The United Front Work Department Vice Minister Sithar is holding a press conference in the Chinese Embassy in Washington, D.C. on Tuesday, December 9, 2008. We understand he is visiting Capitol Hill, too.
Si Ta, vice minister of the United Front Work Department of the Chinese Communist Party’s Central Committee, who discusses the situation in Tibet at an 11:30 a.m. press conference at the Chinese Embassy.
The United Front Work Department Vice Minister Sithar is holding a press conference in the Chinese Embassy in Washington, D.C. on Tuesday, December 9, 2008. We understand he is visiting Capitol Hill, too.
Si Ta, vice minister of the United Front Work Department of the Chinese Communist Party’s Central Committee, who discusses the situation in Tibet at an 11:30 a.m. press conference at the Chinese Embassy.
མིང་ལ་སྲི་ཐར་ཟེར་ཡང་ད་ཐེངས་བོད་དོན་དཀའ་རྙོག་གི་དམ་སྲི་འདི་ལས་སླ་བོར་བདེན་པའི་གནས་ཚུལ་བཤད་ས་ནས་ཐར་གྱི་མ་རེད།
ལྟས་ངན་ཁོ་ག་དུས་ཝ་ཤིན་ཀྲོན་ལ་ཡོང་གི་ཡོད་དམ། ང་ཚོས་ཁོ་ཐར་བར་མི་གཏོང་ཁོ་ཐག་ཡིན།
གཅིག་བྱས་ན་རྒྱ་རིས་མགྲོན་བདག་བྱེད་ཀྱི་ཡོད་ཀྱི་རེད། ཁྱི་རྐུན་འོ་ཟངས་ཁ་ནས་མཐུན་ཟེར་བ་ལྟར། རྒྱ་རི་དང་སྲི་ཐར་གཉིས་རྒྱ་བོད་ཀྱི་གནད་དོན་ཐོག་ནས་མཐུན་གྱི་ཡོད། དྲ་གྲོགས་སུས་ཁོ་ཝ་ཤིན་ཀྲོན་ལ་ནམ་སླེབས་ཀྱི་ཡོད་ན། གསལ་བསྒྲགས་གནོངས་དང་། ངེད་ཚོ་དེར་སོང་ནས་ཁོ་ལ་སྙིང་ཚིམ་ཡིད་ཚིམ་པ་ཞིག་བྱེད་དགོས། རྒྱ་མིའི་རྒྱུགས་ཁྱི་དང་རྒྱ་མི་གཉིས་ལ་ཁྱད་པར་མེད་ལ། ད་དུང་རྒྱུགས་ཁྱི་བྱས་པས་སྙིང་འཆག་གི་ཆེ་གི་ཡ།
ཨོ། དགོགས་དག ཁོ་ནམ་ཡོང་གི་ཡོང་གི་ཡོད་མེད། གོང་དུ་དྲ་གྲོགས་མདའ་ཚན་པས་གསལ་བོར་བྲིས་འདུག དགོངས་དག
རྒྱ་རི་རྒྱ་ལ་ཡང་སྐྱར་འགྲོ་མིན་དང་།།
སྲི་ཐར་ད་རེས་སྲི་ལས་ཐར་མིན་གཉིས།།
ཁ་བ་ཅན་གྱི་དཔའ་རྒོད་ཁྱེད་ཅག་གིས།།
ཐག་གཅོད་བྱེད་ན་བྱེད་རན་དེ་རིང་རེད།།
སྲི་ཐར་སྒེར་ལ་ངོ་རྒོལ་བྱེད་དགོས་དོན་མི་འདུག སྲི་ཐར་གྱི་ཕྲག་པར་བཀལ་ཡོང་བའི་རྒྱ་བྱུས་ངན་པ་དེ་ལ་ངོ་རྒོལ་བྱེད་རོགས།
ད་ཐེངས་ཡོད་ན་མེད་ན་ཝ་ཤིང་ཀྲོན་དུ་གནས་པའི་བོད་ཡིག་གི་ཆུ་ཚད་ཤིན་ཏུ་ནས་ཀྱང་སྐྱོ་བའི་གསར་འགྱུར་གྱི་ལས་རིགས་གཉེར་མཁན་དེ་ཚོ་ཡིན་ད། རྟག་པར་ཚོགས་འདུ་དང་ཁྲོམ་སྐོར་གྱི་སྐོར་གཅིག་པོ་རླུང་འཕྲིན་ནང་གཏོང་སྡོད་མཁན་བསམ་བློ་ཆིག་རྐྱང་བ་དེ་ཚོ་ཡིན་ད། བོད་སྤྱི་ཚོགས་ཀྱི་ཟུར་ཁ་ཕྲ་ཞིང་ཕྲ་བ་མང་བོའི་ནང་རྩ་ནས་མི་འཇུག་པའམ་འཇུག་མི་ཐུབ་མཁན་དེ་ཚོ་ཡིན་ད།
སྲི་ཐར་ལ་མང་པོ་བཤད་རྒྱུ་མེད། ཁོང་ཡང་མི་བསམ་བློ་ཐོངས་མཁན་ཞིག་ཡིན་ན། སྔོན་མ་ནས་སྐྱབས་བཅོལ་ལ་ཕེབས་དགོས་རེད། ད་འདྲ་ནི་ཡོང་མི་འདུག དེ་མིན་ན་བོད་ནང་གི་མི་མང་ཚོའི་དཀའ་ངལ་གཙང་མ་ཀྲུང་དབྱང་གི་མདུན་ལ་ལོ་ནས་ལོ་སུ་འཇོག་ཐུབ་དགོས་རེད། དེ་འདྲ་ཡང་ད་ལྟ་བར་དུ་ཡོང་མི་འདུག དེའི་ཚབ་ལ་༧གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་ལ་ཁ་བཏང་། སྐད་ཆ་སྡུག་ས་ནས་བཤད་ན་རྒྱ་ནག་གཞུང་གི་རྒྱུགས་ཁྱི་རེད། མ་རེད་དམ། གལ་སྲིད་ཐེངས་འདིའི་གོ་སྐབས་དང་བསྟུན་ནས་ཨ་རིར་སྐྱབས་བཅོལ་ཞུས་བ་ཡིན་ན་ཅུང་སྐད་གྲགས་བཞག་པ་རེད། དེ་ལྟར་བྱེད་ཀྱི་རེད་དམ། ཧ་ཅང་ཁག་པོ་རེད། གཞན་འདི་ལྟར་བསྡད་ན། སྲི་ཐར་དང་བྱམས་པ་ཕུན་ཚོགས། རག་སྡི་སོགས་ལོ་རྒྱུས་ཁྲོད་ཀྱི་ཉེས་ཅན་མི་སྣ་ཆགས་ཀྱི་རེད། ངེད་ཀྱི་བསམ་ན། སྲི་ཐར་དང་འདི་ཚོའི་རིགས་ཀྱིས་བོད་ཀྱི་གནས་སྟངས་མ་ཤེས་བར་བསྡད་ཡོད་པ་མ་རེད། འོན་ཀྱང་། རང་གི་མི་རིགས་ཀྱི་གནས་སྟངས་ལ་སེམས་ཁྲལ་མ་བྱས་བ་རེད། འགན་མ་འཁུར་བ་རེད། དྲང་མོར་བཤད་ན། ཐོབ་དང་གོ་ས་། དངུལ་བཅས་ལ་མགོ་འཁོར་ནས་བསྡད་པ་རེད། མ་རེད་དམ།
“ཨ་མེ་རི་ཁར་འཚམས་འདྲི་གནང་བཞིན་ཡོད་པའི་ཀྲུང་ཧྭའི་ཕྱི་རྒྱལ་གྱི་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་གཞོན་པ་དང་། ཀྲུང་གུང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ་སྲི་ཐར་འཁོར་དང་བཅས་པས་ཚེས་༥ཉིན་གྲོང་ཁྱེར་ལོ་ཧྲན་ཅི་ཡི་སྤྱི་ཁྱབ་གཞུང་ཚབ་ཁང་དུ་ས་དེའི་ཀྲུང་གོ་བ་དང་མཉམ་དུ་བཞུགས་མོལ་གནང་ཞིང་། སྲི་ཐར་གྱིས་ཚོགས་ཞུགས་མི་སྣ་༣༠ལྷག་ལ་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་གྱི་འགན་ཁུར་བ་དང་ཏཱ་ལའི་སྒེར་གྱི་འཐུས་ཚབ་པར་གླེང་མོལ་གནང་བའི་གནས་ཚུལ་སྐོར་ངོ་སྤྲོད་དང་། ཀྲུང་གོའི་སྲིད་གཞུང་གིས་བོད་ལྗོངས་ཐད་ལ་བཟུང་བའི་སྲིད་ཇུས་དང་ལངས་ཕྱོགས། ཡང་ན་དུས་རིམ་རྗེས་མའི་བོད་ལྗོངས་ཀྱི་གཞི་རྩའི་སྲིད་ཇུས་དང་བྱེད་ཕྱོགས་བཅས་བསྐྱར་དུ་བསྒྲགས་པ་རེད།”
http://tb.tibet.cn/news/xz_news/tpxw/200812/t20081209_442049.htm
སྲི་ཐར་གྱིས་རྒྱ་ནག་བཀའ་དྲན་ཆེ་ཆོས་སུ་བརྩི་གི་ཡོད་སྲིད། ངས་ལྟོས་ན་ཁོ་ནོར་འདུག ཁོ་ལ་བཀའ་དྲིན་ཆེ་ཤོས་༧རྒྱལ་བ་རིན་པོ་ཆེ་དང་བོད་ནང་བོད་དོན་ཆེད་རྒྱ་གཞུང་ལ་སྲོག་ཚུན་ཆད་བཏང་ནས་བཙན་རྒོལ་རྒྱལ་གཅེས་བྱེད་མཁན་གྱི་བོད་མི་དཔའ་བོ་ཚོ་རེད། གལ་སྲིད་རྒྱ་ནག་ལ་ཞེད་ས་དང་ཁ་གཏད་གཅོག་ས་དེ་འདྲ་ཞིག་མེད་ན་སྲི་ཐར་དང་གངས་ཅན་བླ་མ་སོགས་མི་དགོས། ཁོ་གད་རྙིགས་ནང་གི་འབུ་དང་གཅིག་པ་རེད། འོན་ཀྱང་ཁོ་ཚོར་བོད་མིའི་མིང་ཙམ་ཡོད་སྟབས་རྒྱ་ནག་ལ་བེད་སྤྱོད་བྱུང་བ་རེད། བོད་མིས་བོད་མི་རིགས་དང་༧རྒྱལ་བ་རིན་པོ་ཆེ་ལ་སྐྱོན་བརྗོད་བྱེད་ཕོད་མཁན་རྙེད་ཁག་པོ་ཡིན་ཕྱིར། སྲི་ཐར་དང་གངས་ཅན་བླ་མ་སོགས་རེ་གཉིས་བྱུང་བ་རྒྱ་ནག་ལ་མཚོན་ན་ཆེས་རྙེད་དཀའ་བའི་བོད་མི་ཞིག་ཡིན་སྟབས་རྩེད་སྤྱད་བྱེད་ཀྱི་ཡོད་པ་རེད། ཁོ་ཚོས་རང་གི་མདུན་ལམ་གྱི་ཆེད་དུ་རང་ཉིད་བེད་སྤྱོད་ལོག་པ་གཏོང་གི་ཡོད་པ་ཤེས་བཞིན་དུ་མགོ་སྒུར་ནས་འདུག་མཁན་རེད།
སྲི་ཐར་ལ་རྒྱ་ནག་གིས་དེ་ཙམ་གཅེས་སྐྱོང་བྱེད་དོན་ཅི་རེད། གངས་ཅན་ལའང་དེ་ཙམ་རྒྱབ་སྐྱོར་བྱེད་དོན་ག་རེ་རེད། མིག་ཡོད་ཀྱང་དམ་པ་ངོ་མ་ཤེས་ཟེར་བ་དེ་མ་རེད་དམ།
གྲོགས་པོ་ཚོ། ང་ཕམ་སོང་། ངས་ཉིན་གཉིས་ཀྱི་རིང་སྲི་ཐར་གྱི་ལོ་རྒྱུས་དྲ་རྒྱའི་ཐོག་བཙལ་བ་ཡིན། དབྱིན་ཡིག་དང་བོད་ཡིག་གཉིས་ཀའི་ཐོག་བཙལ་བ་ཡིན། ངས་ཤེས་ན་འདོད་པ་ནི། ཁོ་ཕ་ཡུལ་ག་ནས་རེད། ཕ་མ་སུ་རེད། ལོ་ག་ཚོད་རེད། སློབ་སྦྱོང་གང་བྱས། སྐད་ག་རེ་ཤེས། ད་ལྟ་ནང་མི་ཡོད་དམ་མེད། འདི་འདྲའི་གནས་ཚུལ་དཀྱུས་མ་ཞིག་ཡིན། ཡིན་ན་ཡང་། ང་ཕམ་སོང་། ང་ལ་ཚིག་གཅིག་ཀྱང་རྙེད་མ་སོང་།
ཁྱོད་ནོར་སོང་། ཁྱོད་ཀྱིས་འཚོལ་དགོས་པ་དེ་ཁོ་མགྲོན་ཁང་གང་དུ་འདུག ཁང་མིག་དེའི་སྒོ་རྟགས་ཨང་གྲངས་ག་འདྲ་ཞིག་རེད། ཁང་མིག་དེའི་གཡས་གཡོན་ན་ཁང་མིག་སྟོང་བ་ཨེ་འདུག ཡོད་ན་ཁང་མིག་དེ་གཉིས་ཀྱི་བར་གྱང་གི་མཐུག་ཚད་ག་འདྲ་འདུག ཡང་ན་ཁོ་རང་སྡོད་སའི་ཁང་མིག་དེའི་ཁ་གཏད་དུ་མགྲོན་ཁང་དང་དེ་འདྲའི་ཁང་པ་སྟོང་བ་ཨེ་འདུག གལ་སྲིད་འདུག་ན་ཁང་སྟོང་དེ་དང་ཁོའི་མགྲོན་ཁང་གི་སྒེའུ་ཁུང་གི་བར་ཐག་ག་ཚོད་ཅིག་འདུག་སོགས་རེད།
གཤམ་གསལ་ན་ཁོའི་གནས་ཚུལ་ཉུང་ཙམ་འདུག གཟིགས་དང་།
http://www.tibetinfonet.net/content/update/51
རྒྱལ་ཚོང་བ་དང་མགོ་འདོགས་པ་འདི་ཚོ་ཐག་རྒུལ་འདྲ་གཟུགས་ཡིན་སྟབས་ཕ་གསོད་ཀྱི་ལག་དམར་བའི་རྒྱུག་ཁྱི་བྱེད་པ་ཡིད་རེ་སྐྱོ་ཨང་།
གྲོགས་པོ་ཚོ། ངས་སྲིད་ཐར་གྱི་ལོ་རྒྱུས་ཏོག་ཙམ་ཤེས་ཀྱི་ཡོད། འདིར་བཀོད་པ་ཚང་མ་དྲང་པོ་དང་དངོས་ཡོད་ཡིན་སྟབས། འདིའི་ནང་རང་གི་བསམ་ཚུལ་བཀོད་མེད།
དང་པོ། སྲིད་ཐར་གྱི་ཕ་ཡུལ་ནི་སྡེ་དགེྫོང་ནས་རེད། ད་ལྟ་ཀན་ྩེ་རང་ལྗོངས་ས་ཁུལ་ཟེར་བ་འདི་རེད། ཁོ་པ་ཁམས་ཁུལ་ལ་ཏང་གི་སློབ་གྲྭར་ཕྱིན་ནས། སྡེ་དགེ་ྫོང་གི་ཏང་གི་དྲུང་ཆེ་བྱས་འདུག སྐབས་དེ་དུས་༨༠ ནང་སྡྲིད་ཇུས་ལེགས་ཏུ་སོང་སྐབས། ཁོ་པས་བོད་པའི་འགོ་པ་གཞན་བཀྲིས་ཚེ་རིང་ཟེར་བ་དང་། ལི་ཐང་སྐྱབས་མགོན་སོགས་དང་མཉམ་འབྲེལ་བྱས་ནས། སྡེ་དགེ་པར་ཁང་དང་། ཟི་ཁྲོན་བོད་ཡིག་སློབ་གྲྭ་སོགས་ཀྱི་ཡར་རྒྱས་གཏོང་བའི་ལས་ཀར་རོགས་རམ་ཆེན་པོ་བྱས་འདུག རྗེས་སུ་ཡིག་ཚད་བཏང་ནས་ཟི་ཁྲོན་ཏང་གི་སློབ་གྲྭ་དང་དེ་བཞིན་ལས་བྱེད་གསོ་སྐྱོང་གི་སློབ་གྲྭ་སོགས་ལ་ཕྱིན་ནས། རིམ་བཞིན་ཟི་ཁྲོན་ཞིང་ཆེན་གྱི་འཐབ་ཕྱོགས་གཅིག་འགྱུར་ལས་ཁུངས་ལ་ལས་ཀ་བྱས། རྗེས་སུ་པེ་ཅིང་གི་རྒྱལ་ཁབ་འཐབ་ཕྱོགས་གཅིག་འགྱུར་པུའུ་ནས་པེ་ཅིང་ཏང་གི་སློབ་གྲྭ་སོགས་ལ་བཏང་ནས། ༡༩༨༠མཇུག་ལ་རྒྱ་གར་ལ་རྒྱ་གཞུང་གི་དོན་གཅོད་ནང་། བོད་མིའི་འབྲེལ་གཏུགས་འགན་ཁུར་བ་བྱས་ནས། ༡༩༨༨ནང་བོད་མིའི་སྐུ་ཚབ་ཨ་ལགས་འཇིགས་མེད་དང་རྒྱ་ལོ་དོན་འགྲུབ་སོགས་དང་འབྲེལ་བ་བྱས་འདུག
༡༩༩༠ནང་ཁོ་པ་སུད་སི་ལ་རྒྱ་གཞུང་གི་དོན་གཅོད་ནང་བོད་མིར་འབྲེལ་གཏུགས་བྱེད་མཁན་ལ་བཀོད་ནས། ཁོ་པས་སུད་སི་ལ་ཡོད་པའི་བོད་པ་སྟག་ྩེ་ཚུལ་ཁྲིམས་དང་། དེ་བཞིན་ཇར་མན་ལ་ཡོད་པའི་བོད་པ་རྟའུ་བློ་བཟང་དཔལ་ལྡན་སོགས་ལ་འབྲེལ་བ་བྱས་འདུག
ཁོ་པ་སུད་སི་ནས་རྒྱ་ནག་ལ་ལོག་རྗེས། འཐབ་ཕྱོགས་གཅིག་འགྱུར་པུའུ་ཡིས། སྡེ་ཚན་གཉིས་པའི་འགོ་པ་གཞོན་པའི་འགན་འཁུར་བྱས་ནས། ལས་འགན་གཙོ་བོ་ཕྱི་རྒྱལ་ལ་ཡོད་པའི་བོད་པ་རྣམས་ལ་ཏང་གི་སྲིད་ཇུས་ཁྱབ་སྤེལ་དང་། ཕྱི་སྡོད་བོད་མི་ནང་ལ་ཡོང་མཁན་རྣམས་ལ་སྣེ་ལེན་ཞུ་རྒྱུ། དེ་བཞིན་ཕྱི་སྡོད་བོད་ཀྱི་བླ་མ་སོགས་ལ་སྣེ་ལེན་བྱེད་མཁན་གཙོ་བོར་འགྱུར་འདུག
༢༠༠༢ནས་བཟུང་ཁོ་པ་བོད་གཞུང་དང་རྒྱལ་བའི་སྐུ་ཚབ་སྣེ་ལེན་བྱེད་མཁན་དང་སྐད་འགྱུར་བྱས་ནས། རྗེས་སུ་སྡེ་ཚན་གཉིས་པའི་འགོ་པ་ཆགས་འདུག
སྲིད་ཐར་ཟི་ཁྲོན་གྱི་རྒྱ་མོ་ཞིག་ལ་མཉེན་སྒྲིགས་བྱས་ནས། ཕྲུ་གུ་བུ་གཅིག་འདུག བུ་དེ་བོད་སྐད་ཤེས་ཀྱི་མིན་འདུག ཁོ་པ་ཕྱི་ལ་རྣམ་འགྱུར་ཇི་ལྟར་བསྟོན་མིན་ལ་མ་ལྟོས་པར། རྒྱུན་དུ་བོད་གཞུང་གི་སྐུ་ཚབ་དང་ཕྱི་རྒྱལ་གྱི་བོད་མི་རྣམས་ལ་སྣེ་ལེན་ཞུ་སྐབས། རྣམ་འགྱུར་ལེགས་པ་དང་། གུས་ཞབས་ཆེ་བ། རོགས་པ་མང་པོ་བྱེད་མཁན་ཞིག་ཡིན་འདུག
ཁོ་པའི་ཆབ་སྲིད་ཀྱི་ལྟ་བ་དེ་རྒྱ་གཞུང་གི་ནང་ནས་ཅུང་གུ་ཡངས་བ་དང་། ཆབ་སྲིད་ཀྱི་ཛ་དྲག་གནང་ཚུལ་སོགས་མེད་པའི་སྐབས་ལ། གོང་ས་མཆོག་ལ་མཚན་སྨད་ཞུ་གི་མ་རེད་ཟེར། ཡིན་ནའི་རྒྱུན་དུ་སྐད་ཆ་ཤོད་ཡས་ཉུང་ཉུང་ཡིན་ཞིང་། གཞན་གྱི་གང་བཤད་ལ་མོས་མཐུན་བྱེད་ཀྱི་མ་རེད་ལ་ངོ་རྒོལ་ཀྱང་བྱེད་ཀྱི་མ་རེད་ཟེར། ཁོ་པ་བོད་ཡིག་གི་ཆུ་ཚད་ཞན་པོ་ཡིན་པ་དང་། རྒྱ་ཡིག་དང་རྒྱ་ནག་ལོ་རྒྱུས་སོགས་ལ་རྒྱ་མི་རིགས་ལ་མཁས་ཟེར།
གོང་གི་གནས་ཚུལ་ནི་གུས་མོས་གཞན་གི་ངག་ལས་གང་གོ་བ་དེ་ཐད་ཀར་བྲིས་པ་ལས། དེའི་ནང་གུས་མོའི་བསམ་ཚུལ་དང་རྣམ་རྟོགས་སོགས་བཀོད་མེད།
http://tb.tibet.cn/news/xz_news/cxw/200812/t20081210_442319.htm
ཀྲུང་གོའི་གསར་འགྱུར་དྲ་བ་ནས།
ཟླ༡༢པའི་ཚེས༩ཉིན་ཨ་རིའི་རྒྱལ་ས་ལྦ་ཧྲིང་ཐོན་ན་འཚམས་འདྲི་བྱེད་ཀྱིན་པའི་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ་སྲི་ཐར་གྱིས་ཨ་རིར་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་དུ་བསྡུས་པའི་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་། རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པའི་དྲི་བར་ལན་འདེབས་སྐབས་བསྟན་དོན། ཀྲུང་དབྱང་གིས་ཏཱ་ལའི་བླ་མར་ད་དུང་རེ་སྒུག་ཆེན་པོ་བྱས་ཡོད་ལ། བཟོད་སྒོམ་ཡང་ཅི་ཐུབ་བྱེད་ཀྱིན་ཡོད། འོན་ཀྱང་ཏཱ་ལས་རང་བཙན་བྱས་མི་ཆོག་ལ། རྣམ་པ་འགྱུར་བའི་རང་བཙན་ཡང་བྱས་མི་ཆོག སྲི་ཐར་གྱིས་གསལ་བཤད་བྱས་དོན། འདིར་བཤད་པའི་རེ་སྒུག་གི་ཞིབ་ཕྲའི་དོན་ནི། ཏཱ་ལའི་བླ་མས་མེས་རྒྱལ་ཁ་བྲལ་གཏོང་པའི་ལངས་ཕྱོགས་དོར་ནས་རྒྱལ་གཅེས་ཀྱི་ལངས་ཕྱོགས་སུ་འགྲེང་རྒྱུ་དེ་ཡིན།
ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ་སྲི་ཐར་གྱིས་ཚེས་༩ཉིན་བསྟན་དོན། ཀྲུང་དབྱང་གིས་ཏཱ་ལའི་བླ་མར་ད་དུང་རེ་སྒུག་ཆེན་པོ་བྱས་ཡོད་ལ ། བཟོད་སྒོམ་ཡང་ཅི་ཐུབ་བྱེད་ཀྱིན་ཡོད་ཟེར།
སྲིད་ཐར་ཟེར་བ་འདི་བོད་རིགས་ཤིག་ཡིན་པ་ཐག་ཆོད་པའི་རྗེས་ནས། ཁོ་གང་དུ་སྐྱེས་པ་དང་། གང་དུ་ཅི་ཞིག་ལ་སློབ་སྦྱོང་བྱས་པ་སོགས་ཤེས་ན་འགྲིགས་ཀྱང་། མ་ཤེས་པས་བློ་ཕམ་དགོས་པ་གཏན་ནས་མེད། སྲི་ཐར་༸ཎནསྣྲཀགོང་ས་མཆོག་དང་བོད་གཞུང་གི་སྐུ་ཚབ་རྣམ་གཉིས་ཀྱི་གདོང་དུ་བསླངས་པ་ནི་ང་ཚོ་བློ་ཕམ་དགོས་པའི་གནས་ཚུལ་ཆེན་པོ་རེད་བསམ་གྱི་ཡོད། རྒྱ་གཞུང་གིས་ཅི་ཞིག་འདོད་ཀྱི་ཡོད་པ་རེད། ཁོ་ཚོས་གཞི་བྱེས་བོད་མིའི་བར་ཕུང་དཀྲིག་གི་ས་བོན་འདེབས་པ་དང་། ཏཱ་ལའི་བླ་མ་སྐུ་སྒེར་གྱི་གནད་དོན་མ་གཏོགས་རྒྱ་བོད་བར་གྲོས་མོལ་བྱ་དགོས་པའི་གནད་དོན་མེད་པ་སྟོན་རྒྱུའི་ཆེད་དུ་རེད། བོད་མི་སྲིད་ཐར་རྒྱ་གཞུང་གི་ཚབ་བྱས་ནས་བོད་མིའི་སྐུ་ཚབ་ཀྱི་གདོང་དུ་བསླངས་པ་ནི་ཡག་རྟགས་གཏན་ནས་མིན།