ཆབ་མདོ་ངག་ཕུན།
ཀ༵་ཡི་གསོན་དང་རང་རིགས་སྤུན་ཟླ་རྣམས།།
ཁ༵་ཙམ་མེད་པའི་བསྟོད་དབྱངས་སྙན་ཚིག་འབུལ།།
ག༵་ནས་བལྟས་རུང་༸སྐྱབས་མགོན་ཁྱེད་ཉིད་ལས།།
ང༵་ཚོར་བཀའ་དྲིན་ཆེ་བ་སུ་ཞིག་མེད།།
ཏ༵་ཐ་ག་ཏའི་རྒྱལ་བསྟན་དྲི་མེད་དེ།།
ཐ༵་གྲུ་ཀུན་ཏུ་རིས་མེད་དར་ཁྱབ་མཛད།།
ད༵་ལྟའི་སྐབས་སུ་ཁྱེད་ལྷག་སུ་ཞིག་མེད།།
ན༵་གཞོན་རྣམས་ལ་ཤེས་རིག་སྒྲོན་མེ་སྤར།།
པ༵་ཏྲ་ཇི་བཞིན་ཤེས་རིག་རྣམ་པ་བཀྲ།།
ཕ༵་རོལ་པོ་ལ་ཐུགས་བརྩེའི་བྱམས་ཀྱིས་སྐྱོང་།།
བ༵་གམ་སྟེང་དུ་བྱམས་བརྩེའི་འཛུམ་གྱིས་བཞུགས།།
མ༵་རིག་འཁོར་བའི་ལམ་སྣེ་འདྲེན་པར་མཛད།།
ཙ༵་གེ་ཅིག་གེ་མེད་ཅིང་ཞི་ཞིང་འདུལ།།
ཚ༵་གྲང་འཕོ་འགྱུར་ཇི་ལྟར་བྱུང་ན་ཡང་།།
ཛ༵་དྲག་མེད་ཅིང་འགྲོ་ཀུན་བདེ་འགྲོར་བཀོད།།
ཝ༵་ལེར་རྗེ་བཙུན་ཉིད་ལ་བསྟོད་དབྱངས་འཐེན།།
ཞ༵་སྨྱུག་བཟུང་ནས་མགོན་པོ་ཁྱེད་ཉིད་ལ།།
ཟ༵་མ་ཏོག་ལྟར་ཁྱེད་ཀྱི་ལེགས་བཤད་ལས།།
འུ༵་ཅག་རྣམས་ཕན་བདེའི་ལམ་བཟང་བསྐྲུན།།
ཡ༵་རབས་བཀའ་དྲིན་ངང་ནས་སྙན་ཚིག་འབུལ།།
ར༵་སྤྲོད་བྱེད་ནས་བདེན་དོན་བརྩོད་གནང་མཛད།།
ལ༵་ལུང་མང་པོ་ཀུན་ནས་བདེན་རྒྱབ་ལངས།།
ཤ་ཁོན་མེད་པའི་འཛམ་གླིང་ཞི་བདེར་བཀོད།།
ས༵་ཆེན་ཀུན་ལ་མཛད་རྗེས་བསམ་མི་ཁྱབ།།
ཧ༵་གོ་དོན་རྟོགས་རྩ་བའི་བླ་མ་ལ།།
ཨེ༵་མ་ཀ་ཕྲེང་འདི་ཉིད་བསྟོད་དབྱངས་འབུལ།།
སྐུ་ཚེ་བརྟན་ཞིང་མཛད་འཕྲིན་རྒྱས་པ་དང་།།
བོད་ཁམས་བདེན་དོན་མྱུར་དུ་གསལ་བར་ཤོག།།
ཅེས་པ་འདི་ནི་བོད་མི་རིགས་ལ་བཀའ་དྲིན་བླ་མེད་དུ་ཆེ་ཞིང་། འཛམ་གླིང་ཞི་བདེའི་དེད་དཔོན། ཚེ་འདི་ཕྱི་གཉིས་ཀྱི་སྐྱབས་གནས། ༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་མཆོག་ལ་ཨ་རིའི་གསེར་གྱི་གཟེངས་རྟགས་འབུལ་བཞེས་མཛད་ནས་མི་ལོ་ཧྲིལ་པོ་བཅུ་གསུམ་འཁོར་བའི་སྐལ་བཟང་གི་དུས་སྐབས་ཉིན་མོ་འདིར་གུས་ཕྱག་དང་བཅས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་གྲངས་མེད་དང་། སྐུའི་གསང་གསུམ་རྡོ་རྗེའི་ཁམས་སུ་བརྟན་པའི་སྨོན་འདུན་ཤུགས་དྲག་དང་བཅས།
ཁ་ཙམ་མིན་པའི་བསྟོད་དབྱངས་སྙན་ཚིག་འབུལ་།
འུ་ཅག་རྣམས་ལ་ཕན་བདེའི་ལམ་བཟང་བསྐྲུན་།
༄༅། ས་རྒྱ་གར་འཕགས་པའི་གྲོང་འཁྱེར་དུ། རྗེ་བླ་མའི་སྐུ་ཚེ་བརྟན་ནས་ཡོད།
་ བོད་མི་རིགས་ཐུགས་ལ་བཅངས་ནས་ཡོད། རྗེ་བླ་མའི་བཀྲིན་བསམ་མི་ཁྱབ།
སྐུ་རྡོ་རྗེའི་ཁམས་སུ་བརྟན་པ་ཤོག།
སྐུ་མཚན་དཔེ་འོད་ཟེར་འཕྲོ་བ་དང། གསུང་དམ་པའི་ཆོས་འཁོར་བསྐོར་བ་སོགས།
ཐུགས་བྱམས་བརྩེས་འགྲོ་ཀུན་སྐྱོང་བ་དེ། མགོན་བསྟན་འཛིན་རྒྱ་མཚོ་མཆོག་རེད།
ངའི་སྐྱེས་རབས་ཕྲེང་བ་ཐམས་ཅད་དུ་། རྗེ་ཁྱེད་དང་མི་འབྲལ་ཐུགས་རྗེས་འཛིན།
གཟིགས་དང། མགོན་བསྟན་འཛིན་རྒྱ་མཚོ་མཆོག་ཉིད་རེད། ཅེས་ཐུགས་ཉར་ཞུ།
བཟོད་གསོལ་ཞུ་བ་དང་། ནོར་བཅོས། འ་ཅག་རྣམས་ལ་ཕན་བདེའི་ལམ་བཟང་བསྐྲུན།།
ཀ༵་ཡི་གསོན་དང་རང་རིགས་སྤུན་ཟླ་རྣམས།།
ཁ༵་ཙམ་མེད་པའི་བསྟོད་དབྱངས་སྙན་ཚིག་འབུལ།།
ག༵་ནས་བལྟས་རུང་༸སྐྱབས་མགོན་ཁྱེད་ཉིད་ལས།།
ང༵་ཚོར་བཀའ་དྲིན་ཆེ་བ་སུ་ཞིག་མེད།།
་
ཅ་ལེ་ཅོ་ལེར་མི་ཚེ་བསྐྱལ་ཞིང་ངང་། །
ཆ་ལུགས་ཡ་མ་ཟུང་གི་སྐད་རིག་སྤྱད། །
ཇ་ཆང་ཟ་བཏུང་ཅུང་ཟད་ཐོབ་པའི་འཚིམས། །
ཉ་གེ་ཉོ་གེའི་རང་དོན་བཞག་ནས་ལྟོས། །
་
ཏ༵་ཐ་ག་ཏའི་རྒྱལ་བསྟན་དྲི་མེད་དེ།།
ཐ༵་གྲུ་ཀུན་ཏུ་རིས་མེད་དར་ཁྱབ་མཛད།།
ད༵་ལྟའི་སྐབས་སུ་ཁྱེད་ལྷག་སུ་ཞིག་མེད།།
ན༵་གཞོན་རྣམས་ལ་ཤེས་རིག་སྒྲོན་མེ་སྤར།།
་
ཆབ་མདོ་ཀརྡོ་ངག་ཕུན་གྱིས།
གཞུང་པ་ཚེ་དབང་བསོད་ནམས་ལགས་ནོར་བཅོས་གནང་བར་བཀའ་དྲིན་ཆེ།
ཀརྡོ་རབ་འབྱམས་པ་ལགས་ཡག་པོ་དཔེ་འདུག་ལགས། བཀའ་དྲིན་ཆེ་གནང་།