སྐྱོ་བྲག་དགའ་དབང་།
ཀ་མད་སུམ་ཅུའི་དབྱངས་རྟ་ཆད་པའི་དུས། །
ཁ་བ་ཅན་པའི་ཀླུང་རྟ་ཉམས་པའི་དུས། །
ག་རེ་བྱས་ཀྱང་ཕྱིན་ཅི་ལོག་པའི་དུས། །
ང་ཤི་ཁྱོད་གསོན་ནང་འཁྲུག་རྒོད་པའི་དུས། །
ཅ་དངོས་རྙིང་པ་ཕྱི་ལ་བཙོང་པའི་དུས། །
ཆ་ལུགས་ཐམས་ཅད་གཞན་དུ་སྒྱུར་བའི་དུས། །
ཇ་ཆང་རྒྱན་རྩེད་མགོ་བོ་འཁོར་བའི་དུས། །
ཉ་རིགས་ཤི་གསོན་ཟས་སུ་ཟ་བའི་དུས། །
ཏ་ཐཱ་ག་ཏའི་བསྟན་པ་ཉམས་པའི་དུས། །
ཐ་མལ་སྐྱེ་བོས་ཆོས་བཤད་བྱེད་པའི་དུས། །
ད་གང་ཙམ་ལ་མཆོག་ཏུ་འཛིན་པའི་དུས། །
ན་ཚོད་རྒན་པ་གྲལ་ནས་ཕུད་པའི་དུས། །
པ་ཊའི་རི་མོ་ལུས་ལ་འགོད་པའི་དུས། །
ཕ་རོལ་འཇིག་རྟེན་མེད་པར་སྒྲོག་པའི་དུས། །
བ་གམ་ཁང་པས་ས་གཞི་ཁྱབ་པའི་དུས། །
མ་བུ་འབྲེལ་མེད་ཁེར་རྐྱང་གནས་པའི་དུས། །
ཙ་ར་གཅོད་པའི་ཁྲིམས་ལུགས་ལྕི་བའི་དུས། །
ཚ་གི་ཚི་གིའི་མི་གཤིས་ཡིན་པའི་དུས། །
ཛ་དྲག་ཉེན་ཁ་རྒྱུན་ལྡན་མོད་པའི་དུས། །
ཝ་ལེར་ཤེས་བྱེད་གསར་འགྱུར་མང་བའི་དུས། །
ཞ་བོ་རྣམས་ཀྱང་ལས་ལ་བྲེལ་བའི་དུས། །
ཟ་གོན་ལོངས་སྤྱོད་འགྲན་རྩོད་ཆེ་བའི་དུས། །
འ་རེ་འུར་རེས་མི་ཚེ་སྐྱེལ་བའི་དུས། །
ཡ་མཚན་དངོས་བྱུང་གློག་བརྙན་སྟོན་པའི་དུས། །
ར་བ་གངས་རིའི་ཁ་དོག་འགྱུར་བའི་དུས། །
ལ་ལུང་ཉིན་སྲིབ་བྱེ་མས་གང་བའི་དུས། །
ཤ་ཚ་སྙིང་རྗེ་གཉེན་ལ་མེད་པའི་དུས། །
ས་གནས་ཁོར་ཡུག་གཏོར་བཤིག་གཏོང་བའི་དུས། །
ཧ་གོ་མེད་པའི་གཡོ་འོག་ཚུད་པའི་དུས། །
ཨ་ག་མ་ཡི་མི་ངན་འཕེལ་བའི་དུས། །
ཧ་ལམ་ཙམ་གྱི་ཅལ་འདྲོགས་བྱེད་པའི་དུས། །
ཨ་ཙིའི་འཆལ་གཏམ་གང་བྱུང་སྨྲ་བའི་དུས། །
ཀ་མད་སུམ་ཅུ་དྲ་རྒྱར་འཕེལ་བའི་དུས། །
ཁ་བ་ཅན་པའི་སྐད་ཡིག་དར་བའི་དུས། །
ག་རེ་བྱས་ཀྱང་སྤྱི་དོན་ཕན་པའི་དུས། །
ང་ཁྱོད་འགྲན་རྩོད་བཀའ་སྤྱི་གསར་བསྐོས་དུས། །
ང་ཁྱོད་འགྲན་རྩོད་བཀའ་སྤྱི་གསར་བསྐོས་དུས། །
འདི།
ང་ཁྱོད་འགྲན་རྩོད་སྲིད་སྤྱི་གསར་བསྐོ་དུས། །
ཅ་ལ་ཅོལ་ལེ་ཡོད་ཚད་བཤད་པའི་དུས། །
ཆ་ལུགས་ཡོད་ཚད་གྱོན་འདོད་ཡོད་པའི་དུས། །
ཇ་ཆང་ལུས་རྩལ་མགོ་བོ་འཁོར་བའི་དུས། །
ཉ་ཤ་ཁྱི་ཤ་སྦྲུལ་ཤ་ཟ་བའི་དུས། །
ཏ་ཐཱ་ག་ཏའི་བསྟན་པ་སྤེལ་དགོས་དུས། །
ཐ་མལ་སྐྱེ་བོས་ཆོས་བཤད་ཉན་པའི་དུས། །
ད་ལྟ་ད་ལྟར་ཡོད་ཚད་དགོས་པའི་དུས། །
ན་ཚོད་རྒན་དུས་རྒན་གསོར་བཅུག་པའི་དུས། །
ཀ་མད་སུམ་བཅུ་བོད་མིའི་ངོ་བོ་རེད་།
ཁ་ཟས་འབྲུ་ཙམ་བོད་མིའི་མཚོན་རྟགས་རེད་།
ག་ནས་བལྟས་ཀྱང་སྐད་ཡིག་རིག་གཞུང་འདི་།
ང་ཚོ་བོད་མི་འཚོ་བའི་མ་རྩ་རེད་།
ཅ་ལག་ཆ་ལག་ཚང་བ་བོད་ཀྱི་གུར་།
ཆ་ལག་འཛོམས་པའི་བོད་ཀྱི་རས་གུར་ནང་།
ཇ་ཆང་ལོངས་སྤྱོད་བོད་མིིའི་བསོད་ནམས་རེད་།
ཉ་ཤ་ཕག་ཤ་སྡིག་ཟས་་རྒྱུན་དུ་སྤོང་།
པ་ཕ་ཕྱི་རྒྱལ་ཡིན་ཡང་རུང་། །
ཕ་མ་ཕྱི་དད་ཡིན་ཡང་རུང་། །
བ་ར་བེ་རའི་མ་བསྡད་པར། །
མ་ས་ཕ་སར་ལ་རྒྱ་དགོས། །
ཙ་ར་ཙོ་རེའི་བཅའ་ཁྲིམས་ཀློག་པའི་དུས། །
ཚ་གི་ཚི་གིའི་རང་གཤིས་སྦྱར་པའི་དུས། །
ཛ་དྲག་ཉེན་ཁར་རྒྱུན་ལྡན་ལུས་པའི་དུས། །
ཝ་ལེར་ཤེས་དགོས་གསར་འགྱུར་མང་བའི་དུས། །
ཞ་བོ་རྣམས་ཀྱང་ལས་ལ་བྲེལ་བའི་དུས། །
ཟ་གོས་ལོངས་སྤྱོད་འགྲན་རྩོད་ཆེ་བའི་དུས། །
འ་རེ་འུར་རེས་མི་ཚེ་སྐྱེལ་བའི་དུས། །
ཡ་མཚན་གློག་བརྙན་མང་པོ་སྟོན་པའི་དུས། །
ར་བ་གངས་རིའི་གངས་འཁྱགས་ཞུ་བའི་དུས། །
ལ་ལུང་རྒྱ་དང་བྱེ་མས་གང་བའི་དུས། །
ཤ་ཚ་ལ་རྒྱར་བསྙོན་འཛུགས་བྱེད་པའི་དུས། །
ས་གནས་གང་སར་རྒྱ་སྤྲང་ཁྱབ་པའི་དུས། །
ཧ་གོ་མེད་པའི་གཡོ་འོག་ཚུད་པའི་དུས། །
ཨ་མ་རྒྱ་མོའི་མི་ངན་འཕེལ་བའི་དུས། །
ཧ་ལས་དགོས་པའི་ཅལ་འདྲོགས་བྱེད་པའི་དུས། །
ཨ་ཛི་ཁ་བརྡར་གང་བྱུང་འབྲི་བའི་དུས། །