ཁྲོ་གཏུམ།
ཕ་ཡུལ་གྱི་རླུང་བའི་ཁྲོད་དུ་ནར་སོན
ནམ་ཟླའི་འགྱུར་འགྲོས་ཁྲོད་ཀྱི་རླུང་བུ་ངའི་བུ་ག་དག་ལ་འཛུལ
རྣམ་རིག་གི་འགུལ་བསྐྱོད་དང་བསྡོས་པའི་རླུང་གྲང་མོ
རླུང་དྲོད་འཇམ
རླུང་བསིལ་པོ
རླུང་ཆེན་ལྡིང་བ
ངའི་ལུས་པོའི་འཚར་ལོང་གི་གསེང་ལ་འཐིམས་པའི་འཚོ་བཅུད་ཅིག
མཚོ་རླུང་ལ་ཉྭ་དྲིའི་ཁ་རུལ་བྲོ
རླུང་རིགས་གང་ཞིག་ཡིན་ཀྱང
སྐྱོ་གདུང་མི་སོད་ལ་དགའ་དུང་དེ་བས་ཀྱང་དཀོན
རླབས་ཀྱིས་དེད་པའི་བྱེ་མ
མཚོ་འགྲམ་ལ་ནམ་རྒྱུན་གནས་པའི་ཆུ་སྐྱུར
བྱེ་ཁུག་གི་རྐང་རྗེས་རེ་རེ
ཡོད་ཚད་སྐྱ་མདོག་ཏུ་གྱུར
སྣ་ཁུང་ལ་ཐོན་པའི་རླུང་དེའི་བྲོ་བར་མྱང་ཞོར་ཕྱིར་ལོག་དགོས
༢༠༢༠ ཟླ་ ༡༡ ཚེས་ ༢༧ ཉིན།