གཅན་བཟོད་རྒྱམ།
༡
རོལ་དབྱངས་ཤིག་དལ་གྱིས་བཞུར་འོང་དུས
ངས་བློ་རྡེག་ཏུ་ལ་དྭགས་དྲན་ཞིང
ཁང་པའི་སྒེའུ་ཁུང་ལས་ནམ་མཁར་ལྟ་བཞིན
དུ་བ་རྔམ་འཐེན་བྱས་བའི་ཁོ་མོ་ཤུགས་ཀྱིས་དྲན་བྱུང
༢
“ངས་ད་བར་དུ་ནམ་མཁའ་ནས་སྐར་ཚོགས་འདི་འདྲ་མང་པོ་མཐོང་མྱོང་མེད”
ཁང་བརྩེགས་ཀྱི་སྒེའུ་ཁུང་ལས་རྐང་པ་ཟུང་ཕྱི་རུ་བརྐྱངས་ཏེ
དུ་བ་ཤུགས་ཀྱིས་འཐེན་ཀྱང་སེམས་ཀྱི་དམར་དམར་པོ་དེ་ད་དུང་བརྗོད་མ་ནུས་པ་ངས་ལོས་ཤེས
“སྐར་གྲངས་དུང་ཕྱུར་བརྒྱད་དང་དྲུག་འབུམ་ཡོད་པ་རེད་ཅེས་སངས་རྒྱས་ཀྱིས་གསུངས་ཡོད་ནི་རེད” ཅེས་པ་ནི་ཅི་འདྲའི་དགོས་བྲོ་བའི་རྩེད་འཚར་ཞིག་མིན་ན་ཡང
བརྩེ་བ་ཞིག་གི་མགོ་འཛུགས་ས་ཡིན་པ་ནི་སྐབས་དེའི་ང་དང་ཁྱེད་ལ་ཧ་ཅང་གསལ་པོ་ཡིན
རང་རང་གི་གང་ཤེས་ཀྱིས་སྐར་ཚོགས་ལ་འགྲེལ་བཤད་རེ་བརྒྱབས་མཐར
སེམས་པ་ཟུང་ཡང་སྐར་ཚོགས་བཞིན་ནམ
ཡང་ན་ཟླ་གཟུགས་ཇི་བཞིན་དུ་དྭངས་ཤིང་བསིལ་བའི་ཚོར་བས་ཁྱེར་སོང་ངོ
༣
ངེད་གཉིས་ཀྱིས་གཅིག་གཅིག་པང་བའི་ལོ་ཟླ་ནི་དགའ་སྐྱིད་ཀྱིས སྐར་ཆ་གཅིག་རང་གཅིག་ལ་འདས་ཟིན
༤
དུས་ཚོད་ནི་ཡོད་ཚད་ཐག་གཅོད་བྱེད་པའི་རྒྱལ་པོའམ་གཤེད་མ་དེ་ཁོ་ནའོ
༥
བློ་རྡེག་ཏུ་གྱེས་པ་ནི་རྣོ་དཔལ་གྱི་སྟ་རེ་ཞིག་གིས་རྩ་རྐང་གཅིག་དུམ་བུར་གཏུབས་པ་དང་འདྲ་བྱུང་ཨང
༦
ཁོ་མོའི་མིག་ཆུ་ནི་ཐེངས་མང་མཐོང་མྱོང་ཡང
ཐེངས་འདིའི་ནག་ཉེས་དེ་ཟད་ཐབས་བྲལ་བ་ཞིག་ལོས་ཡིན་ཏེ
ཁོ་མོའི་སྙིང་གི་ཕྱེད་ཀ་ས་ལ་གཡུགས་སོང་བ་ངས་སེམས་ཀྱིས་ཤེས་ཡོད
ཀྱེ་ཧུད——–
དགོངས་དག་ཞུ་ཡ དགོངས་དག་ཞུ
ངས་བསམ་བཞིན་དུ་ཁྱོད་ཀྱི་སེམས་པ་དུམ་བུར་བྱས་ཤིང་
ཁྱོད་ང་ལས་རྒྱང་རིང་དུ་སྤྱུགས་སོང་བས
དགོངས་དག་ཞུ
འོན་ཏེ དེ་རིང་ད་དུང་ཡང
ཁྱོད་ཀྱི་རྩོམ་ཡིག་གི་བརྗོད་བྱ་རེ་རེའི་ཟ་དང་ཟུར་ན་ང་མངོན་གྱིས་འགྱངས་ཡོད་པ་མཐོང་བྱུང་བས
ཁྱོད་ཀྱི་རི་མོའི་མཚོན་དོན་དང་ཚོན་དམངས་ལས་ཀྱང་ང་ཁད་ཀྱིས་མངོན་འདུག་པ་རིག་བྱུང་བས
ངས་རྒྱང་རིང་ནས་ཁྱོད་ཤིན་ཏུ་དྲན་ཞིང་དམ་དུ་པང་ན་འདོད་ཡ
༧
སྔོན་ཆད་ཅིག་ལ
ངས་ཁྱོད་ཀྱི་རི་མོ་དག་ནི
“སྒྱུ་རྩལ་མིན་པར་ལག་རྩལ་ཁོ་ན་རེད་”ཅེས་དམོད་མྱོང་ཡང
དེ་རིང་ངས་གཞི་ནས་ཁྱོད་ཀྱི་ཐུན་མིན་སྒྱུ་རྩལ་དེ་མཐོང་བྱུང་བས
སེམས་ནས་དགའ་ཞིང་ཡིད་ཀྱིས་བཀུར་བཞིན་ཡོད་ལགས་ཀ་ཡེ་མ
སྤྱི་ལོ་༢༠༡༠ལོའི་སྤྱི་༦ པའི་ཚེས་༢༧ ཉིན།
རི་མོ་དེས་རྙིང་རྗེ་སྤུ་ཙམ་མེད་པར་ང་རང་དྲན་པ་འཐོར་བར་བྱས།
ཡུད་ཙམ་ཞིག་ནས་སླར་དྲན་པ་གསལ་ལ་མ་གསལ་བ་ཞིག་སད།
ཚོར་བ་གཟི་འཐོམ་འཐོམ་ངང་རྩོམ་ཡིག་དེ་ཀློག་པས།
སྙན་ངག་དེས་ངའི་སྙིང་གི་སྟེང་དུ་གྲི་བཙུགས་པ་ལྟར།
གཟི་ཐོམ་མེར་ལྔ་བའི་ལམ་དུ་བསྐྱལ།
འཕྲིན་ཡིག་འདི།
ངས་གཤིན་རྗེའི་ཆོས་རྒྱལ་དྲུང་ནས་བྲིས་ཏེ་བསྐུར།
རི་མོའི་སྒྱུ་རྩལ་དང་། སྙན་ངག་གི་སྒྱུ་རྩལ་འདིས།
འཇིག་རྟེན་ཡོངས་སུ་གཟི་ཁ་སྦྱིན་ཁོ་ཐག
ཡིད་དུ་འོང་བའི་བཞིན་བཟང་མའི་དཔར་རིས་དེས།
ངའི་ཡིད་ཀྱི་བརྟན་པ་གོར་མོ་དེ་ཡང་བསིལ་རླུང་འཇམ་པོས་དལ་གྱིས་བརྒུལ
བལྟ་ན་སྡུག་པའི་འདམ་སྐྱེས་ཡལ་ག་གསུམ་ལྡན་མ་དེས།
ངའི་མིག་གི་འབྲས་བུའི་དབང་བོ་ཆ་ཡང་ཕྱིར་མ་ཐོན་ཙམ་དུ་ཅི་ཙམ་བལྟས་ཀྱང་ཆོག་ཤེས་པ་མི་འདུག
ཀན། ངས་ཁྱོད་ལ་དྭགས་ལ་སོང་ནས་བླ་འཆམ་ཡོད་ཁོ་ཐག་ཡིན་བཟེ་ཡ། ད་གང་འདྲ་འདུག མཇེ་ངན་འཐོང་གཤོལ་འདྲ་བོ་དེས་ད་རྨ་ཁ་མི་བཟོ་ས་ཞིག་མེད་ཡ། ཧ ཧ ཧ ཧ
རྩོམ་ཡིག་འདི་ལ་འགྲེལ་ཅིག་རྒྱག་དགོས་ན་་་་་ ངས་་་་་་ འདི་ལྟར་བཤད་ས་རེད།
འཇམ་སོབ་སོབ། ཁུ་སིམ་སིམ། ད་དུང་་་་ ལྗང་ནེམ་ནེམ་་་་་་
གཞུང་ལུགས་ཤིག་ལ་གཤིབ་ནས་བཤད་ན་གང་འདྲ་ཡིན་མི་ཤེས། གང་ལྟར། འདི་འདྲ་ཞིག་ལས་བཤད་ཤེས་མ་སོང་།
ཀ་མ་ལ་འདི་འདམ་ལས་མ་སྐྱེས་མཆུ་སྒྲོས་པདྨ་འཛུམ་པའི་ཁ།།
ག་ལེར་སྤྱན་ཟུར་ཡོ་ཙམ་བྱས་པས་སེམས་པ་ཡོངས་རྫོགས་འགུལ་བའི་ང་།།
ཅ་དག་ཞལ་རས་ཆུ་ལ་ཤར་བའི་གཡོ་ལྡན་ཟླ་བ་ཉ་གང་ཆ།།
ཇ་ཁུ་མདངས་འཛིན་གོས་ཀྱི་འོག་ན་སྐུ་གཟུགས་ལྡེམ་ལྡེམ་འཁྱུགས་པའི་ཉ།།
ཏ་མ་ལ་ཡི་ཀླུང་གི་རྒོད་སྒྲར་རྒོལ་ལན་སློག་པའི་ངག་གི་ཐ།།
ད་ལྟའི་དུས་སུ་ལུས་ཀྱི་རྩ་ལག་ཡོངས་སུ་འཁུམས་པ་ཞ་བོའི་ན།།
ངས་མེ་ཏོག་གི་ཐོག་ཏུ་ཕྱེ་མ་ལེབ་ཞིག་ལས་གང་མ་མཐོང་། ང་སྒྲུབ་པའི་སྣེ་ལ་སླེབས་སམ་ཁྱོད་ཚོ་འདོད་པའི་དོང་ལ་ལྷུང་མིན་ཆ་མ་འཚལ།
མཛེས་འཛུམ་ཞལ་རས་ཉ་ག་ཟླ་བའི་ངོས།།
རྫི་མ་ནགས་ཀྱི་ཚལ་རྣམས་རབ་གཡོ་བས།།
ཆགས་ལྡན་ཀུན་གྱི་སེམས་ཀྱི་ཨ་ལོང་དུ།།
ཀྱོ་བ་རྣོན་པོའི་གཟེར་ནི་བཏབ་པ་བཞིན།།
ཁ་ཡི་ཀུ་མུད་དགོད་པའི་ཟེའུ་འབྲུ་ནི།།
མཛེས་མས་འགྲམ་ཆང་བཏབ་པའི་པ་ཀུ་ལ།།
འདབ་མ་ལྷུག་པོར་ཕྱེ་ནས་ཕྱོགས་བཅུ་ཡི།།
རྐང་དྲུག་བུང་བ་མགྲོན་དུ་འབོད་པ་བཞིན།།
སྤྱན་གྱི་ཟུར་མིག་ཀེམ་ཀེམ་གཡོ་བ་ནི།།
རི་དྭགས་སྐྲག་པའི་ཉམས་འགྱུར་རབ་རྫོགས་པས།།
སྟག་ཤར་གཞོན་ནུའི་སྙིང་གི་དཀྱིལ་འཁོར་དུ།།
འདོད་པའི་མདའ་ལྔ་ལྷན་ཅིག་བཏབ་པ་བཞིན།།
ལག་པའི་སོར་མོ་ལྕུག་ཕྲན་གཡོ་ལྡན་པ།།
རྒྱང་རིང་ཡུལ་དུ་འབོད་པའི་གཡབ་མོ་ལྟར།།
ནང་གི་སེམས་པ་རང་ལ་མ་དབང་བར།།
ཕྱོགས་སུ་འཁྱམས་པའི་ལམ་གོལ་མགྲོན་པོ་བཞིན།།
ད་སྟན་མོ་ཡོད་གི་ཡ་། ཨ་ཨ་།
གྲོགས་པོ་རྣམ་པས་ངའི་སྙན་ངག་དེར་གང་འདོད་ཀྱིས་དགོངས་ཚུལ་གསུངས་པར་རབ་ཏུ་དགའ། སྙན་ངག་ལ་གླན་པའི་འདྲ་པར་དེས་ཁོ་མོའི་རི་མོའི་སྒྱུ་རྩལ་མཚོན་ཡོད། སྙན་ངག་དང་རི་མོ་གཉིས་མཉམ་གྱིས་སྦྱིན་པའི་ཚོར་བ་གང་ཡིན་པ་དེ་ངའི་སེམས་ཙོར་ངོ་མ་བོ་ཡིན། ངས་རང་གིས་སྙན་ངག་འབྲི་བ་དང་གཞན་གྱི་སྙན་ངག་ཀློག་པའི་སྐབས་སུ་ཚོར་བ་ཐོག་མ་དེ་དངོས་ཡོད་དང་རྗེས་མ་ནས་རྗེས་མ་དེ་ཚོ་བཅོས་མའམ་བཅོས་མའི་བཅོས་མ་ཞིག་ཏུ་གྱུར་འགྲོ་གི་འདུག ཡང་སྙན་ངག་གང་ཞིག་ཀློག་དུས་རང་ཉིད་ཀྱང་རྩོམ་པ་པོ་དང་ལྷན་དུ་ཚོར་བའི་ནང་དུ་འཛུལ་ཐུབ་ན་ཚོར་བ་ཡང་དམིགས་གསལ་བ་ཞིག་སྟེར་གི་འདུག འདི་ངས་སྙན་ངག་ཀློག་པར་ལྟ་སྟངས་ཙམ་རེད།
ཟླ་མེད་འདིས་ཀ་ཕྲེང་བློར་འབབ་ཅིག་བྲིས་འདུག
འདྲ་རིག་ལྡན་འདིས་དེང་སང་ང་གར་སོང་དང་གར་ཡོད་ལ་ཁ་བཙོག་རྐྱང་བཤད་ཀིན་འདུག་ནོ་ཅི་རེད། ཁྱོས་ང་དྲན་གི་ཡོད་གི་པ།
ད་རང་ཚོས་འདི་ནས་གཅིག་གཅིག་ལ་ཁ་གཙོག་བཤད་ད་རྙོག་དྲ་མེད་ནོ་དེ་རེད། ཁ་སང་ཟིག་ག་ང་ཚོས་ཁ་བདག་མེད་ནང་ནས་ཚིག་ཚོད་མེད་བཤད་ནོ་མ་འགྲིག་ནོ་ཤེས་ཀ་ཟེ། ད་དེ་ལ་ང་ཚོ་དོག་སྣང་ཟིག་མེད་ལ་དེ་ག་ཟིག་བཤད་དང་ཟིག སྡེ་ཕོག་ས་ལྷ་ཀླུ་ཚང་མ་ལ་ཕོག་སོང་ཟིག གཏེ་ངན་དེ་སྐྱོ་བྲག་དགའ་དབང་ཡིན་ན་དེ་ཡིན་ཟེ་ན། ད་ཨ་རི་འདི་ན་མི་སྦུག་སུ་དོག་པོ་མང་ནི་རེད། ད་དྲ་རྒྱ་དེ་ཚོ་ལ་སྦུག་སུ་དོག་པོ་ཆགས་ཀྱི་ཡོད་ས་རེད། འ་ལ་ལ།
སྙན་ངག་འདི་མོ་འདི་བཀླགས། རི་མོ་འདི་མོ་འདིར་བལྟས། ་་་་་་་་་་་་་་་་་་་་་་་་་་་་་་
ཏན་ཏིང་གི་ལྷའི་རོལ་དབྱངས་ལྟ་བུ་རེ་འབྲི་ཨེ་ཐུབ་ལྟོས་ར། མགོ་སེར་ཚོས་འབྲི་ཐུབ་ས་ནས་མགོ་ནག་ཚོས་འབྲི་མི་ཐུབ་རྒྱུ་ཅང་ཨེ་ཡོད། དོན་གྲུབ་རྒྱལ་གྱིས་ཀྱང་དབྱུག་པ་ཅན་གྱིས་མེ་ལོང་མ་རྩོམ་ཐུབ་ན་ང་ཚོས་ཀྱང་མི་ཐུབ་རྒྱུ་ཅི་ཡོད་ལབ་འདུག་ག མ་གཞི་ནས་བཟོད་རྒྱམ་ཁྱོད་སྐྱེས་ས་ནས་དོན་གྲུབ་རྒྱལ་སྐྱེས་ས་ལ་ཐག་ཞེ་དྲགས་མི་རིང་གི་བསམས་སོང་།
གང་གི་ཕྱག་སོའི་སྨྱུ་གུའི་འཕྲུལ། །
དཀར་འཇམ་ཤེལ་ངོས་འཁྲུལ་བ་ལས། །
འོང་པའི་ན་ཆུང་མཛེས་མའི་ཞལ། །
མཐོང་བས་རྡོ་རྗེ་གྱེན་དུ་ལངས། །
འདོད་པས་མྱོས་པའི་ཁོ་དང་ངར། །
ལུས་སེམས་དཀའ་ངལ་ཕལ་མ་ཞིག །
བྱིན་པའི་ཉེས་དམིགས་འདི་ཡི་འགན། །
བཟོད་རྒྱམ་ཁྱེད་ལ་ཡོད་ནི་རེད། །
ཧ་ཧ་ཧ་
ཟླ་མེད་ཁྱོད་བདེན་དུ་འདུག རང་དབང་དྲ་བར་རང་དབང་གིས་སྐད་ཆ་བཤད་ས་ཞིག་ཡོན་ཐུབ་ན་བསམ་ཡོད། ད་ང་ཚོས་ཁ་སྐད་འབྲི་ས་ཞིག་ལ་ཡང་བསམ་བློ་གཏོང་རན་འདུག འདིའི་ཕྱོགས་ལ་ངས་ག་ལེར་བསམ་བློ་གཏོང་གི་ཡིན། གཞན་ཁྱོད་ཚོས་རང་དབང་དུ་དེབ་སྐྱེལ་བྱེད་མི་ཐུབ་པ་དང་ནང་དུ་འཛུལ་མི་ཐུབ་པའི་སྐྱོན་དེ་འདི་ཨེ་ཡིན་ནམ་སྙམ་གི ཁྱོད་ཀྱིས་ Mozilla Fire Fox བརྒྱུད་ནས་ཚོད་ལྟ་ཞིག་བྱོས་དང་།
གཞན་ཨ་ཁུ་ཀླུ་སྨྱོན་འདིས་ང་ལ་འདི་ལྟར་བསྟོད་པ་བྱས་ཡོང་ན། ང་རང་ང་འདར་གི་འདྲ་ཟིག་འདིག་གི ང་བོད་སྐད་ཡིག་མི་ནས་མི་ཤེས་ནི་ཟིག་ག ཁྱོས་ཏང་ཏིང་གི་ལྷའི་རོལ་དབྱངས་ཡིན་ཅིག་བཤད་ཡོང་ན་ངས་ཤེས་གི་ན་ཡུམ། ཨོ་ད་ཡང་ངས་ཁ་སྐད་ཡིན་ན་ལུང་སྐད་ཡིན་ན་དེ་བཤད་དང་ཐ། དྲ་གྲོགས་ཚོ་སྤོ་ལངས་མི་ཉན་ཨེ་གོ
གྲོགས་རྩམ་དགའ་ཁྱོད་ལ་ཚོར་བ་དེ་འདྲ་ཞིག་བྱིན་ཡོད་ན་དགོངས་དག་ཞུ། ཞི་མོ་བཙའ་ན་ད་ཁྱོད་ར་མི་ཧྲ་རྒྱུ་མེད་ལ།
དམར་ལ་དཀར་ཤ་ལྡན་པ་དེ་ནི་ད་ལྟ་རང་ལ་ཞལ་ཁ་ཕྱེས་པའི་མེ་ཏོག་ཅིག་གི་འདབ་མ་ཡིན་ནམ་ཡང་ན་ཉིད་ཀྱི་མཛེས་མའི་མཆུ་སྒྲོས་སྐོམ་པས་གདུངས་པ་ཡིན།།
སེར་ལ་ཕྲ་བའི་མདངས་ཅན་དེ་ནི་ཁྱོད་ཀྱི་ཕྱེ་ལེབ་འཁོར་ན་བསམ་པའི་མེ་ཏོག་མ་ཡི་རྨི་ལམ་ཡིན་ནམ་ཁྱེད་ཉིད་དྲན་པའི་རྔན་པ་འཐེན་བྱེད་མོ་ཡི་ཤངས།།
སྨིན་མའི་གཡབ་འོག་མོ་ཡི་དྲན་པའི་སྤྱན་མིག་ཟུམ་པ་ཡིན་ནམ་མེ་ཏོག་འདབ་མའི་ལག་པ་འདར་བཞིན་ཕྱེ་ལེབ་སེར་ཆུང་བསུ་བ་ཡིན།།
ལྷད་མེད་བརྩེ་བ་ཟབ་མོ་མེད་ན་སྒྱུ་རྩལ་འདི་མོ་འཁྱོངས་པ་དཀའ་ལ་བརྩེ་བ་དེ་ལ་བདག་པོ་མེད་ན་སྙན་ངག་དེ་འདྲའང་ཅི་ལ་ཕྲིས།།
ཡ་ཁོག་ནང་ན་བརྩེ་བ་མེད་ཅིང་སྒྱུ་རྩལ་མིག་འབྲས་ལོང་བ་དག་གིས་འདི་ཡི་ཟབ་དོན་ཁྲོལ་གྱི་མེད་ཚོད་རང་དགར་གཤའ་བའི་རི་མོ་ཞིག་ཏུ་འཁྲུལ།།
མགོན་ཕྱག་ལགས་ཀྱི་བཀླགས་བྱང་འདིས་ང་ལ་བསྐྱར་དུ་སྙན་ངག་དེ་དང་འབྲེལ་བའི་ཚོར་བ་ཞིག་བསླངས་སོང་། འོན་ཀྱང་ཡི་གེར་ཕབས་འདོད་དུས། སྐད་ཅིག་ལ་ཡལ་ནས་བུད་སོང་། འདི་ཡང་སྙན་ངག་པའི་ཙོར་བ་ངོ་མ་ཞིག་ཡིན་པས་ན། ངས་ཅི་ཡང་མ་ཕྲིས་སོ།། དོན་དམ་དུ་ཁོ་མོ་ནི་སྒྱུ་རྩལ་རི་མོ་བ་ཞིག་རེད། འོན་ཀྱང་གོང་གི་འདི་ཁོ་མོའི་རི་མོ་མིན། ཁྱེད་ལ་ཐུགས་རྗེ་ཆེ་ཞུ།
ཁྱོད་ཀྱི་གདོང་ནི་མེ་ཏོག་བཞིན། །
མེ་ཏོག་བཞིན་དུ་ཁྱོད་ཀྱི་གདོང་། །
ཞེས་པའི་སྙན་ཚིག་གོ་མྱོང་ཡང་། །
མེ་ཏོག་ཉིད་ལས་ཁྱོད་ཀྱི་གདོང་། །
ཁྱོ་གདོང་མེ་ཏོག་ལས་གྲུབ་ཞེས། །
སྙན་ཚིག་བྲིས་དགོས་ད་རེས་ཙམ། །
མྱི་ལྡང་། ཏན་ཏིང་གི་ལྷའི་རོལ་དབྱངས་དེ་བོད་ཡིག་ཏུ་ལོ་མང་སྔོན་ནས་བསྒྱུར་ཟིན་པའི་ནུབ་ཕྱོགས་རྩོམ་རིག་གི་འདྲི་གཞི་ལྔ་བརྒྱ་ཞེས་པའི་དེབ་རྒན་འཇིགས་སུ་རུང་བ་གསུམ་ཡོད་པ་དེར་ལྟོས་དང་དེ་ན་འདུག
ཁྱོད་ཀྱི་གདུང་ནི་མེ་ཏོག་བཞིན།།
མེ་ཏོག་བཞིན་ཏུ་ཁྱོད་ཀྱི་གདུང་།།
ཟད་པོ་ཁྱི་པོ་རྙིང་དྲི་ཅན།།
ལོ་དྲུག་བདུན་ནས་བསླབས་ཤིང་གོམས།།
ཨོ་རེད་རེད། ཨ་ཁུས་གསུངས་པའི་དེབ་རྒན་དེ་ལོ་བཞིན་ལྔའི་སྔོན་ནས་ས་རར་སྡོད་སྐབས་བཀླགས་ཟིན་པའི་ཁུལ་ཡིན་མོད། དོན་ལ་ཞིབ་ཚགས་བྱུང་མི་འདུག་ག ད་ཁྱོས་ངའི་ཡིག་སྒམ་ནང་དུ་ཏན་ཏིང་གི་ལྷའི་རོལ་མོ་ཟེར་བ་དེ་སྐུར་མི་ཡོང་ན། ང་སང་ཉིན་རྒྱུགས་ཐེངས་གཅིག་གིས་གངས་སྐྱིད་དཔེ་མཛོད་ནས་ཏན་ཏིང་གི་ལྷའི་རོལ་དབྱངས་མོ་ཚིག་དོན་མ་ལུས་པར་བློར་ཨེ་ཟིན་བལྟ་གི་ཡིན་ཏོ།། དེབ་རྒན་སྟོད་སྨད་གཉིས་ཡོད་པ་ཀུན་དགས་བསགྱུར་བ་དེ་རེད་དམ།
དེ་རེད། ང་ཁྱོད་ཀྱི་དཔེ་གཡོག་བྱེད་མི་ཐུབ། རང་གིས་ཚོལ། ཁྱོད་འདི་མྱི་ངར་བ་ཡིན།
ཨ་ཁུ་གཞོན་ནུ་ཟླ་མེད་ལགས།
ཁྱེད་ཀྱིས་ཁ་སྔོན་ཞིག་ལའང་་ཀ་རྩོམ་ཞིག་གི་མཇུག་བྲིས་མ་སོང་བ་་་་་དེ་རིང་ཡང་རྩོམ་འདིའི་འཇུག་བྲིས་མི་འདུག འབྲི་རྒྱུ་མེད་སོང་བ་ཨེ་རེད་ལགས་་་་་་ཡིན་ན་ངས་རོགས་ཞིག་བྱས་ཆོག་གོ
པ་ཏྲའི་རི་མོའི་མཚར་སྡུག་འགོག་པའི་ཡིན་འོང་བུ་མོར་ཆགས་པ་སྤང་ཡང་ཆགས་ལྡན་འགྲོ་བའི་ཉམས་མྱོང་ཅན་གྱི་ཕ། །
བ་གླང་འབྲོང་གི་རྭ་ཅོག་ལྟ་བའི་མཇེ་ནག་སྐམ་པོ་གྱེན་དུ་ལངས་བར་ཐུགས་རྗེ་གཟིགས་ཤིག་རྗེ་བཙུན་ཏྰ་རེ་མ། །
པ་ཏྲའི་རི་མོ་མཚར་རམ་ཞེས་ན་སྲོལ་རྒྱུན་སྙན་ངག་གོམས་སྲོལ་ཞིག་གིས་དེ་ནི་མཚར་བའི་དཔེ་ཙམ་བྱེད།།
ཤ་འཇམ་ནུ་རྒྱས་བརླ་སྤོམ་ཉ་ཕྲའི་བུ་མོ་དེས་ཡིས་ཆགས་སེམས་སྦར་ཞིང་དྲན་པའི་ཀ་ཆེན་བསྒྱེལ་བར་བྱེད།།
དེ་ལྟ་ན་ནི་བུ་མོའི་མཛེས་སྒེག་ཉ་གང་ཟླ་དང་པ་ཏྲ་ལ་སོགས་རི་མོས་དཔེ་མཚོན་བྱེད་ནུས་བྲལ།།
དེས་ན་བུ་མོའི་མཛེས་པའི་ཆོས་རྣམས་དཔེ་ཙམ་མིན་པར་ཐད་སོའི་ཚིག་གིས་བྲིས་ཤིང་སྨྲས་ན་ཡིད་གར་འོང་།།