བཞག་ལྡོམ་ལྗང་ལོ།
ཆབ་སྲིད་ནི་ཆབ་འབངས་ཏེ་མངའ་འབངས་སྐྱོང་བར་བྱེད་པའི་འཇིག་རྟེན་སྲིད་པའི་ཁྲིམས་ཀྱི་བྱ་གཞག་གམ་རིག་ལམ་ཞིག་ཡིན་པ་དང་། དེའི་སྐོར་ལ་ཆེད་ལས་བ་དང་། ལས་དོན་སྒྲུབ་མཁན་ཚོར་ཆབ་སྲིད་པ་ཟེར་བ་ཡིན་ཞིང། ཁོང་ཚོ་མང་ཆེ་བ་ནི་དམངས་ཀྱི་ཚབ་མཚོན་དབུས་སྲིད་གཞུང་ཁང་དང་། ས་གནས་སྲིད་གཞུང་ཁང་སོགས་ན་བྱ་བ་སྒྲུབ་ཀྱི་ཡོད་པ་རེད། མང་གཙོའི་སྤྱི་ཚོགས་ལ་མཚོན་ན་གཞུང་ལས་ཁང་ནས་གལ་ཆེ་བའི་བྱ་བ་ཞིག་ཐོབ་པ་ལ། ཆབ་སྲིད་པ་ཚོར་ངེས་བར་ཚང་དགོས་བའི་ཆ་རྐྱེན་ཞིག་ནི། དམངས་ཚོགས་ཀྱི་ཆེད་དུ་ལས་དོན་སྒྲུབ་པའི་འབྱོན་ནུས་མི་མང་གི་མིག་ལམ་ལ་སྟོན་དགོས་ཤིང། དེ་ལ་བརྟེན་ནས་རྒྱ་ཆེ་དམངས་ཚོགས་ཀྱིས་སོ་སོའི་ལྟ་བ་དང་འདོད་མོས། དགའ་ཕྱོགས་སོགས་གཞིར་བཞག་ནས་ཆབ་སྲིད་པ་ཚོ་འོས་ཤོག་ལམ་ནས་འདེམས་ཀྱི་ཡོད་པ་རེད། ཡིན་ཡང་། མིའི་ལྟ་བ་དང་བསམ་པའི་ཁྱེར་ཕྱོགས་འདྲ་མིན་ལ་བརྟེན་ནས་ཀུན་སྤྱོད་སྣ་ཚོགས་ཤིག་ཡོད་པ་ནང་བཞིན། ཆབ་སྲིད་པ་ཡོད་ཚད་ནི་ཁ་ཞེ་གཉིས་མེད་དང་གཞུང་དྲང་བ་མིན་ཏེ། དེའི་ནང་ནས་སྐབས་འཚོལ་བ་དང་། གཡོ་རྒྱུ་ཅན། རྫུན་རྐྱལ་བ། ཆེད་དུ་མི་མང་མགོ་སྐོར་གཏོང་མཁན་སོགས་བྱུང་དང་འབྱུང་གི་ཡོད་པ་རེད། དེར་བརྟེན། སྤྱི་ཚོགས་སུ་རྒྱུད་ལམ་འདྲ་མིན་ན་དོན་དངོས་དང་མི་མཐུན་པའི་གནས་ཚུལ་གྲངས་ལས་འདས་བ་ཞིག་རྒྱུན་དུ་ཡོང་གི་ཡོད་པ་བཞིན་ངས་ཨ་རའི་སྤྱི་ཚོགས་གཞིར་གཞག་ནས་ཆབ་སྲིད་པ་ཚོ་རྫུན་གཏམ་ལ་ངན་ལང་ཤོར་དགོས་བའི་གནད་དོན་ཐད་ནས་བསམ་ཚུལ་འགའ་གཤམ་དུ་ཁ་བརྡ་བྱ།
༡༽ཆབ་སྲིད་པ་ཧ་ཅང་པང་པོ་ཞིག་གིས་སེམས་སུ་རང་ཉིད་གཞན་ལས་ཀྱང་ཁྱད་དུ་འཕགས་པ་་དང་། སྤྱི་ཚོགས་སུ་མེད་དུ་མི་རུང་བའི་མི་སྣ་གལ་ཆེ་བ(egotism)ཡིན་པས། རང་ཉིད་ཀྱིས་གང་འདོད་པ་དང་། ཁ་ནས་གང་བཤད་པ་རྣམས་རྫུན་ཡིན་ཡང་མང་ཚོགས་ཀྱིས་དངོས་ལེན་པར་ཡིད་ཆེས་དང་། ཁོང་ཚོ་ནི་གཞན་ལས་ཀྱང་སྤྱང་གྲང་ལྡན་པ་ཡིན་པས་སྐྱག་རྫུན་ལ་མཇུག་འབྲས་ངན་པ་གང་ཡང་ཡོང་མི་སྲིད་འདོད་པའི་སྤོབས་པའམ་ཁེངས་དྲེགས་ཀྱིས་མྱོས་བའི་རིགས་ལ། the University of San Francisco་སླ྄ོབ་ཆེན་ན་བྱ་བ་བྱེད་བཞིན་སེམས་ཁམས་རིག་པའི་སྐོར་ལ་ཁྱད་མཁས་བ་Jim Taylor Ph.D སོགས་ཀྱིས”narcissists”འབོད་ཀྱི་འདུག
༢༽ཨ་རའི་ལོ་རྒྱུས་ནས་བཤད་ན་Thomas Jefferson་དང་Alexander Hamilton ཟུང་གིས་སྣེ་ཁྲིད་དེ་དམངས་ཚོགས་སུ་ཆབ་སྲིད་ཚོགས་པ་འདྲ་མིན་ད་ལྟའི་བར་བྱུང་ཡོད་ཀྱང། དེའི་ནང་ནས་མི་མང་གི་སེམས་སུ་བག་ཆགས་ཟབ་མོ་དང་། ནུས་བ་ཆེ་བའི་ཚོགས་པ་ནི་མང་གཙོ་དང་སྤྱི་མཐུན་ཚོགས་པ་ཟུང་རེད། དེ་གཉིས་ཀྱི་ཆབ་སྲིད་ལྟ་བ་དང་། དེར་རྟེན་པའི་རྒྱལ་ཁབ་སྐྱོང་སྟངས་མི་འདྲ་བ་ཡིན་ཡང་། གོམས་གཤིས་ལྟར་ན་ཚོགས་པ་དེ་གཉིས་གཅིག་གིས་གཅིག་ལ་གུས་བརྩི་བྱས་(Compromise )ནས་ཡོོང་བ་རེད་མོད། འོན་ཀྱང། དེ་རིང་ལྟ་བུར་མཚོན་ན་དེ་གཉིས་གཅིག་འོག་གཅིག་ལ་མི་འདུ་བ་དང་། ཕན་ཚུན་དགྲ་ཁ་གཏད་དུ་ལངས་ནས་སྐྱོན་བརྗོད་ཁ་ོན་ལས་ཡོན་ཏན་ནམ་ཡང་མི་བརྗོད་པའི་རྐྱེན་བྱས་ཏེ། ཁོང་ཚོའི་རྗེས་འཇུག་བའམ་ལྟ་བ་མཐུན་ཕྱོགས་རྣམས་པས་ནམ་རྒྱུན་ལྟ་སའི་གསར་ཁང་དང་། ཚགས་ཤོག། རླུང་འཕྲིན་ཁང། དྲྭ་ཚིགས་བཅས་ནི་རང་གི་དགའ་ཕྱོགས་གཅིག་པ་ཁོ་ན་ལས་གཞན་པའི་གསར་ཁང་ལས་བདེན་རྫུན་དཔྱད་པའི་ཚབ་དུ། དེ་རྣམས་ཡོད་ཚད་ནོར་འཁྲུལ་ཁོ་ན་ཡིན་པ་འདོད་དེ། དེ་དག་རིགས་ལ་ལྟ་འདོད་དང་ཉན་འདོད་མེད་པ་དང་། ད་དུང་བསམ་ཚུལ་བརྗེ་རེ་བྱེད་སའི་མི་ཚོ་ནི། ཉིད་དག་དང་དགའ་ཕྱོགས་གཅིག་པ་ལས་གཞན་པ་མིན་པས། སྡིངས་ཆ་དེ་དག་ནི་ཆབ་སྲིད་པ་ཞིག་ལ་མཚོན་ན་སྤྱང་ལྟོགས་ཀྱི་མདུན་དུ་ཤ་རློན་དང་། སྨྱོན་པའི་ལག་ཏུ་ར་གྲི་འཇོག་སའི་གོ་སྐབས་ཡག་ཤོས་སུ་གྱུར་ཡོད་པ་རེད།
༣༽ ཁ་རྒྱུན་དུ་”བདེན་པ་བཤན་ན་མྱི་མི་དགའ། འཁར་རྒྱུག་་ཤར་ན་ཁྱི་མི་དགའ”་ཟེར་བ་བཞིན། བདེན་པ་ཡོད་ཚད་ནི་དམངས་ཚོགས་ཀྱིས་དགའ་ཕྱོགས་དང་གོ་ན་འདོད་པའི་གཏམ་མིན་པ་རྟེན། ཆབ་སྲིད་པ་ཚོས་གོ་སྐབས་དེ་བཟུང་ནས་མུ་མཐུད་དུ་རྫུན་དང་གཡོ་སྒྱུ་ལ་བརྟེན་ནས་རང་གི་རྒྱབ་སྐྱོར་བ་ཚོའི་དགའ་མོས་བྱེད་ས་དང་། གོ་ན་འདོད་པ་རྣམས་བཤད་ནས་ཁོ་བོ་ནི་ཁྱེད་ཅག་གི་ཆེད་དུ་ལངས་ཡོད་པ་དང་། གཞན་པས་ཁྱེད་ཅག་གི་འཚོ་བ་དང་དད་མོས། མ་འོང་བ་བཅས་མེད་པ་མཟོ་རབས་བཤད་དེ། སྤྱི་ཚོགས་སུ་ཁྱེད་དང་ང་ཞེས་ཕན་ཚུན་བར་དགྲ་ཁ་གཏད་དང་། མི་འཆམ་པ་བྱས་ཏེ་ཁོང་ཚོར་ཆབ་སྲིད་ཀྱི་སྟོབས་རྒྱས་བ་བྱེད་ཀྱི་ཡོད་པ་དེའི་སྐོར་ལ། ཨ་རིའི་ མངའ་སྡེ་ Chicago ནས་སློབ་ཆེན་ the University of Illinois ཡིས་མིའི་སེམས་ཁམས་སམ་ཆབ་སྲིད་པ་དང་། དེའི་རྒྱབ་སྐྱོར་བའི་བར་ཞིབ་འཇུག་བྱས་བའི་མཐའ་སྡོམ་སྤྱི་ཚོགས་སེམས་ཁམས་རིག་པ་དང་མི་ཀུན་སྤྱོད་ཚན་རིག་དྲྭ་ཚིགས་སུ་བཀོད་པ་ལྟར་ན།་ “ཆབ་སྲིད་པས་བཤད་པ་དག་ཁོང་ཚོའི་དགའ་ཕྱོགས་དང་ལྟ་བ་ལ་མཐུན་ན། གཏམ་དེ་རྣམས་རྫུན་ཡིན་པ་ཤེས་ཤིང་ལག་ལེན་དབེན་ཡང་དགའ་བོ་དང་། གཞི་རྩིའི་ཀུན་སྤྱོད་ལ་མི་འགལ་བའམ (morality)སྐྱོན་དུ་ལྟ་ཡི་མི་འདུག” བཅས་བྲིས་འདུག
༤༽མཐའ་མ་མང་གཙོའི་སྤྱི་ཚོགས་ཤིག་ལ་མཚོན་ན་དམངས་ཚོགས་ཀྱིས་རྒྱལ་ཁྲིམས་སྲུང་སྐྱོབ་ག་ཚོད་བྱས་ཐུབ་པ་དེའི་ཚོད་ཀྱི་ཁྲིམས་ཀྱིས་དམངས་ཚོགས་རང་གི་ཁེ་འཕན་ནམ་ཐོབ་ཐང་སྲོང་སྐྱོབ་བྱེད་པ་རེད། གལ་སྲིད་མི་དམངས་ཀྱིས་དེ་བྱེད་མ་ཐུབ་ཅིང་སྐབས་འཚོལ་བས་རྫུན་གཏམ་ལ་མགོ་འཁོར་ནས་ལ་ཁའི་དར་ལྕོག་ཅི་བཞིན་བསྡད་ན། ཆུང་ས་ནས་རང་གི་གཞི་རྩའི་ཁྲིམས་འོག་གི་ཐོབ་ཐང་དང་། ཆེ་ས་ནས་འཇིག་རྟེན་འདིའི་མང་གཙོ་ཤོར་ཀྱི་རེད། དེར་རྟེན། ཤེས་ཡོད་པ་མང་པོ་ཞིག་གིས། གནས་ཚུལ་མྱུར་བའི་བརྡ་ཕྲིན་དུས་རབས་འདིར་ཆབ་སྲིད་པ་ཚོས། སྤྱི་ཚོགས་དྲྭ་བ་འདྲ་མིན་ཀྱི་སྡིངས་ཆའི་སྟེང། དམངས་ཁྲོད་དུ་རྫུན་གཏམ་སྣ་ཚོགས་བསྒྲོགས་ནས་མི་མང་བོ་ཁོ་ཚོར་ཡིད་ཆེས་ཐབས་བྱེད་ཀྱི་ཡོད་པའི་སྐོར་ལ་སེམས་ཁྲལ་བྱེད་ཀྱི་ཡོད་པ་རེད། སེམས་ཁྲལ་བྱེད་ཀྱི་ཡོད་པ་དེ་ལ་བརྟེན་ནས་New York University, Microsoft Research་དང་། Stanford University་དང་NBER རྣམས་ཀྱིས་༢༠༡༥ ནས་༢༠༡༨/༧ པའི་བར་ཞིབ་འཇུག་བྱས་བ་༢༠༡༨/༡༠ ནང་ཕྱིར་བསྒྲགས་བྱས་བ་ལྟར་ན”གནས་ཚུལ་ལམ་གསར་འགྱུར་དྲྭ་རྫུན་༥༧༠ དང་གནས་ཚུལ་རྫུན་མ་༡༠༢༤༠ ངོན་དེབ་དང་Twitter་སྟེང་རྙེད་ཡོད་པ་དང་། དེ་དག་གིས་སྤྱི་ཚོགས་དང་མང་གཙོའི་སྒྲིག་ཁྲིམས་སུ་གནོད་སྐྱོན་ཚབས་ཆེན་བྱེད་ཀྱིན་འདུག་ཟེར།” དེར་རྟེན། ངོ་དེབ་དྲྭ་བའི་འགན་འཛིན་ Zuckerberg ཡིས་དྲྭ་སྟེང་གི་རྫུན་གཏམ་ལ་བརྟེན་ནས་དྲང་བདེན་དང་མང་གཙོ་ཉམས་ཀྱི་ཡོད་པར་”མང་ཚོགས་ལ་བློ་འཚབ་ཧ་ཅང་ཡོད་པ་བཞིན་ང་ལ་ཡོད་” ཟེར་བ་༢༠༡༩/༡༠/༡༧/ཉིན་ཨ་རིའི Georgetown University་གཏམ་་བཤད་སྐབས་Washington Post གསར་ཁང་ལ་བཤད་འདུག གཞན་Twitter དྲྭ་བའི་འགན་འཛིན་Jack Dorsey, ཡིས་”ཆབ་སྲིད་པས་མི་མང་ལ་ཡིད་ཆེས་བསྐྲུན་དགོས་བ་ལས་དྲྭ་བ་ལས་རྫུན་བསྒྲགས་ཀྱིས་ཉོ་ཐུབ་ཀྱི་མེད་པ་ལ་ང་ཚོ་ཡིད་ཆེས་ཡོད་ཅེས་རྒྱལ་སྤྱིའོ་སྟེང་Twitter་དྲྭ་བར་ཆབ་སྲིད་པའི་རྫུན་བསྒྲགས་བཀག་པ་ཡིན་”་ཟེར། ཡིན་ཡང་། ཟླ་འདིའི་ནང་ཨ་རིའི་འོས་བསྡུ་ཡིན་པར་བརྟེན། འོས་བསྡུ་བྱེད་ཞིན་པའི་བདུན་ཕྲག་གཉིས་ཙམ་གྱི་ནང་ལ་སྲིད་འཛིན་Trump གཙོ་བྱས་ཏེ་འོས་བསྡུ་དང་འབྲེལ་བ་ཡོད་པའི་གནས་ཚུལ་རྫུན་མ་༣༠༠,༠༠༠ ཙམ་Twitter སྟེང་ལ་སྤེལ་ཡོང་བ་Twitter དྲྭ་བ་ཁང་གིས་བཤད་ཀྱི་འདུག
དེའི་ཕྱིར་དམངས་ཚོགས་ཀྱིས་རང་ལྟ་མཆོག་འཛིན་ཀྱི་ལྟ་བ་དོར་ཏེ་རང་ཉིད་ཆབ་སྲིད་པ་ཚོ་(boss)སྟངས་འཛིན་བྱེད་མཁན་ཡིན་པ་ཤེས་ནས་ཆབ་སྲིད་པའི་གཏམ་དང་། རང་ཉིད་དགའ་སའི་གསར་ཁང་དང་། མི་དགའ་སའི་གསར་ཁང་ཟུང་ལ་དཔྱད་བསྡུར་བྱས་ནས་བདེན་པ་འཚོལ་ཏེ། རྫུན་གཏམ་ལ་མ་རྒོལ་ན་སྐབས་འཚོལ་བས་གོ་སའི་ཆེད་དང་། ཆབ་སྲིད་ཀྱིས་སྟོབས་ཤུགས་རྒྱས་ཆེད་མུ་མཐུད་ནས་རྫུན་བཤད་དེ་དམངས་ཚོགས་བླུན་པོ་ཆུ་སྣ་གར་ཁྲིད་བྱེད་རྒྱུ་རེད།
དཔྱད་གཞི་དྲྭ་བ་རྣམས་གཤམ་འོག་ན་བཀོད་ཡོད།
https://web.stanford.edu/~gentzkow/research/fake-news-trends.pdf
Take the Narcissistic Personality Inventory – USATODAY.com
Donald Trump Archives – FactCheck.org
We tolerate political lies for shared views, study suggests — ScienceDaily
https://twitter.com/jack/status/1189634360472829952?s=20
https://www.cnn.com/2020/11/12/tech/twitter-election-labels-misinformation/index.html