འོས་སྦྱོར་བ། གྲགས་པ།
བཀའ་ཟུར་བློ་བཟང་སྙན་གྲགས་ལགས་ཀྱི་ཚོང་ལས་སྔར་མེད་གསར་སྐྲུན་དང་ད་ཡོད་ཡར་རྒྱས་བརྒྱུད་བོད་མིའི་འཚོ་ཐབས་གོང་འཕེལ་ཡོང་ཐབས་ཀྱི་འཆར་གཞི།
༡། འབྱུང་འགྱུར་ལོ་ལྔ་དང་བཅུའི་ནང་བོད་མིའི་དགུན་ཁའི་བལ་རིགས་སུ་ཊར་ཚོང་ལས་ཀྱི་མ་འོངས་གནས་བབ་དང་། རྒྱུན་གནས་ཇི་ཐུབ་ཐད་ཉམས་ཞིབ་བྱ་རྒྱུ། དུས་ཡུན་དེའི་ནང་བོད་རིགས་བལ་ཚོང་བ་རྣམས་ནས་འཚོ་གནས་ཀྱི་དམིགས་སྒོ་གོང་སྤེལ་ཐུབ་ཐབས་སུ་དགུན་ཚོང་གི་དོད་དུ་ཚོང་དང་ལས་རིགས་གཞན་གྱི་གོ་སྐབས་གཞན་བཙལ་རྒྱུ་དང་། ཚོང་ལས་དང་ལས་རིགས་གསར་པའི་ཐོག་སྦྱོང་བརྡར་གོ་སྒྲིག་བྱ་རྒྱུ།
༢། གཞི་ཆགས་སོ་སོར་ཚོང་ལས་འཛུགས་སྐྲུན་ཆུང་ཁག་རིགས་ལ་སྔར་མེད་གོ་སྐབས་གསར་སྐྲུན་བྱ་རྒྱུ། ཡང་ཁོང་ཚོར་ཚོང་ལས་རྒྱ་བསྐྱེད་ཐུབ་ཐབས་སུ་ཁྲོམ་རའི་ཉམས་ཞིབ་དང་། གནས་སྡོད་ཚོང་པ་གཞན་དང་ཚོང་འབྲེལ། ཁྲོམ་རའི་ཉམས་ཞིབ་ལ་མཁོ་བའི་འཕྲུལ་རིགས་རོགས་རམ། ཚོང་ལས་འཆར་འགོད། ཚོང་ལས་དེབ་སྐྱེལ་དང་དཔྱ་ཁྲལ་ཀྱི་ཁྲིམས་ལུགས། ཚོང་ལས་ལམ་སྟོན་སོགས་གང་ཅིར་རྒྱབ་སྐྱོར་ཞུ་རྒྱུ།
༣། ཁྲིམས་མཐུན་དེབ་སྐྱེལ་དང་ངོས་ལེན་ཡོད་པའི་ཚོང་ལས་སྒྲིག་འཛུགས་བརྒྱུད་ལས་མེད་བོད་རིགས་རྣམས་ལས་ཚོང་དང་། ལས་རིགས། བཟོ་རིག་སོགས་ཀྱི་ཐོག་དམིགས་བསལ་སྦྱོང་བརྡར་གྱི་གོ་སྐབས་བསྐྲུན་རྒྱུ།
༤། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་སོ་ནམ་གཞི་ཆགས་ཁག་གི་ནང་སོ་ནམ་ཚོང་ལས་དེ་ཉིད་རྩལ་འདོན་གྱིས་རྒྱ་སྐྱེད་གོང་འཕེལ་གཏོང་ཐབས་བྱ་རྒྱུ། དེའི་བརྒྱུད་བཙན་བྱོལ་སྒྲིག་འཛུགས་ཀྱི་ངོས་ནས། ༡) སོ་ནམ་གྲངས་འབོར་ཉུང་དུ་འགྲོ་བཞིན་པ་དེ་ཚོར་ལོ་རེ་ཡོང་འབབ་གོང་མཐོར་གཏོང་རྒྱུ་དང་། ༢) རོགས་རམ་ལ་བརྟེན་ཞིང་རྒྱུན་གནས་མི་ཐུབ་པའི་སོ་ནམ་ལས་འཆར་ཁག་ཇེ་ཉུང་དུ་བཏང་རྒྱུ། ༣) གཞིས་ཆགས་ཁག་ཏུ་སོ་ནམ་པའི་ཡོང་འབབ་ལ་སྨན་པ་ཙམ་དུ་མ་ཟད་བཙན་བྱོལ་སྒྲིག་འཛུགས་ལ་ཡང་ཞབས་འདེགས་ཐུབ་པའི་སོ་ནམ་ཚོང་ལས་ཀྱི་ལས་འཆར་འཛུགས་རྒྱུ། ༤) ད་ཡོད་ས་ཆ་ས་ཟན་གྱི་ལག་ཏུ་མི་ཤོར་བ་བྱུ་རྒྱུ། ༥) སོ་ནམ་ཚོང་ལས་ལ་ཐུགས་སྣང་ལྡན་པའི་ན་གཞོན་རྣམས་ཀྱི་བློ་བསྐྱེད་སྤེལ་ཐབས་བྱ་རྒྱུ་བཅས་མི་རིང་བར་བསྒྲུབ་ཐུབ་པར་ངེས།
༥། སོ་ནམ་ཚོང་ལས་འཛུགས་སྐྲུན་ཀྱི་ལས་རིམ་ནི་གཞུང་སྒེར་འབྲེལ་ལམ་རིམ་པའི་རྣམ་གཞག་གི་སྒྲོམ་གཞིའི་སྟེང་ནས་གཞིས་ཆགས་སོ་སོའི་ནང་སོ་ནམ་འདེབས་ལས་ཀྱི་ཚོགས་པ་ཞིག་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་འོག་སོ་ནམ་ཚོང་ལས་དང་འབྲེལ་བའི་རང་དབང་བདེན་པའི་ཚན་པ་ཞིག རྒྱ་གར་གྱི་ཁྲིམས་མཐུན་ཚོང་པའི་སྒྲིག་འཛུགས་བཅས་གསུམ་མཉམ་འབྲེལ་གྱིས་ཚོང་ལས་བྱེད་ན་དགེ་ཚན་ཆེ་བར་ངེས་པ་དང་། དེའི་བརྒྱུད་འབྲུ་རིགས་ཉོ་མཁན་དང་། ཁྲོམ་ར། འབྲུ་མཛོད་དང་དོ་ཁང་། ཚོང་འབྲེལ་དྲིལ་བསྒྲགས། ཚོང་རྟགས་དང་འགྲེམས་སྤེལ་བཅས་ཐུབ་རྒྱུར་ངེས་པས་དེ་དོན་བསྒྲུབ་ཐབས་འབད་རྩོལ་བྱ་རྒྱུ།
བསམ་ཚུལ་ནི་བསམ་ཚུལ་རང་རེད་།
མང་གཙོ་ནི་མང་གཙོ་རང་རེད་།
སྨྲ་བརྗོད་རང་དབང་ནི་རང་དབང་རང་རེད་།
གཞིས་ཆགས་བསྲ་བརྟན་དང་རྒྱུན་གནས་ནི་ཁ་སྒྲུང་རང་རེད་།
འདིར་བཀའ་ཟུར་བློ་བཟང་སྙན་གྲགས་ལགས་ཀྱི་བོད་མིའི་ཚོང་ལས་དང་གཞིས་ཆགས་སྲ་བརྟེན་སྲིད་བྱུས་ཐོག་གི་སྙན་འཕྲིན་ཞིག་འབུལ་
ལམ་ཞུས་ཡོད།
Please don’t forget to watch this short video to understand Kasur Lobsang Nyandak’s policy on Tibetan Business & Settlement Viability
https://www.facebook.com/sikyong.tibet.3/posts/168190818292271
༑ བོད་མིའི་ཚོང་ལས་དང་གཞི་ཆགས་སྲ་བརྟན།་ཅེས་བཀའ་ཟུར་བློ་བཟང་སྙན་གྲགས་ལགས་ཀྱི་ཚོང་ལས་སྔར་མེད་གསར་སྐྲུན་དང་ད་ཡོད་ཡར་རྒྱས་བརྒྱུད་བོད་མིའི་འཚོ་ཐབས་གོང་འཕེལ་ཡོང་ཐབས་ཀྱི་འཆར་གཞི། ཅེས་པའི་དགོངས་གཞི་ལ་ཞིབ་ན་སྤྱི་ཡོངས་བཀའ་མོལ་ཞིག་ལས་རྩལ་དུ་འཕེལ་བའམ་དམིགས་སུ་བལྟར་རྒྱུའི་ལས་གཞི་ཞིག་ནི་མངོན་མ་སོང་། ལས་གཞི་འདི་འདྲ་བོ་ཕྱིི་ལོ་ ༢༠༠༡ སྔོན་གྱི་བོད་གཞུང་དང་དེའི་རྗེས་མཐུད་བཀའ་ཤག་ཁག་གི་མང་དག་ཅིག་གནང་ཡོད། དཔེ་མཚོན་ཙམ་དུ་ཞུས་ན་དངུལ་འབོར་ཆེ་བའི་སྲོལ་རྒྱུན་སོ་ནམ་ཞིང་ལས་ལྟ་བུ། ཡིན་ཀྱང་ད་སྐབས་སྲོལ་རྒྱུན་ནོ་ནམ་ཞིང་ལས་ཀྱི་གནས་སྟངས་ལ་ཞིབ་ན་མཁྱེན་ཐུབ། དེ་བཞིན་བོད་མིའི་ཚོང་ལས་ཡར་རྒྱས་དང་གཞི་ཆགས་གཞི་མིའི་འཚོ་བ་སྲ་བརྟན་ཆེད་ཕྱི་ལོ་ ༨༠ ནང་ཨ་སྒོར་ས་ཡ་ ༡ གི་བུན་དངུལ་ལས་གཞི་སོགས་མང་པོ་ཐབས་བྱུས་ཞུས་པ་འགོད་རྒྱུ་ཡོད་ཀྱང་ཡག་པོ་བྱུང་སོང་བསམ་པ་མང་པོ་ཕལ་ཆེར་དཀོན། རྒྱུ་རྐྱེན་གཙོ་བོ་དེ་གཞི་མི་ལ་རག་ལུས་ཡོད། སྤྱིར་འཛམ་གླིང་ནང་ཞིང་ལས་དང་གཞི་གྲོང་ནང་གནས་སྡོད་ཞུ་རྒྱུའི་མོས་འདོད་བྱེད་མཁན་ཉུང་དུ་འགྲོ་བའི་རང་བཞིན་ཞིག་ཡོད་འདུག ཡིན་ཀྱང་ཐབས་ཤེས་ཞུས་ནའང་མ་འགྲིག་པ་མེད་ཀྱང་དེ་སྔ་མ་ཞུས་པ་མིན་པའི་གནས་ཚུལ་དུ་ཞུས། གཞུང་པ་ཚེ་དབང་ལགས་གཞིས་ཆགས་ནས་ཡིན་ཁོང་གི་བསམ་ཚུལ་གོད་དུ་གནང་འདུག་པར་ཞིབ་ནའང་དགའ་བསུ་གནང་མིན་འདུག
མི་མང་པོར་ལས་གླ་འཐུས་ངེས་སྤྲོད་ཐུབ་པའི་ལས་གཞི་ནི་རང་གཞུང་ནས་སྦྱོར་ན་ལས་སྒེར་གྱི་བསྐྲུན་རྒྱུ་ཁག་པོ་ཡིན་ཀྱང་གཞུང་གི་ཚོང་རྒྱབ་རྒྱུར་བཀའ་ཟུར་ལགས་མཚོན་ན་དེ་སྔ་ཁེ་བཟང་བཟོ་ཐུབ་མཁན་གྱི་རང་གཞུང་དཔལ་ལས་ཀྱི་ཚོང་ལས་ཁག་སྒེར་བདག་ཅན་དུ་བསྒྱུར་མཁན་གྱི་ལས་སྣེར་བཞུགས་པས་ད་ཆ་གཞུང་གི་ཚོང་རྒྱབ་རྒྱུར་མོས་མཐུན་གང་ནས་འོང་།
ལས་གཞི་མང་པོ་ཞིག་ལ་རྒྱ་གར་གཞུང་གི་བཀའ་འཁྲོལ་དགོས་ངེས་ཀྱི་དགོངས་འཆར་འདུག་པ་ལས་སླ་པོ་མེད་སྟབས་བཀའ་ཟུར་རྒྱ་རི་སྒྲོལ་མ་ལགས་རྒྱ་གར་དབུས་ས་གཉིས་ཀྱི་དཔོན་རིགས་ཁག་ལ་བཀའ་བསྡུར་ཞུ་རྒྱུར་མཁས་པོ་དང་འཇོན་ནུས་ཡོད་པ་སྤྱི་མོས་དང་། བཀའ་ཟུར་རྒྱ་རི་ལགས་ཀྱང་སྲིད་སྐྱོང་འོར་མིར་ཕེབས་ཡོད་པ་ལའང་དེ་འདྲའི་ལས་འཆར་ཡོད་སྟབས་གྲུབ་འབྲས་དུས་ཐོག་སྨིན་ཐབས་དང་དེ་མིན་དགེ་མཚན་མང་པོ་ཡོད་པས་བཀའ་ཟུར་ཁོ་མར་སྲིད་སྐྱོང་འོས་གནང་ན་སྤྱི་སྒེར་བདེ་ལ་འགོད་ཐབས་ཡོད་པ་མ་ཟད་སྤྱི་ཡོངས་བོད་མིའི་མཐོང་རྒྱ་ཡང་ཡར་མཐོན་ཅན་རྒྱལ་ཁབ་དང་མི་རིགས་ཁོངས་སུ་ཚུད་ངེས་སོགས་ཀྱི་དགེ་མཚན་དུ་མ་ཡོད་པས་དགོངས་རྒྱ་མི་ཆུང་བ་དང་མི་དོག་པའི་བསྐུལ་མ་བཅས།།
བོད་མི་ཚོ་མིའི་ལུང་པའི་ནང་སྐྱབས་བཅོལ་ནས་གནས་ཚང་གཡར་ནས་བསྡད་ཡོད་ན་ཡུལ་མིའི་ཞིང་ལས་བྱེད་སྟངས་དང་ཡུལ་མིའི་ཚོང་ལས་བྱེད་སྟངས་སོགས་གནས་ཡུལ་ལུང་པའི་ཁྲིམས་ལུགས་ལ་མ་བརྒྱུད་པར་ང་ཚོ་སྐྱབས་བཅོལ་བོད་མིར་ཐོབ་རྒྱུ་ཡོད་ན་འདས་པའི་མི་ལོ་དྲུག་བཅུ་ནང་ཞིང་ལས་ཡར་རྒྱས་དང་ཚོང་ལས་ཡར་རྒྱས་ག་རེ་བྱས་ནས་གཏོང་མ་ཐུབ་པ་ཡིན་ནམ་ཧཧ་།