ཆུ་དབར་བུ།
སྨྲ་བ་ཉུང་ཞིང་རང་ཚུགས་བརྟན་དང་གཅིག།།
སྒོ་གསུམ་ཀུན་སྤྱོད་ལོ་རྒྱུས་གཙང་དང་གཉིས། །
སྐད་ཡིག་ཆོས་རིག་རྨང་གཞི་བརྟན་དང་གསུམ། །
ཉེར་གཅིག་སྲིད་སྐྱོང་འབྲོང་ཆུང་ཁྱེད་ལས་སུ། །
ཧིན་བོད་ཨིན་ཇིའི་སྐད་གསུམ་ལྡན་དང་གཅིག །
མི་གཤིས་བཟང་ཞིང་དཔོན་ཉམས་མེད་དང་གཉིས། །
དཀའ་སྤྱད་བཟོད་སྲན་མིག་དཔེར་འོས་དང་གསུམ། །
ཉེར་གཅིག་སྲིད་སྐྱོང་འབྲོང་ཆུང་ཁྱེད་ལས་སུ། །
བག་ཡོད་ཚུལ་ལྡན་ཐུགས་གཤིས་དྲང་དང་གཅིག །
ཡ་རབས་དྲང་བདེན་སྲོག་ལྟར་གཅེས་དང་གཉིས། །
བབ་བརླིང་བརྟན་གསུམ་ཁྱད་ཆོས་ལྡན་དང་གསུམ། །
ཉེར་གཅིག་སྲིད་སྐྱོང་འབྲོང་ཆུང་ཁྱེད་ལས་སུ། །
གནའ་དེང་ཤེས་ཡོན་རིག་གནས་ལྡན་དང་གཅིག །
ཆབ་འབངས་བདེ་བར་སྐྱོང་བའི་འཇོན་ཐང་གཉིས། །
མི་ལོ་བཞི་བཅུའི་ཉམས་མྱོང་ལྡན་དང་གསུམ། །
ཉེར་གཅིག་སྲིད་སྐྱོང་འབྲོང་ཆུང་ཁྱེད་ལས་སུ། །
དྲང་ཚུགས་ལྡན་ཞིང་སྙིང་སྟོབས་ཆེ་དང་གཅིག །
ཁོག་རྒྱ་ཡངས་ལ་མི་གཤིས་བཟང་དང་གཉིས། །
རྒན་གཞོན་བར་གསུམ་ཡིད་ཆེས་འཕེར་དང་གསུམ། །
ཉེར་གཅིག་སྲིད་སྐྱོང་འབྲོང་ཆུང་ཁྱེད་ལས་སུ། །
ཕྱི་ནང་གསང་བའི་འབྲེལ་ལམ་མཁས་དང་གཅིག །
ཉམ་ཐག་འབངས་ལ་གཟིགས་སྐྱོང་ཆེ་དང་གཉིས། །
མི་ལོ་བཞི་བཅུ་བཟང་མཐར་བསྐྱལ་དང་གསུམ། །
ཉེར་གཅིག་སྲིད་སྐྱོང་འབྲོང་ཆུང་ཁྱེད་ལས་སུ། །
སྤྱི་པའི་ལས་དོན་ཞིབ་ཚགས་ལྡན་དང་གཅིག །
ཉམས་ཞིབ་ཆེད་ལས་ཁྱད་ཆོས་ལྡན་དང་གཉིས། །
གང་ལ་མངགས་པའི་ལས་ལ་འོས་དང་གསུམ། །
ཉེར་གཅིག་སྲིད་སྐྱོང་འབྲོང་ཆུང་ཁྱེད་ལས་སུ། །
སྤྱི་པའི་དོན་དུ་ལྷག་བསམ་ཆེ་དང་གཅིག །
གཞན་གྱི་དོན་དུ་སྙིང་སྟོབས་ཆེ་དང་གཉིས། །
ཀུན་ལ་སྤྱི་སྙོམས་གཟིགས་རྟོགས་ཆེ་དང་གསུམ། །
ཉེར་གཅིག་སྲིད་སྐྱོང་འབྲོང་ཆུང་ཁྱེད་ལས་སུ། །
དགྲ་བོའི་མདུན་དུ་འཇིགས་ཞུམ་མེད་དང་གཅིག །
ཞི་དྲག་འཐབ་ཇུས་འཛིན་ལ་མཁས་དང་གཉིས། །
ཉམ་ཆུང་ཆབ་འབངས་བྱམས་བརྩེས་སྐྱོང་དང་གསུམ། །
ཉེར་གཅིག་སྲིད་སྐྱོང་འབྲོང་ཆུང་ཁྱེད་ལས་སུ། །
སྐུ་ཕྱྭའི་སྲུང་སྐྱོབ་མཛད་རྗེས་ཆེ་དང་གཅིག །
གཞུང་ཞབས་གསོ་སྐྱོང་ཚགས་སུ་ཚུད་དང་གཉིས། །
མཐོ་དམན་བར་གསུམ་མཐུན་སྒྲིལ་བཟང་དང་གསུམ། །
ཉེར་གཅིག་སྲིད་སྐྱོང་འབྲོང་ཆུང་ཁྱེད་ལས་སུ། །
མགོ་བདེ་དྲན་འཕྲུལ་བྱས་རབས་མེད་དང་གཅིག །
ཆོས་ལུགས་ཆོལ་ཁའི་འཐེན་འཁྱེར་མེད་དང་གཉིས། །
ཕྱི་ནང་གཉིས་ནས་རྙོག་གླེང་མེད་དང་གསུམ། །
ཉེར་གཅིག་སྲིད་སྐྱོང་འབྲོང་ཆུང་ཁྱེད་ལས་སུ། །
༸རྒྱལ་བའི་དགོངས་པ་རྨ་མེད་རྟོགས་དང་གཅིག །
༸རྒྱལ་བའི་སྐུ་ཕྱྭ་སྐྱོན་མེད་བསྲུངས་དང་གཉིས། །
༸རྒྱལ་བའི་བཀའ་དགོངས་འགལ་མེད་བསྒྲུབས་དང་གསུམ། །
ཉེར་གཅིག་སྲིད་སྐྱོང་འབྲོང་ཆུང་ཁྱེད་ལས་སུ། །
གཞིས་བཞུགས་བོད་མིིའི་གནས་སྟངས་མཁྱེན་དང་གཅིག །
གཞིས་བྱེས་གཉིས་བར་གསེར་ཟམ་ལྡན་དང་གཉིས། །
གཞིས་བྱེས་གཉིས་ཀས་ཡིད་ཆེས་ཡོད་དང་གསུམ། །
ཉེར་གཅིག་སྲིད་སྐྱོང་འབྲོང་ཆུང་ཁྱེད་ལས་སུ། །
བོད་རྒྱ་འབྲེལ་མོལ་ཐབས་ལམ་བཟང་དང་གཅིག །
ཕྱི་འབྲེལ་སྲིད་བྱུས་རྒྱབ་ལྗོངས་གསལ་དང་གཉིས། །
གཞིས་བྱེས་འབྲེལ་མཐུད་དུས་བསྟུན་བྱ་ཐབས་གསུམ། །
ཉེར་གཅིག་སྲིད་སྐྱོང་འབྲོང་ཆུང་ཁྱེད་ལས་སུ། །
ཆབ་སྲིད་ལྟ་བ་ལངས་ཕྱོགས་བརྟན་དང་གཅིག །
ཕྱི་གསལ་ནང་གསལ་སྲིད་ཇུས་འཛིན་དང་གཉིས། །
ད་ལྟའི་དུས་ཀྱི་དགོས་མཁོར་འཚམ་དང་གསུམ། །
ཉེར་གཅིག་སྲིད་སྐྱོང་འབྲོང་ཆུང་ཁྱེད་ལས་སུ། །
ཛ་དྲག་གནང་སྒོ་དུས་ལྟར་བསྒྲུབས་དང་གཅིག །
ལས་དོན་གང་ཅིར་ཞིབ་ཆ་ཆེ་དང་གཉིས། །
ལག་བསྟར་སྐབས་སུ་ཐབས་བྱུས་མཁས་དང་གསུམ། །
ཉེར་གཅིག་སྲིད་སྐྱོང་འབྲོང་ཆུང་ཁྱེད་ལས་སུ། །
༸གོང་ས་མཆོག་གི་དགུང་ནའི་བབ་དང་གཅིག །
ད་ལྟའི་བོད་ཀྱི་གནས་སྟངས་སྡུག་དང་གཉིས། །
བཙན་བྱོལ་བོད་མིའི་ཁ་ཐོར་བསྒྲིལ་དང་གསུམ། །
ཉེར་གཅིག་སྲིད་སྐྱོང་འབྲོང་ཆུང་ཁྱེད་ལས་སུ། །
ཆོལ་གསུམ་སྐྱིད་སྡུག་མཉམ་མྱོང་གནང་དང་གཅིག །
སྲི་ཞུའི་ལས་བྱེད་ལམ་སྟོན་ལེགས་དང་གཉིས། །
ཤེས་ཡོན་སྲིད་བྱུས་ཐབས་ལམ་བཟང་དང་གསུམ། །
ཉེར་གཅིག་སྲིད་སྐྱོང་འབྲོང་ཆུང་ཁྱེད་ལས་སུ། །
བཅའ་ཁྲིམས་རིན་ཆེན་གཙུག་ཏུ་བཀུར་དང་གཅིག །
བོད་མིའི་སྒྲིག་འཛུགས་ཁྲིམས་བཞིན་སྐྱོང་དང་གཉིས། །
གཞུང་གི་ཆབ་སྲིད་ལངས་ཕྱོགས་བརྟན་དང་གསུམ། །
ཉེར་གཅིག་སྲིད་སྐྱོང་འབྲོང་ཆུང་ཁྱེད་ལས་སུ། །
འཕྲོད་བསྟེན་ལྟ་སྐྱོང་གལ་གནད་ཆེ་དང་གཅིག །
གཞོན་སྐྱེས་གསོ་སྐྱོང་ལས་འཆར་བཟང་དང་གཉིས། །
གཞིས་ཆགས་སྲ་བརྟན་མཛད་རླབས་ཆེ་དང་གསུམ། །
ཉེར་གཅིག་སྲིད་སྐྱོང་འབྲོང་ཆུང་ཁྱེད་ལས་སུ། །
ཆོལ་གསུམ་གཅིག་སྒྲིལ་ཐུབ་པའི་རྩལ་དང་གཅིག །
བོད་རྒྱ་ཞི་མོལ་རྒྱུས་མངའ་ཟབ་དང་གཉིས། །
ཁྱད་འཕགས་འགོ་ཁྲིད་ནུས་པ་ལྡན་དང་གསུམ། །
ཉེར་གཅིག་སྲིད་སྐྱོང་འབྲོང་ཆུང་ཁྱེད་ལས་སུ། །
རྒྱ་གར་དཔོན་རིགས་འབྲེལ་ལམ་ཟབ་དང་གཅིག །
འཕགས་ཡུལ་མི་སྣས་གུས་བརྩི་ཆེ་དང་གཉིས། །
ཕྱི་རྒྱལ་གཞུང་ཚབ་འབྲེལ་ལམ་ཟབ་དང་གསུམ། །
ཉེར་གཅིག་སྲིད་སྐྱོང་འབྲོང་ཆུང་ཁྱེད་ལས་སུ། །
སྤྱི་ཚོགས་བདེ་འཇགས་མཉམ་འཁྲིད་ནུས་དང་གཅིག །
༸རྒྱལ་བའི་མཚན་སྙན་སྲུང་སྐྱོབ་ཐུབ་དང་གཉིས། །
བོད་མིའི་ནུས་པ་མཉམ་སྤུངས་མཛད་དང་གསུམ། །
ཉེར་གཅིག་སྲིད་སྐྱོང་འབྲོང་ཆུང་ཁྱེད་ལས་སུ། །
གཞིས་ལུས་བོད་མིའི་མངོན་འདོད་མཁྱེན་དང་གཅིག །
འཐབ་རྩོད་རྒྱུན་འཁྱོངས་ཆོད་སེམས་བརྟན་དང་གཉིས། །
དབུ་མའི་ལམ་ལ་ངེས་ཤེས་རྙེད་དང་གསུམ། །
ཉེར་གཅིག་སྲིད་སྐྱོང་འབྲོང་ཆུང་ཁྱེད་ལས་སུ། །
འདི་ལྟར་༸མི་རྗེ་འབྲོང་ཆུང་མཆོག་ཉིད་ཀྱི། །
ཐུན་མོང་མིན་པའི་ཁྱད་འཕགས་ཡོན་ཏན་དང་། །
འཇོན་ཐང་ནུས་པ་བརྒྱ་ཡི་རང་བཞིན་རྣམས། །
སྒྲོ་བཀུར་སྤངས་ཏེ་སྲོང་པོར་སྨྲ་བར་སྤོབས། །
རྣམ་དཔྱོད་ཅན་གྱི་དགེ་ལས་རྩོམ་པ་པོ། །
དོན་གྱི་བདག་པོ་གཞིས་ལུས་མི་དམངས་དང་། །
རྒྱལ་གཅེས་དཔའ་བོ་དཔའ་མོས་དགའ་སྤོབས་ཀྱིས། །
ལྷག་བསམ་དཀར་པོས་ཁྱེད་ལ་རྒྱབ་སྐྱོར་ཞུ། །
གཞུང་ཞབས་ལས་ཟུར་གནད་ཡོད་མི་སྣ་དང་། །
སེར་སྐྱ་ཕོ་མོ་རྒན་དར་གཞོན་གསུམ་དང་། །
རྣམ་རིག་བཀྲ་བའི་ཉམ་ཆུང་མི་དམངས་ཀྱིས། །
ལྷག་བསམ་དཀར་པོས་ཁྱེད་ལ་རྒྱབ་སྐྱོར་ཞུ། །
འོས་མིའི་ཁྲོད་ནས་འོས་ཆོས་ཚད་དང་ལྡན། །
འོས་འགྲན་ཁྲོད་ནས་ཁྱེད་ཉིད་འོས་སུ་ཆེ། །
འོས་འགན་འཁུར་ནས་འོས་ཤོག་ཁྱེད་ལ་འབུལ། །
འོས་འཕེན་ཁྲོད་ནས་འོས་མི་ཁྱེད་ཉིད་རྒྱལ། །
རྩོམ་པ་པོ་ཆུ་དབར་བུས་ཕྱི་ལོ་ ༢༠༢༠ ཟླ་བ་ ༡༡ ཚེས་ ༢༧ ལ།།
འབྲོང་ཆུང་ལས་ལྷག
འབྲོང་ཆུང་ལས་ལྷག་ལུག་རྫི་ཡིན་ཞེས་ངར། །
འབྲོང་ཆུང་ལས་ལྷག་བཀྲ་སྟོབས་གཞོན་ཅེས་འོངས། །
འབྲོང་ཆུང་ལས་ལྷག་ཡེ་ཕུན་མཁས་ཞེས་ཐོན། །
འབྲོང་ཆུང་ལས་ལྷག་བློ་སྙན་དྲགས་ཞེས་གྲགས། །
འབྲོང་ཆུང་ལས་ལྷག་སྐལ་རྡོར་འཇོན་ཞེས་ཟེར། །
འབྲོང་ཆུང་ལས་ལྷག་རྒྱ་རི་དྲགས་ཞེས་བསྒྲགས། །
འབྲོང་ཆུང་ལས་ལྷག་སྤེན་ཚེ་འདུག་ཅེས་ཁྱབ། །
འབྲོང་ཆུང་ལས་ལྷག་སུ་ཡང་མི་འདུག་ཟེར། །
བསྟོད་མི་ཤེས་མཁན་གྱིས་བསྟོད་པ་ལས། །སྨད་མི་ཤེས་མཁན་གྱིས་སྨད་ན་དགའ། །བདེ་སྲུང་མ་འཇོན་པ་དེ་འབྲོང་ཆུང་ཡིན། །འཆར་གཞི་དམིགས་ཡུལ་མེད་པ་འབྲོང་ཆུང་ཡིན། །ངག་ནས་གསུང་སྐད་མི་ཐོན་འབྲོང་ཆུང་ཡིན། །ཞེས་ཀྱང་སྨྲས་སོ།།
སྲིད་སྐྱོང་འོས་མི་གཞོན་ཤོས་བཀྲ་ཤིས་དབང་འདུས་ལགས། འོས་མི་ལས་ཕྱིར་འཐེན་དགོངས་ཞུ་བྱས་པ།
https://www.facebook.com/tw4sikyong/photos/a.759762680807561/3202221106561694