བཞག་ལྡོམ་ལྗང་ལོ།
དམ་པའི་ལྷ་ཆོས་ཀྱི་དབང་དུ་བྱས་ན་”དགེ་རྒན་ཡག་ཤོས་ནི་དགྲ་བོ་ཡིན་”ཟེར་བ་རེད་མོད། འོན་ཀྱང་། དེ་ལྟ་བུ་ཀུན་སློང་ཡང་དག་པ་ཞིག་སྐྱེ་བ་ལ། བཀའ་བསྟན་ཟུང་དུ་ཐོས་བསམ་སྒོམ་གསུམ་མཐར་ཕྱིན་པ་མེད་ན་ཡོང་ཐབས་བྲལ་པས། དམངས་ཚོགས་ཀྱིས་སྨོན་ལམ་ཙམ་ལས་ཡོང་རྒྱུ་དཀའ་མོ་རེད། དེའི་ཕྱིར། འཇིག་རྟེན་མི་ཆོས་ཀྱི་དབང་དུ་བྱས་ནས་བཤད་ན་བཟང་བྱེད་མཁན་ཀྱི་དྲིན་ལན་མ་ཤེས་ན་བཟང་བྱ་ནི་ཉུང་དུ་འགྲོ་བ་དང་། ངན་བྱེད་མཁན་ཀྱི་སྐྱོན་མ་ཤེས་ན་གནོད་སྐྱེལ་ནི་མང་དུ་འགྲོ་ཟེར་བ་རྒྱུ་མཚན་བྱས་ནས། ངས་ཡུན་རིང་པོ་༧གོང་ས་མཆོག་གི་གྲོགས་པོ་དང་བོད་ཀྱི་ལས་དོན་འདྲ་མིན་ལ་རོགས་གྲོགས་བྱེད་མཁན་Nancy Pelosi ཉུང་ཙམ་གླེང་།
Nancy Pelosi ནི་ཨ་རིའི་མངའ་སྡེ་ California་ནས་ཡིན་ཞིང། མོ་༡༩༨༧ ནས་དེ་རིང་བར་ཨ་རིའི་གྲོས་ཚོགས་འོག་མིའི་ཚོགས་མི་དང་ད་ལྟ་དེའི་འགན་འཛིན་ཐེངས་གཉིས་པ་མུ་མཐུད་ནས་བྱེད་ཀྱིན་ཡོད་པ་རེད། ཨ་རིའི་ཀྱག་ཀྱོག་ཆེ་བའི་ཆབ་སྲིད་ཀྱི་ལམ་ཁ་རིང་མོའི་ནང། མོ་ནི་ཁ་བཤད་ལག་ལེན་དབེན་པའི་ཆབ་སྲིད་པ་གཞན་པ་ལྟ་བུ་མ་ཡིན་པར། བོད་ཀྱི་ཆེད་དུ་ལས་དོན་སྣ་ཚོགས་ཤིག་བྱས་དང་བྱེད་ཀྱིན་ཡོད་པ་མ་ལུས་བ། ངས་བཤད་དཀའ་བ་ཡིན་ཡང་གཤམ་དུ་དཔེར་མཚོན་ཁ་ཤས་ཤིག་བཤད།
༡༽སྤྱི་ལོ་གཉིས་སྟོང་བདུན་ཟླ་བ་བཅུ་བའི་ཚེ་ཅུ་བདུན་ཉིུན་ཨ་རིའི་གྲོས་ཚོགས་ཀྱིས་༧གོང་ས་མཆོག་ལ་གསེར་གྱི་རྟགས་མ་ཕུལ་བར་མོ་ཤུགས་རྒྱག་མཁན་གཙོ་བོ་ཞིག་ཡིན་ལ། སྐབས་དེའི་མོའི་གཏམ་བཤད་ནང་སྲིད་འཛིན་Franklin Roosevelt་གྱི་ཆུ་ཚོད་༧གོང་ས་མཆོག་ལ་སྦྱིན་པ་ནས་འཕྲོས་ཏེ། ཨ་རིའི་སྲིད་འཛིན་རྣམས་དང་མི་མང་ལ་༧གོང་ས་མཆོག་གི་མཛད་འཕྲིན་གྱིས་སེམས་འགུལ་ཐེབས་དུ་འཇུག་ཡོད་སོགས་བཤད་ཡོད།
༢༽སྤྱི་ལོ་གཉིས་སྟོང་བརྒྱད་ལོ་བོད་ས་ཡོངས་རྫོགས་རྒྱས་དྲག་གནོན་བྱས་བཞིན་པའི་སྐབས་དེར། མོ་བོད་མིའི་ཆེད་དུ་རྡ་སར་ཡོང་ནས་ཞི་བདེ་ལྡན་པའི་བོད་མིའི་སྟེང་རྒྱས་དྲག་གནོན་བྱས་པ་ལ། འཛམ་གླིང་གིས་གང་ཡང་མ་བྱས་ན་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་གུས་ཞབས་མ་བྱས་བ་ཡིན་པས། འཛམ་གླིང་ཡོངས་བོད་མིའི་ཆེད་དུ་རྒྱའི་ཁ་གཏད་དུ་ལང་དགོས་བར་འབོད་སྐུལ་དང་ཨ་རི་ནམ་ཡང་བོད་དང་མཉམ་དུ་ཡོད་གསུངས་ཡོད།
༣༽སྤྱི་ལོ་གཉིས་སྟོང་བཅུ་དྲུག་ལོ་བོད་པ་འབུམ་རམས་པ་བསྟན་འཛིན་རྡོ་རྒྱས་ཨ་རིའི་རྒྱལ་སྤྱིའི་ཆོས་ལུགས་རང་དབང་ཚོགས་མིའི་ནང་དུ་མོས་འཐེན་པ་དང་། ད་ལྟ་ཁོ་ནི་ཚོགས་པའི་Chair of the Commission འགན་འཛིན་ལ་བདམ་ཡོད།
༤༽ གཉིས་སྟོང་བཅུ་བདུན་ཟླ་བཞི་བའི་ནང་མོས་སྲིད་འཛིན་Trump་ལ་ཨ་རྒྱའི་ཚོང་འབྲེལ་ནི། ཨ་རྒྱའི་དཔལ་འབྱོར་ཆེད་དགོས་ངེས་ཡིན་ཀྱང་བོད་ནང་གི་འགྲོ་བ་མའི་ཐོབ་ཐང་ནི་འདོར་དུ་མེད་པའི་ཨ་རིའི་རྩ་འཛིན་ཡིན་པས། ཁྱེད་ཀྱིས་རྒྱའི་སྲིད་འཛིན་ལ་དེའི་སྐོར་ངེས་བར་གླེང་དགོས་བ་སྐུལ་མ་བྱས་ཡོད་པ། མོས་Trump་ལ་ཡི་གེ་བྲིས་ཡོད་པ་དེའི་ནང་ན་གསལ་བོ་འདུག
༥༽སྤྱི་ལོ་གཉིས་སྟོང་བཅུ་བདུན་ཟླ་ལྔ་བའི་ནང་མོ་དང་གྲོས་ཚོགས་འཐས་མི་འགའ་ཆེད་དུ་རྡ་སར་སོང་ནས་༧གོང་ས་མཆོག་ལ་མཇལ་སྐབས། ང་ཚོས་བོད་དོན་རྒྱབ་སྐྱོར་བྱེད་པ་ལ་ནམ་ཡང་འགྱུར་བ་མེད་ལ། ང་ཚོར་གོ་སྐབས་ནམ་ཡོད་ལ་རྒྱའི་ཁ་གཏད་དུ་ལངས་ཡོད་ཟེར་ཡོད།
༦༽གཉིས་སྟོང་བཅུ་དགུ་ལོ་མོས་གྲོས་ཚོགས་སུ་བོད་ཀྱི་ཆེད་དུ་སྲིད་བྱས་(Tibetan Policy Act of 2019) གཏན་འབེབས་བྱས་ཐུབ་པ་བྱུང་བ་དང་། དེའི་ནང་”བོད་ལ་སྡིག་རྩུབ་བྱེད་མཁན་རྒྱའི་ལས་བྱེད་ཚོར་ཆད་པ་གཅོད་དགོས་བ་བྱས་ཡོད་པ་ཟད། དེའི་་ནང་དུ་ལྷ་ས་ནས་ཨ་རིའི་གཞུང་ཚབ་ཁང་སྒོ་མ་ཕྱེ་བར་དུ་ཨ་རིའི་ས་ཐོག་ནས་རྒྱ་གཞུང་གི་གཞུང་ཚབ་གསར་བ་ནམ་ཡང་འཛུགས་སྐྲུན་མི་འཇུག་བ་བཟོས་ཡོད།” སྐབས་དེར་མོས་གཏམ་བཤད་བྱས་སྐབས་ཨ་རིས་ཁ་བཤད་ལག་ལེན་བསྟར་དགོས་བའི་སྐུལ་མའང་ནན་པོ་བྱས་ཡོད།
༧༽སྤྱི་ལོ་གཉིས་སྟོང་ཉི་ཤུ་ཟླ་གཉིས་པ་ཚེས་དྲུག་ཉིན་ཨ་རིའི་རྒྱལ་ཡོང་ཞོགས་ཇ་ཆེན་མོའོ་སྟེང། མོས་པན་ཆེན་ཆུང་སྲིད་གཙོ་བོད་པ་ཚོས་རྒྱའི་འོག་ན་དཀའ་ངལ་མྱོང་གི་ཡོད་པའི་སྐོར་སྐྱར་དྲན་བྱས་ཡོད་མ་ཟད་ཡུ་གུར་བའི་སྐོར་ཡང་བཤད་ཡོད།
༨༽ད་དུང་ཨ་རིའི་གཞུང་གིས་བོད་གཞུང་ལ་ལོ་ལྟར་དངུལ་ཀྱི་རོགས་སྐྱོར་གྲངས་ལས་འདས་བ་བྱེད་ཀྱི་ཡོད་པ་དེ་དག་མུ་མཐུད་ནས་བྱེད་པར་མོས་ཤུགས་ཧ་ཅང་རྒྱབ་་ཀྱི་ཡོད་པ་མ་ཟད། མོས་བོད་པའི་ཆབ་སྲིད་པའམ་མི་སྣ་གལ་ཆེན་ཚོ་ཨ་རིའི་གྲོས་ཚོགས་གོང་འོག་གི་གལ་ཆེའི་མི་སྣ་དག་ལ་ངོ་སྤྲོད་རོགས་རམ་ཡང་བྱས་དང་བྱེད་བཞིན་ཡོད།
མཐའ་མ་རྒྱུ་མཚན་དེ་དང་དེའི་རྒྱབ་ལྗོངས་ཀྱི་དངོས་ཡོད་བདེན་པ་དེ་ལ་བརྟེན་ནས། ༧གོང་ས་མཆོག་གིས་”ཧ་ཅང་དཀའ་ཚགས་ཆེ་བའི་བོད་པའི་ལོ་རྒྱུས་ཀྱི་ཀྱོག་མཚམས་འདིར། ཁྱེད་ཀྱིས་བོད་ཀྱི་ཆེད་དུ་རྡོག་རྩ་གཅིག་སྒྲིལ་དང་རྒྱབ་སྐྱོར། མཛའ་སེམས་བྱེད་པ་བཅས་ནི་བོད་པས་བདེན་པ་དང་། རང་དབང་ཀི་ལམ་ཁ་འཚོལ་བར་སྟོབས་ཤུགས་དང་སྐུལ་ལྕག་བྱས་ཡོང་” གསུངས་བ་བཞིན། འུ་ཅག་བོད་མི་ཚོས་སུ་བོད་མིའི་ཆེད་དུ་ལངས་ཡོད་པ་དང་། སུ་བོད་མིའི་ཆེད་དུ་ལངས་མེད་པ་ཟུང་ངོ་ཤེས་བར་བྱེད་དེ། བོད་མིའི་ཆེད་དུ་ལངས་མཁན་ལ་གུས་ཞབས་དང་། བོད་མིའི་ཆེད་དུ་ལངས་མེད་མཁན་རྣམས་བོད་མིའི་ཆེད་དུ་ལང་བར་འབད་འགོས་བ་མ་ཡིན་ནམ།
https://en.wikipedia.org/wiki/Nancy_Pelosi
Nancy Pelosi Archives | Tibetan Review
Pelosi Floor Speech in Support of the Tibet Policy Act of 2019 | Speaker Nancy Pelosi
Dr. Tenzin Dorjee, Former Commissioner | USCIRF
Speech by Speaker Nancy Pelosi | The 14th Dalai Lama
US House Speaker Nancy Pelosi Speaks Out For Tibetan Buddhists, Incarcerated Uyghurs
Dr. Tenzin Dorjee, Former Commissioner | USCIRF
བཟང་གི་ཡ། ཡག་པོ་བྲིས་འངུག བཀའ་དྲིན་ཆེ།
ནན་བརྗོད་བྱ་རྒྱུར་བོད་ཀྱིས་རྩ་དོན་དེ་བོད་ཀྱི་ཡུལ་མི་ཚོའི་རྩོད་ལེན་ཐུབ་དགོས་པ་ལས་རྒྱལ་ཁབ་གཞན་དང་མི་རིགས་གཞན་ལ་སྐྱབས་བཅོལ་ནས་རེ་བཅོལ་གཉིད་ཁུག་བྱས་ནས་བོད་ཀྱིས་རྩ་དོན་ལ་རེ་བ་བཅོལ་རྒྱུ་དེ་ང་ཚོའི་འཐབ་རྩོད་ཀྱིས་ཁ་ཕྱོགས་ནོར་བ་མ་རེད་དམ?
༼ནན་སས་༽ཨ་མ་དང་མོའི་འཁོར་ཚོགས་ལ། ད་ལྟ་བར་དུ་ཅི་བྱས་ལ་བཀའ་དྲིན་འོས་བའི་རིགས་ལ་བཀའ་དྲིན་ཆེ་ཞུ་བ་ཡིན།
རེད་དེ།
འདས་བའི་མི་ལོ་དེ་དག་གི་རིང་ལ་རེ་བ་ཆེ་ཡང་། དེ་རིང་ང་ཚོ་ལ་ཡོད་པ་ནི།
ང་ཚོ་སྐྱབས་ཟད། ཡུལ་མེད། བཙོན་དུང་དུ་གནས་བ་དགོས་བ་འདི་སྔར་ལས་ཀྱང་སྡུག་པ་ཡོད།
ང་ཚོའི་རིགས་གཞུང་། རེ་བ་ནི་མོའི་རྒས་གཉེར་བཞིན་ཉམས་བཞིན་ཡོད།
མོའི་ཚོང་དོན་ལ་ལྟ་ཕྱོགས་ཀྱིས། དགྱ་དམར་རྒྱུ་ཆེན་རྒྱལ་ཁབ་ལ་དོ་བ་ཞིག་བཟོས་ཡོད། བོད་ས་ཐོག་འོག་གཉིས་ལ་གོ་ཆག་ཚད་མེད་བྱུང་ཡོད། ཨ་དགྱའི་འབྱོར་ཕྱུག་ལ་མོ་ནི་ཤིན་ཏུ་དམར།
མོའི་སྲིད་དོན་ལ་ལྟ་ཕྱོགས་ཀྱིས། འཛམ་གླིང་གང་ན་སྡུག་བསྔལ་ཡོད་ན་དེ་དག་གི་བདེ་སྡུག་བཤད་ནས་རང་རང་གི་གོ་ཐོབ་བརྩད་ཡོད། མོའི་ཁ་དབྱངས་ཀྱི་ཉམ་ཐག་མི་མང་ལ་བདེ་བ་འདི་སྤྲད་པའི་སྣ་རྡོག་གཅིག་ཙམ་ཀྱང་ལྟོན་རྒྱུ་མེད། གླེང་བ་ནི་གླེང་བ་ཙམ་རེད།
ད་ནི་སྟོབས་ཆེན་ཨ་རིའི་རོགས་རེ་དགོས་ན། ལམ་ཁ་གཅིག་ལས་མེད་། གཡོན་ཕྱོགས་གྲོགས་སུ་བཞག་ནས། གཡས་ཕྱོགས་ལ་གཉེན་སྒྲིག་རྒྱུ་དེ་ཡིན། འོས་གཡས་ལ་འཕེན་ཤེས་ན་བོད་ཏོན་ཡིན།
Thank you (Nancy Pelosi) and your circle for everything that you have done for us, so far!!!
But it’s been many, many years under her political view we have achieved very little other then some funds.
Our leaders are still in exile.
Our freedown fighters are in jails.
Our Tibetan people are still stateless.
Our culture is being deteriorated day by day.
Under her business views,
Our enemies have become more powerful than ever and are also richer than ever. Our hopes are dying with her age.
We require new supporters and leaders in others political parties.
Support Donald J. Trump
ལོགས་སོ་། གཞུང་བ་ལགས་ཁྱེད་བདེན་ནོ་། བོད་པ་རང་གི་རྩ་དོན་རང་གིས་དཀའ་ལས་བརྒྱག་དགོས་བ་རེད་། དེའི་ཕྱིར་། དང་བོ་བོད་པ་གང་མང་ཞིག་དང་ལྷག་པར་རྒན་རབས་པ་ཚོས་མགོའི་ཐོག་གི་གནམ་དང་། སྐང་འོག་གི་ས་མ་གཏོགས་མི་ཤེས་བའི་སྐབས་ནས་དཀའ་ལས་བརྒྱབ་པར་བརྟེན་ནས་བོད་ཟེར་བའི་མིང་འདི་འཛམ་གླིང་འདིའི་སྟེང་གནས་ཐུབ་པ་དང་། ་རྒྱལ་ཁབ་འདྲ་མིན་ཀྱི་ཆབ་སྲིད་པ་སོགས་ཀྱིས་བོད་དོན་ལ་རོགས་གྲོགས་གང་ཙམ་བྱེད་ཀྱི་ཡོད་པ་ལ་བརྟེན་ནས་། བཙན་བྱོལ་གཞུང་དང་སློབ་གྲྭ་གང་མང་ཞིག་བརྒྱབ་ཐུབ་ཡོད་པ་ལས་བོད་ལ་རོགས་སྐྱོར་བྱེད་མཁན་དེ་ཚོར་དངུལ་སྦྱིན་ས་མ་ཡོད་པ་དང་། ཉི་མ་མ་འཁྱོལ་བར་ཚུར་བོད་པ་ཚོ་ལ་རོགས་བྱེད་དུ་འཇུཟག་ཟེར་ནས་ཡོང་བ་ཡིན་ཀྱི་མ་རེད་བསམ་། ཁྱེད་ཀྱིས་ལྟས་ན་རྟེན་འབྲེལ་མ་ཡིན་པའི་བོད་པའི་རྩ་དོན་ཞིག་གང་ནས་འཐབ་རྩོད་བྱ་དགོས་སམ་།
ང་ཚོའི་ལུང་པ་རྒྱ་ལ་ཤོར་ནས་ང་ཚོར་ངོ་ཤེས་པ་དེ་གནམ་དང་ས་ལས་མེད་ཀྱང་༸གོང་ས་མཆོག་གི་བཀའ་དྲིན་འོག་ད་ལྟའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཧྲ་ཐག་ཐག་འདི་བྱུང་བ་ནི་གནས་ཡུལ་རྒྱ་གར་རྒྱལ་ཁབ་དང་ཕྱི་རྒྱལ་རོགས་ཚོགས་ཚོའི་བཀའ་དྲིན་ཡིན་པ་ཟུར་བལྟས་ལེབ་མཐོང་དང་ང་ཚོའི་འཐབ་རྩོད་ཀྱི་འགན་དེ་ང་ཚོ་རང་གི་ལེན་དགོས་པ་ལས་མི་ལ་སྐྱབས་བཅོལ་ནས་ང་ཚོ་མི་ཡུལ་དུ་སྐྱིད་ཉལ་ངང་བསྡད་ནས་བོད་ཀྱི་རང་བཙན་ང་ཚོའི་ལག་པའི་ནང་འཇུག་མཁན་ཞིག་ཨ་ཡོད།
་་་་་་་་་་་་་་་་་་་་་ཨ་རིའི་ཀྱག་ཀྱོག་ཆེ་བའི་ཆབ་སྲིད་ཀྱི་ལམ་ཁ་རིང་མོའི་ནང། མོ་ནི་ཁ་བཤད་ལག་ལེན་དབེན་པའི་ཆབ་སྲིད་པ་གཞན་པ་ལྟ་བུ་མ་ཡིན་པར། བོད་ཀྱི་ཆེད་དུ་ལས་དོན་སྣ་ཚོགས་ཤིག་བྱས་དང་བྱེད་ཀྱིན་ཡོད་པ་་་་་་་་་་་་་་་་་་
་
ལགས་རེད། ཨ་རིའི་བུད་མེད་འདི་བོད་པར་སྐུ་དྲིན་ཆེ་ཤོས་ཞིག་ཡིན་པ་སྨྲོས་ག་ལ་དགོས། ཁོང་མོའི་བསམ་དོན་ལྷུན་གྱིས་གྲུབ་པའི་སྨོན་འདུན་ཞུའོ།། །།
གཞུང་བ་ལགས་། ཁྱེད་ཀྱི་སེམས་ཤུགས་ལ་བསྟོད་པ་།
ངས་གོང་དུ་བཤད་པ་དེ་ནི་གོང་ས་མཆོག་གཙོ་བྱས་བའི་བོད་པ་ཚོ་”སྐྱིད་ཉལ་”མ་བྱས་ཅིང་རང་གིས་དཀའ་ལས་བརྒྱབ་པའི་འབྲས་བུ་རེད་བསམས་ནས་ཡོད་། རེད་དེ་། མི་རིགས་ཞེས་བའི་མིང་དེ་ཡང་གཅིག་མ་ཡིན་པར་རྣམ་གྲངས་ཡིན་པས་། མི་རིགས་དེའི་རྩ་དོན་ཡང་འཐབ་ཡུལ་གཅིག་ཡིན་ཡང་རྩོད་སྟངས་རིགས་འདྲ་མིན་ཡིན་རྒྱུ་རེད་། དེར་རྟེན་། བོད་མི་ཚོས་རང་ཉིད་གང་ན་ཡོད་ས་དེའི་སྤྱི་ཚོགས་དང་། འཁོར་ཡུག་ལ་སྟུན་ཏེ་རང་ནུས་ཀྱིས་རྩོད་ཀྱི་ཡོད་པ་རྟེན་། བཙན་བྱོལ་སྤྱི་ཚོགས་ནང་གཞུང་ཟེར་བ་བརྟན་མོ་ཞིག་ཡོད་པ་དང་། སློབ་གྲྭ་དང་དགོན་སྡེ་གང་མང་ཞིག་བརྒྱབ་པར་བརྟེན་ནས་གྲྭ་བ་དང་སློབ་མ་གྲངས་ལས་འདས་བ་ཞིག་ལ་ཤེས་ཡོན་ཀྱི་གོ་སྐབས་ཐོབ་པ་རེད་། དེ་ལ་བརྟེན་ནས་བོད་མིའི་འཐབ་རྩོད་མུ་མཐུད་ནས་བྱེད་ཐུབ་ཀྱི་ཡོད་པ་རེད་། གལ་སྲིད་བོད་མི་ཚོ་ཉིན་རེ་ལྟོ་གོས་ཡོད་ཙམ་ལ་ཡིད་ཚིམ་སྟེ་”སྐྱིད་ཉལ”བྱས་བསྡད་ཡོད་པ་ཡིན་ན་དེ་ལྟ་བུ་མི་ཡོང་བ་ནི་ཁས་ལེན་མི་འདོད་ཀྱང་ལས་འབྲས་ཀྱིས་དཔང་པོ་བྱེད་ཐུབ་པ་དེ་རེད་།
བདེན་པ་རེད་། མི་རེ་རེ་ཡིས་འཇིག་རྟེན་ལྟ་ཚུལ་དང་མི་ཚེའི་མཛེས་འཛིན་ལྟ་ཚུལ་མི་འདྲ་བ་ཡོད་པ་ནང་བཞིན་བོད་པའི་རྩ་དོན་ལ་ལྟ་ཚུལ་དང་དེ་རྩོད་སྟངས་ཀྱང་མི་འདྲ་བ་ཡོང་གི་རེད། དེའི་ཕྱིར་། བོད་མི་ཚོས་ལྟ་བ་དང་ལྟ་ཚུལ་ནང་ཁུལ་ནས་བརྩད་ནས་བསྡད་པ་ལས་ལག་ལེན་དངོས་བྱེད་དེ་བརྩད་ན་མི་འགྲིག་གམ་།
ཁྱེད་ཀྱིས་གསུང་པ་ལ་མངོན་པར་བསྟོད་དོ་།