཀློག་སྟངས་འདིས་འགྲིག་པ་གྱིས། དེལས་གཞན་བོད་ཡིག་ཉམས་ཆགས་གཏོང་རྒྱུའི་མ་རུང་པའི་གྲབས་གཤོམ་ན་ཁོ་བོ་ཐོན་མིི་ཨ་ནུ་དྲག་པོའི་སྐུར་བཞེངས་ནས། ལོག་འདྲེན་གདུག་པ་ཅན་ཚོ་ཚར་གཅོག་པར་འགྱུར་རོ།།
ཁོར་ཡུག་དང་ཆ་རྐྱེན་གྱིས་དབང་གི་ཡིན་ནའང་འདྲ། སྔར་བོད་ཡིག་ལ་མཐོང་མེད་པར་ད་ལྟ་བོད་ཡིག་སྦྱང་དགོས་ཟེར་མཁན་ཁ་ཤས་ཀྱིས་རང་གི་དགོས་མཁོ་ལ་བརྟེན་ནས་བོད་ཡིག་ལ་བར་སྟོང་འཇོག་སྟེ་བོད་ཡིག་གསར་བརྗེ་གཏོང་དགོས་ཟེར་མཁན་རྣམས་ཀྱིས་ཐོག་མར་བོད་ཡིག་ལེགས་པོ་ཞིག་སྦྱང་རོག
བོད་ནང་ལ་ཡོད་མཁན་ང་རང་ཚོར་དཔེར་བཞག་ན། སྔ་ནས་ད་བར་བོད་ཡིག་ལ་ཚེག་ཡོད་པ་དང་བར་སྟོང་མེད་པའི་དཀའ་ངལ་ཇི་ཡང་འཕྲད་མྱོང་མེད། བོད་ཀྱི་བླ་ན་མེད་པའི་ཡི་གེ་འདི་ཁྱེད་རྣམས་ཀྱིས་མེད་པར་མི་བཟོ་རྒྱུའི་རེ་བ་ཞུ།།
ཁྱོད་ལ་སྤྱི་སེམས་ཡོད་ན་འདི་ལྟར་མ་བཟོ། ཁྱོད་ཀྱི་ཕྱི་རྒྱལ་མགོ་སེར་མགོ་བསྐོར་བཏང་ཐུབ་ཀྱང་བོད་ཀྱི་མཁས་དབང་རྣམས་མགོ་བསྐོར་བཏང་ཐུབ་པའི་རེ་བ་མ་བྱེད།