ཆབ་མདོ་ངག་ཕུན།
སྔོན་གླེང་།
རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་ཁྱབ་གདབ་བྱུང་བའི་ཏོག་དབྱིབས་ནད་དུག་འདི་ཉིད་ཀྱི་འགྲོ་བ་མིའི་རིགས་ལ་དཀའ་སྡུག་བསམ་ཡུལ་ལས་འདས་པ་མྱོང་དགོས་བྱུང་ཡོད་པ་རེད། ཁྱིམ་ཚང་དུ་མ་ཞིག་ཀྱང་ནད་དུག་འོག་ཏུ་དཀའ་ངལ་ནང་དུ་ལྷུང་དགོས་བྱུང་ཡོད་ཅིང་། ནད་དུག་དེས་ནང་མི་ལ་འགོས་ཁྱབ་ཀྱིས་ནང་མི་ཚང་མ་འདས་གྲོངས་སུ་གྱུར་བས་གནས་ཚུལ་དེ་འདྲ་ཡང་བྱུང་ཡོད། དེ་བཞིན་འཛམ་གླིང་གི་མི་རྒྱུ་གཉིས་ལ་གྱོང་གུད་བསམ་ཡུལ་ལས་འདས་པ་བྱུང་ཡོད་ཅིང་། ནད་དུག་དབང་གིས་ཉམས་ཐག་དུ་མ་ཞིག་ཀྱང་ལྟོག་ཤི་ཐེབ་ཡོད་ལ། ལུས་སེམས་གཉིས་ལ་དཀའ་སྡུག་ཚད་མེད་མྱང་དང་མྱོང་བཞིན་ཡོད་པ་རེད། ནད་ངན་དེ་ལ་སྔོན་འགོག་གི་སྨན་ཁབ་བཟོས་དང་བཟོ་བཞིན་ཡོད་རུང་། སྔོན་འགོག་གི་སྨན་ཁབ་མ་ཐོན་བར་དུ་ད་དུང་འཛམ་གླིང་གི་མི་དམངས་རྣམས་ལ་འགྲོ་འདུག་ལ་དཀའ་ངལ་ཞེ་དྲག་འཕྲད་རྒྱུ་ཡིན་པ་རེད། རྒྱུ་མཚན་དེ་དག་ལ་བརྟེན་ང་ཚོ་ཚང་མས་ཨེམ་ཆིས་ལམ་སྟོན་གང་ཞིག་གནང་དོན་ལྟར་རྒྱུན་དུ་འགྲོ་འདུག་ལ་དོ་སྣང་བྱེད་དགོས་པ་ལས་སྣང་མེད་གཏན་ནས་བྱེད་མི་རུང་བ་གཙོ་བོ་དེ་ཡིན་ཞིང་། ངོ་དེབ་སོགས་ནས་ནང་མི་གསུམ་གྱི་གཏམ་རྒྱུད་ཡིད་སྐྱོ་བ་དེ་དག་བཀླགས་རྗེས་རང་ཉིད་ཀྱི་སེམས་ནང་དུ་སྨྲ་མི་ཤེས་པའི་སྐྱོ་གདུང་ཆེན་པོ་སྐྱེས་པ་དང་འབྲེལ་ནས་ད་རེས་བརྩམས་སྒྲུང་འདི་ཉིད་གཞི་རྩ་དེ་ལ་བཟུང་ནས་བྲིས་པ་ཞིག་ཀྱང་ཡིན།
ནང་མི་ཞིག་གི་ཡིད་སྐྱོའི་གཏམ་རྒྱུད།
བླ་མ་ཡི་དམ་མཁའ་འགྲོ་སོགས།། འགྲོ་བ་ཡོངས་ལ་ཐུགས་རྗེས་གཟིགས།།
ནད་ངན་འདི་ཉིད་མྱུར་ཞི་ནས།། སྔ་རྒྱུན་ཇི་བཞིན་འགྱུར་བར་ཤོག།།
ནང་མི་གཅིག་གི་གཏམ་རྒྱུད་འདི།། སྐྱོ་གར་ཅན་གྱི་གཏམ་རྒྱུད་ཡིན།།
ཐེངས་གཅིག་ཀློག་དང་ཕན་པ་ལས།། གནོད་པ་གང་ཡང་ཡོད་མ་ཡིན།།
ལོ་འདིའི་ནང་དུ་ཡིད་སྐྱོ་བའི་གཏམ་རྒྱུད་གཅིག་བྱུང་བ་དེ་དག་རང་ཉིད་ཀྱི་བརྩམས་སྒྲུང་ལམ་ནས་བཤད་པར་འདོད། དེ་ཡང་ལུང་པ་ཞིག་ཏུ་ནང་མི་གསུམ་མི་དམངས་སྤྱི་མཚུངས་ལྟར་ལས་དོན་གཉེར་བཞིན་པའི་སྐབས་དེར་རྒྱ་ནག་ཝུ་ཧན་ནས་ནད་དུག་འགོས་ནད་གཅིག་རིམ་གྱིས་འཛམ་གླིང་ས་ཕྱོགས་གང་སར་ཁྱབ་གདབ་ཏུ་ཕྱིན་ནས་མི་མང་ས་ཡ་མང་པོ་ཞིག་འདས་གྲོངས་ཕྱིན་ཡོད་པ་དང་། མི་དམངས་འབུམ་ཕྲག་དུ་མ་ཞིག་ལ་ནད་དུག་དེ་ཉིད་འགོས་ཡོད་པ་རེད། མི་དམངས་དུ་མ་ཞིག་གིས་ནང་མི་རྩ་གཏོང་དུ་ཕྱིན་ཡོད། ཕ་མ་མེད་པའི་དྭ་ཕྲུག་དུ་མ་ཞིག་གྱུར་ཡོད་ཅིང་། དེ་སྔོན་ལོ་རྒྱུས་ནང་བྱུང་མྱོང་མེད་པའི་འཛམ་གླིང་ནང་ནད་དུག་འདིས་དཀའ་ངལ་ཆེན་པོ་ཞིག་བཟོས་ཡོད།
ལུང་པ་ཞིག་ཏུ་ཁྱོ་ཤུལ་གཉིས་ལ་བུ་མོ་གཅིག་ཅེས་ནང་མི་གསུམ་ཡོད་ཅིང་། རང་དབང་ངང་ནས་ཚོར་གོས་ལ་མི་དམངས་སྤྱི་མཚུངས་ལྟར་དགོས་མཁོའི་ཆེད་དུ་ལས་དོན་གཉེར་བཞིན་ཡོད་མུར། ཉིན་ཞིག་བཟའ་ཟླ་ཆོས་སྒྲོན་གཟུགས་གཞི་བདེ་པོ་མེད་པ་གྱུར་རྗེས་ལམ་སང་ཁྱོ་ག་དོན་འགྲུབ་ཀྱིས་རླངས་འཁོར་ཆུང་ཆུང་ཞིག་གླས་ནས་སྨན་ཁང་དུ་ཁྲིད་ནས་ཕྱིན། སྨན་ཁང་དུ་སླེབས་པ་དང་བརྟག་དཔྱད་བྱས་རྗེས་ཏོག་དབྱིབས་ཀྱི་ན་ཚ་འགོས་ཡོད་པ་ཤེས་རྗེས་སྨན་ཁང་དུ་ནད་པ་མང་བས་ཉལ་ཁྲི་མ་ཐུབ་ནས་ནང་དུ་ཁྲིད་ཡོང་དགོས་བྱུང་ཞིང་། ཁྱིམ་ཚང་གི་ཁང་མིག་ཅིག་ཏུ་ཆོས་སྒྲོན་ཟུར་བཀག་ནས་བཞག་དགོས་བྱུང་བ་རེད། གཞུང་གི་སྨན་པ་ཡང་ཡང་བརྟག་དཔྱད་ཆེད་དུ་ཡོང་གི་ཡོད་མོད། ཆོས་སྒྲོན་གྱི་ན་ཚ་ཉིན་རེ་ཇེ་ཞན་ཇི་སྡུག་ཏུ་ཕྱིན་པ་དང་། བཟའ་ཟླ་དོན་འགྲུབ་ཀྱིས་རིམ་འགྲོ་དང་ཕྱི་ནང་གི་སྨན་པ་བསྟེན་གཏུག་ལ་སོགས་གང་རུང་ཐབས་ཤེས་བྱས་རུང་ཕན་འབྲས་མ་གསོན་པར་ཕྱི་མའི་ལམ་དུ་གཤེགས།
དེ་ནས་སྨན་ཁང་ནས་རླངས་འཁོར་དང་མི་ཆ་རང་འགྲིགས་བྱས་ནས་ཕུང་འཁྱེར་བ་ཡོང་བ་དང་། ཕུང་པོ་འཁྱེར་གྲབས་སྐབས་བུ་མོ་སྒྲོན་མས”་ཨ་མ་”ཞེས་ངུ་བཞིན་ཕུང་པོ་ཡོད་སར་ཤོར་གྲབ་སྐབས་དེར་ཕ་དོན་འགྲུབ་ཀྱིས་མིག་ཆུ་ཕྱེས་བཞིན་བུ་མོ་བཟུང་ནས་བསྡད། བུ་མོ་སྒྲོལ་མ་ནི་སྐབས་དེ་དུས་ལོ་ལྔ་ལས་གསོན་མེད་མོད། བུ་མོ་སྒྲོལ་མས་”ཨ་མ་ངེད་གཉིས་བཞག་ནས་ཁྱེད་ག་འདྲ་བྱས་ནས་འགྲོ་ཡི་ཡོད། ཨ་མ་ལགས་ངེད་གཉིས་གཡུག་ནས་མ་འགྲོ་རོགས་”ཞེས་ངུ་བཞིན་ཡོད་པས། སྐབས་དེར་ཁང་པ་གཡས་གཡོན་ནས་གྲོང་མི་རྣམས་རོགས་པ་འགྲོ་དགོས་དྲན་རུང་། ནད་ངན་དབང་གིས་སུ་ཞིག་མདུན་དུ་འོང་ནས་རོགས་པ་བྱེད་ནུས་ཀྱི་མེད་པ་རེད། ཁང་པའི་ཤེལ་སྒོ་གསེང་ནས་ཕ་དང་བུ་མོ་གཉིས་ཀྱི་ཡིད་སྐྱོ་བའི་གནས་ཚུལ་དེ་དག་མཐོང་དུ་ཚང་མ་མིག་ཆུ་རང་དབང་མེད་པ་ཤོར་བ་ལས་གཞན་བྱ་ཐབས་གང་ཡང་མ་རྙེད་པ་རེད། དུས་སྐབས་དེར་གཡས་གཡོན་ནས་ངུ་ངག་གི་སྒྲ་ལས་གཞན་གང་ཡང་ཐོས་རྒྱུ་མེད་ཅིང་། ཡིད་སྐྱོ་བའི་གཏམ་རྒྱུད་དེ་དག་མཐོང་དུས་ཕུང་པོ་འཁྱེར་མཁན་དེ་དག་ཀྱང་རང་དབང་མེད་པའི་མིག་ཆུ་ཤོར། དུས་རྒྱུན་ཡིན་ན་ཕུང་པོ་དུར་ཁྲོད་དུ་འཁྱེར་དུས་གཉེན་ཉེ་འབྲེལ་ཚང་མ་ཡོང་ནས་མྱ་ངན་བྱེད་སྲོལ་ཡོད་མོད། ད་རེས་ནད་ཡམས་དབང་གི་གཉེན་ཉེ་འབྲེལ་སུ་ཞིག་འོང་ནུས་ཀྱི་མེད་པས་དེ་འདྲའི་ཡིད་སྐྱོ་བའི་གནས་སྟངས་ཤིག་ཏུ་གྱུར་པ་རེད།
བཟའ་ཟླ་གྲོངས་ནས་ཉིན་ཤས་སོང་མེད་རུང་ཡང་དོན་འགྲུབ་གཟུགས་གཞི་བདེ་པོ་མེད་པ་བྱུང་བ་དང་བསྟུན་ནས་ལམ་སང་སྨན་ཁང་དུ་ཕྱིན་ནས་བརྟག་དཔྱད་བྱས་པ་དང་། ཐབས་སྡུག་པ་ཞིག་ཏུ་དོན་འགྲུབ་ལ་ནད་ཡམས་དེ་ཉིད་འགོས་ཡོད་པ་ཐོན་པ་དང་། བུ་མོ་ཆོས་སྒྲོན་ལ་ལྟ་རྟོག་བྱེད་མཁན་ཕ་ལས་གཞན་སུ་ཞིག་མེད་པས། དོན་འགྲུབ་ཀྱིས་གཟུགས་པོ་ལ་ནད་དུག་སྔོན་འགོག་གི་གྱོན་ཆས་གྱོན་ནས་བུ་མོ་ལ་ཁ་ལག་སྤྲད་དགོས་བྱུང་ཞིང་། དོན་འགྲུབ་ཀྱི་སྤུན་མཆེད་ཚོས་བུ་མོ་ཉར་དགོས་ཟེར་ཡང་དོན་འགྲུབ་ཀྱིས་ནད་གཞི་བུ་མོ་ལ་ཡང་འགོས་ཡོད་པ་ཐག་གི་ཆོད་པས། ཁྱེད་ཚོར་ནད་དུག་འདི་ཉིད་འགོས་ནས་དཀའ་ངལ་འཕྲད་ན་དཔེ་བསགས་པ་རེད་ཅེས་ཟེར་ནས་ཨུ་ཚུགས་བརྒྱབ་ནས་དོན་འགྲུབ་རང་གི་བུ་མོ་ལ་ལྟ་རྟོག་བྱེད་ཀྱི་ཡོད། ཉིན་ཤས་སོང་རྗེས་དོན་འགྲུབ་ནི་དུས་རྒྱུན་ལྟར་མ་ཡིན་པར་འགྲོ་འདུག་ལ་དཀའ་ལས་ཆེ་རུ་ཕྱིན་ནས་མཐར་དོན་འགྲུབ་ཀྱང་གློ་བུར་དུ་འདས་གྲོངས་སུ་གྱུར།
གནས་ཚུལ་དེ་དག་ས་གནས་གྲོང་མི་ཚོས་ཤེས་རྗེས་འབྲེལ་ཡོད་ལ་ཞུས་ཤིང་། སྔོན་འགོག་གི་གྱོན་ཆས་གྱོན་པ་འགའ་ཤས་ཤིག་འོང་ནས་དོན་འགྲུབ་ཀྱི་ཕུང་པོ་འགྱིག་ཤོག་གི་ལེགས་པ་དཀྲིས་ནས་སྨན་ཁང་གི་རླངས་འཁོར་ཞིག་ཏུ་བཞག་ནས་ཕུང་པོ་དུར་ཁྲོད་ཕྱོགས་སུ་འཁྱེར་གྲབས་སྐབས་དེར། ཁང་པའི་དབུགས་ནས་བུ་མོ་སྒྲོལ་མས་”ཨ་ཕ་ང་གཡུག་ནས་མ་འགྲོ་རོགས་”ཞེས་ངུ་བཞིན་ཡོད། ནད་གཡོག་ཚོས་བུ་མོ་འགོག་ཐབས་བྱས་རུང་ཤོར་ནས་འོང་། བུ་མོ་ཆུང་ཆུང་ཞིག་གིས་ཨ་ཕའི་ཕུང་པོའི་ཟུར་ནས་བཟུང་སྟེ་”ང་གཡུག་ནས་མ་འགྲོ་རོགས་”ཞེས་ངུ་བཞིན་ཕུང་པོ་འཐེན་པ་མཐོང་དུས་ནད་གཡོག་དང་ཕུང་པོ་སྐྱེལ་མཁན་རྣམས་ཡིད་སྐྱོ་ཞིང་བྲང་ཁོག་གཟུག་གཟེར་གྱིས་ཁེངས་བཞིན་གནས། སྐབས་དེར་མི་རྣམས་འཇིག་རྟེན་འདིར་གང་ཡང་སྙིང་པོ་མེད་པའི་ཚོར་སྣང་དྲག་པོ་ཞིག་དབང་མེད་དུ་སྐྱེ་རུ་བཅུག།
ཉིན་དེ་ནི་དུས་རྒྱུན་ཇི་བཞིན་མ་ཡིན་པ་ཆར་པ་སིམ་སིམ་འབབ་ཅིང་། རླུང་བུ་གྲང་ལྷབ་ལྷུབ་ཏུ་རྒྱབ་བཞིན་མཆིས། གནམ་མཁའི་ལྷ་མོས་ཡང་བུ་མོ་སྒྲོལ་མ་ལ་སེམས་གསོ་བྱེད་ཀྱི་ཡོད་པར་མངོན། དུས་དེ་ནས་བཟུང་སྟེ་བུ་མོ་སྒྲོལ་མ་ནི་ཕ་མ་མེད་པའི་དྭ་ཕྲུག་གཅིག་ཏུ་གྱུར་པ་རེད་ལ། བུ་མོ་སྒྲོལ་མ་ལ་ལྟ་རྟོག་བྱེད་མཁན་སུ་ཞིག་མེད་པས། ས་གནས་གྲོང་སྡེ་ལས་ཁུངས་ཡོང་ནས་བུ་མོ་སྒྲོལ་མ་སྨན་ཁང་དུ་ཉལ་ནས་ནད་དུག་གི་ན་ཚ་ཡོད་མེད་ལྟ་རྟོག་བྱས་པ་དང་། ན་ཚ་ཡོད་པ་ཤེས་རྗེས་མི་དམངས་སྨན་ཁང་དུ་ཉལ། རྒྱ་ནག་ཝུ་ཧན་ནས་ཁྱབ་གདབ་ཏུ་གྱུར་པས་ནད་དུག་དེས་ཉིན་ཤས་ལས་མ་སོང་བ་བུ་མོ་ཆུང་ཆུང་དེ་ཡང་ཚེ་སྲོག་འཕྲོག་ཅིང་། བུ་མོ་དེས་སྨན་ཁང་བསྡད་ཡུན་རིང་རས་ཁུག་ཅིག་རྟག་ཏུ་ཉར་ནས་བསྡད་ཀྱི་ཡོད་ཅིང་། དེ་ནི་སུ་ཞིག་ལ་སྟོན་རོགས་བྱེད་ཀྱི་མེད། ད་དུས་ཡིན་ན་ཉལ་མགོ་འོག་ཏུ་སྦས་ནས་བཞག་གི་ཡོད།
ནུབ་གཅིག་དགོང་མོ་ནད་གཡོག་གིས་བུ་མོ་སྒྲོལ་མ་ལ་ཚ་སྨན་སྤྲད་པ་དང་། སྨན་དེ་དག་བཟས་ནས་ཉལ། མཚན་ཕྱེད་ཙམ་དུ་གཙུག་གཙུག་ལངས་ནས་ཉལ་མགོ་འོག་ནས་རས་ཁུག་ཁ་ཕྱེས་ནས་འདྲ་དཔར་དེ་ཚུར་བླངས་ནས་ལག་ཏུ་དམ་པོ་བཟུང་ནས་དྲན་ཅན་ཕ་མ་གཉིས་ཧ་ཅང་དྲན་ཞིང་། མིག་ཆུ་རང་དབང་མེད་པ་ཤོར། དེ་ནས་འདྲ་དཔར་དེ་ཉིད་ཐོད་པ་གཏུག་ནས་མགོ་འོག་བཞག་ནས་ཉལ་ཁུག མཚན་མོ་ཕ་མ་གཉིས་ཧ་ཅང་དྲན་ནས་མིག་ཆུས་འདྲ་དཔར་རློན་པ་ཆགས་ཡོད། བུ་མོ་སྒྲོལ་མ་ནམ་སྟོད་ལ་ཉལ་ཁྱོན་ནས་མ་ཁུག་ཅིང་ནམ་སྨད་ཙམ་དུ་བུ་མོ་སྒྲོལ་མ་ན་ཚ་སྡུག་ཏུ་ཕྱིན་ནས་ན་ཟུགས་ཀྱིས་ཨ་མ་ཞེས་སྐད་འབོད་ཐེངས་མང་རྒྱབ་ཀྱང་ནད་གཡོག་ཚང་མ་གཉིད་ཁུག་ཡོད་པས་སུ་ཞིག་མ་ཐོས། འགྲམ་དེར་རྒན་འཁོགས་ཤིག་ཡོད་རུང་དེ་ནས་ཉལ་ཁྲི་སྒང་ནས་འབབ་མ་ཐུབ་ནས་ལྷག མཐར་རིམ་གྱིས་བུ་མོ་སྒྲོལ་མའི་སྐད་གོ་རྒྱུ་མེད་པ་གྱུར་རྗེས་རྒན་འཁོགས་དེས་བུ་མོ་སྒྲོན་མ་གྲོངས་པ་ཡིན་པ་ཤེས་རུང་བྱ་ཐབས་ཤིག་ག་ལ་ཡོད།
ཕྱི་ཉིན་ཞོགས་པ་སྔ་པོ་ནད་གཡོག་ནས་བུ་མོ་སྒྲོལ་མ་བཞེངས་དང་སྨན་མཆོད་ཅེས་ལན་མང་བརྗོད་རུང་ཡ་ལན་གང་ཡང་མེད་པས་ནད་གཡོག་གིས་དདངས་སྐྲག་དང་འབྲེལ་ལམ་སང་སྨན་པ་སྐད་བཏང་། སྨན་པས་བུ་མོ་སྒྲོལ་མ་གྲོངས་ཚར་འདུག་ཟེར། དེ་ནས་ནད་གཡོག་འགའ་ཤས་ཤིག་ཡོང་ནས་སྒྲོལ་མའི་ཕུང་པོ་ཉལ་ཁྲི་གཞན་དུ་སྤོས་གྲབ་བྱས་ནས་ཕུང་པོ་ཉལ་ཁྲི་སྒང་ནས་ཚུར་འཐེན་པ་དང་། འགྲམ་ངོས་སུ་འདྲ་དཔར་འབྱར་ཡོད་པ་མཐོང་ནས་འདྲ་དཔར་ཚུར་འཐེན་པ་དང་དེ་ནི་གཞན་གང་ཡང་མ་ཡིན་པ་སྒྲོལ་མའི་ཕ་མ་གཉིས་ཀྱི་འདྲ་དཔར་ཡིན་ཞིང་། མིག་ཆུས་སྐམ་ནས་འདྲ་དཔར་སྒྲོལ་མའི་འགྲམ་ཁུག་ཏུ་འབྱར་ཡོད་པ་རེད། དེ་དག་སྨན་པ་དང་ནད་གཡོག་རྣམས་ཀྱིས་མཐོང་དུས་རང་དབང་མེད་པ་མིག་ཆུ་ཤོར། དེ་ཉིན་བུ་མོ་ལ་མིག་ཆུ་གཏོང་མཁན་སྨན་པ་དང་ནད་གཡོག་ལས་གཞན་པ་སུ་ཞིག་ལྷག་མེད། དུས་དེ་ནས་བཟུང་སྟེ་ནང་མི་དེ་དག་གིས་གཏམ་རྒྱུད་བཤད་དུས་མི་རྣམས་མིག་ཆུ་སར་ཟགས་ཤིང་། སེམས་ནང་སྐྱོ་ལྷང་ལྷང་གི་ཚོར་སྣང་རང་དབང་མེད་པར་སེམས་ངོགས་སུ་སྦྱིན་གྱི་ཡོད་པ་རེད་དོ།། །།
སྨྲས་པ།
མི་ལུས་བླངས་རུང་འཇིག་རྟེན་ཐོག།། ཚོར་བའི་དགའ་སྡུག་མ་མྱོང་གོང་།།
ན་ཆུང་བྱིས་པ་བུ་མོ་འདི།། འཆི་བདག་ནག་པོས་བཙན་གྱིས་ཁྲིད།།
ནད་དུག་ངན་པ་འདི་ཉིད་ཀྱིས།། འཛམ་གླིང་ཡོངས་སུ་ཁྱབ་གདབ་ཕྱིན།།
འགྲོ་ཀུན་ཚེ་སྲོག་དབང་མེད་འཕྲོག །དཀའ་སྡུག་གནས་སུ་ལྷུང་དགོས་བཟོས།།
དཔོན་པོ་ཡིན་བསམ་སྡོད་དབང་མེད།། སྤྲང་པོ་ཡིན་ཟེར་ཞུ་དབང་མེད།།
ཐམས་ཅད་ནད་དུག་འདི་ཉིད་ཀྱིས།། རིན་ཆེན་ཚེ་སྲོག་འཕྲོག་ནས་སོང་།།
ནད་དུག་ངན་པ་འདི་ཉིད་ཀྱིས།། མི་རྣམས་དཀའ་སྡུག་གནས་སུ་ལྷུང་།
འགའ་རེ་ནད་དུག་འཕོག་ནས་འཆི།། འགའ་རེ་ལྟོག་ཤི་འཐེབ་ནས་འཆི།།
རྒྱ་ནག་ཝུ་ཧན་ནད་དུག་དེས།། དེ་སྔོན་བྱུང་མྱོང་མེད་པ་ཞིག།
འཛམ་གླིང་ཀུན་ལ་བརྡབ་གསིག་བཏང་།། འགྲོ་རྣམས་ཚེ་སྲོག་དུ་མ་འཕྲོག།
བོད་ཡིག་འདི་བོད་ཡིག་རང་མིན་ནའང་རྩོམ་པ་པོས་བོད་ཡིག་འདི་ལྟར་བྲིས་པ་དེ་བོད་ཡིག་ལ་བཞག་པའི་བརྩེ་སེམས་ཡིན་པས་ན་རྗེས་སུ་རི་རངས་ཡོད། འདི་ནས་ལོ་འགའ་འགོར་རྗེས་བོད་ཡིག་གི་རྩོམ་པ་པོ་ཞིག་སྐྱེས་ཀྱིན་ཚོར་བྱུང་། བཀྲིན་ཆེ།
༼མཚན་ཕྱེད་ཙམ་དུ་གཙུག་གཙུག་ལངས་ནས་ཉལ་མགོ་འོག་ནས་རས་ཁུག་ཁ་ཕྱེས་ནས་འདྲ་དཔར་དེ་ཚུར་བླངས་ནས་ལག་ཏུ་དམ་པོ་བཟུང་ནས་དྲན་ཅན་ཕ་མ་གཉིས་ཧ་ཅང་དྲན་ཞིང་།༽
ནས་ནས་ནས་ནས་ནས་ལྔའི་བརྗོད་ལ་ཕྱག་འཚལ་ལོ།
རྒྱ་ནག་ཝུ་ཧན་ནས་ནད་དུག་འགོས་ནད་གཅིག་རིམ་གྱིས་འཛམ་གླིང་ས་ཕྱོགས་གང་སར་ཁྱབ་གདབ་ཏུ་ཕྱིན་ནས་མི་མང་ས་ཡ་མང་པོ་ཞིག་འདས་གྲོངས་ཕྱིན་ཡོད་པ་དང་། མི་དམངས་འབུམ་ཕྲག་དུ་མ་ཞིག་ལ་ནད་དུག་དེ་ཉིད་འགོས་ཡོད་པ་རེད། མི་དམངས་དུ་མ་ཞིག་གིས་ནང་མི་རྩ་གཏོང་དུ་ཕྱིན་ཡོད། ཕ་མ་མེད་པའི་དྭ་ཕྲུག་དུ་མ་ཞིག་གྱུར་ཡོད་ཅིང་། དེ་སྔོན་ལོ་རྒྱུས་ནང་བྱུང་མྱོང་མེད་པའི་འཛམ་གླིང་ནང་ནད་དུག་འདིས་དཀའ་ངལ་ཆེན་པོ་ཞིག་བཟོས་ཡོད།
བསྔགས་བརྗོད་དང་ལམ་སྟོན་གནང་མཁན་རྣམ་པ་གཉིས་ཀར་བཀའ་དྲིན་ཆེ་ཞུ་བ་དང་འབྲེལ། རྩོམ་ཡིག་དེ་དག་ཐེངས་གཅིག་བཀླགས་གནང་མཛད་པར་དེ་ལས་ཀྱང་བཀའ་དྲིན་ཆེ། ཐེངས་གཅིག་བཀླགས་པ་དེས་་ངའི་རེ་འདོད་ཡོངས་སུ་གྲུབ་པ་ཡིན་པས། བཀླགས་གནང་མཛད་པར་བསྐྱར་དུ་བཀའ་དྲིན་ཆེ་གནང་།
སྒྲུང་འདི་མ་རྩར་བཞག་སྟེ་ངས་གློག་བརྙན་ཐུང་ཐུང་ཞིག་བཟོ་འདོད་ཡོད།
4 མི་ཉག་སྐལ་བཟང་། ལགས། གློག་བརྙན་ཞིག་བཟོ་སྐྲུན་གནང་ན་དགའ་བསུ་ཞུའོ།