ཉིན་ཤས་ནས་ཁ་བརྡ་དྲ་ཐོག་ན་མཁན་པོ་སྐྱོ་བྲག་དགའ་དབང་ཟེར་བ་ཞིག་གིས་ལྕགས་མོ་འཚོའི་འཕྲིན་ལན་ཟེར་བ་ཞིག་སྤེལ་ཡོད་ཚོད་རེད། དེ་བཞིན་མཁན་པོ་ཟེར་བ་དེས་ཀྱང་ཁྱེད་ལ་ཕུལ་བའི་འཕྲིན་ལན་ཁ་བརྡ་ནང་བཞག་ཡོད་ཚུལ་དྲན་སྐུལ་གློག་འཕྲིན་ཞིག་འབྱོར་བའང་དྲན་གྱི་འདུག་ ཡིན་ནའང་ནམ་རྒྱུན་གྱི་ལས་བྲེལ་ལས་གཞན་དེང་སྐབས་བྲེལ་ཟིང་འཕར་མ་ཞིག་གི་ནང་མགོ་འཐོམས་པ་དང་། དེར་དོ་སྣང་བྱེད་རིན་ཡོད་པར་མ་མཐོང་པས་ཡ་ལན་བྱས་མེད། འོན་ཏེ་གྲོགས་པོས་རྩེད་མཚར་གྱི་བར་ནས་ཁ་བརྡ་ན་བྲིན་པའི་སྐད་ཆ་དེ་དག་གླེང་བྱུང་པས།མདང་དགོང་ཆེད་དུ་ཁ་བརྡ་དྲ་ཐོག་ཕྱིན་ཏེ་འཕྲིན་ལན་ཟེར་བ་དེ་དང་མཆན་བུ་བཅས་ཆ་ཚང་ལན་ཅིག་ཀློག་པ་དང་། དེ་རིང་གློག་འཕྲིན་ཡིག་ཚགས་ཕྱིར་སྔོག་སྐབས་ཁ་སྔོན་མཁན་པོ་སྐྱོ་བྲག་དགའ་དབང་ཟེར་བ་དེ་དང་གློག་འཕྲིན་འབྲེལ་གཏུག་རེ་ཟུང་ཡོད་པ་རྙེད་དེ་འདིར་པར་བཤུས་དང་ལྷན་དུ་གསལ་འདེབས་ཐུང་ཐུང་ཞིག་ཞུ་རྒྱུར་།སྤྱིར་གུས་མོས་ཕྱེད་སྒེར་ཚིགས་ཀྱི་གཡུ་ཞུན་དྲ་བའམ་ཟིན་བྲིས་ཆུང་ཆུང་འདི་གཉེར་ནས་ལོ་གཅིག་ལྷག་རིང་།བོད་ཕྱི་ནང་གི་རྩོམ་པ་པོ་དང་ཀློག་མཁན་མང་པོས་ཕྱག་རྩོམ་དང་དགོངས་འཆར་རིས་མེད་སྩོལ་བཞིན་པར་བརྟེན། རང་ཉིད་ཀྱིས་ཀྱང་མུ་མཐུད་དུ་དགའ་མོས་འདིར་འཇུས་ཏེ། ཉིན་རེ་བཞིན་སོ་སོའི་བྲིས་པའི་གསར་འགྱུར་གཙོས་སྙན་རྩོམ་དང་འབོལ་རྩོམ། དེ་མིན་དྲ་ཚིགས་གཞན་པ་ནས་གནས་ཚུལ་དོ་སྣང་ཅན་དང་ཕུལ་བྱུང་བརྩམས་ཆོས་ཁ་ཤས་རེ་བརྒྱུད་བཀོད་ཀྱིས་གཡུ་ཞུན་སྤང་ཁུག་འདིར་ཚེ་སྲོག་གི་ལྗང་མདོག་རེའི་སྣོན་པ་རྒྱག་ཐབས་ལ་ཤི་འཐམ་རོ་འཐམ་བྱེད་ཀྱིན་ཡོད་ལ། སྒོས་སུ་བོད་ཕྱི་ནང་གི་སྨྱུག་ཐོགས་པ་ཚོས་ཐད་ཀར་དྲ་ཚིགས་འདིར་བསྐུར་བའི་བརྩམས་ཆོས་རྣམས་ལེགས་ཉེས་ཀྱི་དབྱེ་འབྱེད་མེད་པར་ཚང་མར་འདྲ་མཉམ་གྱི་གོ་སྐབས་ཤིག་ཡིན་པའི་ཁུལ་གྱིས་སྤེལ་བཞིན་ཡོད་པས་ན། མཁན་པོ་སྐྱོ་བྲག་དགའ་དབང་ཟེར་བ་དེའང་དེ་དག་ཁྲོད་ཀྱི་ཆེས་སྤྱིར་བཏང་བ་ཞིག་ཡིན་ཞིང་། ངའི་དྲ་ཚིགས་སུ་ཕྱག་རྩོམ་གནང་མཁན་མང་ཆེ་བས་སོ་སོའི་གོ་ཐོབ་དང་གནས་ཡུལ་རེག་ཙམ་རེ་ཕན་ཚུན་ངོ་སྤྲོད་གནང་སྲོལ་ཡོད་ནའང་།ཁོང་གི་སྐོར་གསལ་ཁ་གང་ཡང་མེད་པས་ངས་ལས་ཀའི་དབང་གིས་གོམས་ལོབས་སུ་ཕྱིན་པའི་སྤྱིར་བཏང་གི་མཚམས་འདྲིའི་ཚིག་ཐུང་ཞིག་སྟེ་ཁོང་གི་སྡོད་གནས་གང་དང་ཕྱག་ལས་ཅི་ཞིག་གནང་བཞིན་པའི་སྐོར་བྲིས་པ་ན་གཤམ་གསལ་སྙན་རྩོམ་ཡ་མ་བརླ་དེ་འདྲ་འགའ་རེ་བསྐུར་བྱུང་བས་།ལན་ཐུང་དེ་ལས་འཕྲིན་འབྲེལ་གང་ཡང་མེད་པས། མཁན་པོ་སྐྱོ་བྲག་དགའ་དབང་ཟེར་བ་དེས་ངེད་གཉིས་བར་གསང་བའི་འཕྲིན་འབྲེལ་ཞིག་ཡོད་ཁུལ་དང་ངས་མངོན་གསལ་གནང་འདོད་མེད་ཚུལ་གྱི་ལྐོག་བརྡ་རེ་ཟ་ཟུར་ན་ཐོན་བཞིན་པ་དང་། ཡང་ཀློག་མཁན་ནང་དུའང་ལྐོག་ཏུ་ཤུབ་ཤུབ་ཅིག་ལབ་ཡོད་སྲིད་པར་མཚར་སྣང་གི་མིག་འབྲས་ཆེར་བགྲད་ལ་དམིགས་ནས་གཤམ་གསལ་གློག་འཕྲིན་མ་ཕྱི་ཇི་བཞིན་ཕུལ་ཡོད་པས། རྣམ་པ་ཚོའི་ཡེ་ཤེས་ཀྱི་སྤྱན་ལ་ཚོན་མདོག་གི་སྤྱན་ཤེལ་མ་མནབ་པར་གཟིགས་གནང་འཚལ།ད་ནས་བཟུང་འདིའི་སྐོར་བཟང་ངན་གྱི་སྐད་ཆ་ག་འདྲ་སླེབས་ཀྱང་དེར་ལན་འདེབས་ཀྱི་སྐར་ཆ་གཅིག་ཀྱང་ཆུད་ཟོས་སུ་གཏོང་འཆར་མེད་པ་ཞོར་འཕྲོས་ཙམ་མོ།
ལྕགས་མོ་འཚོས།
Wed, May 5, 2010 1:10:12 PM
hi
From: khenpo ghawang
Add to Contacts
To: wdyoushun
________________________________________
མཛངས་མ་ལྕགས་མོ་འཚོ་ལགས། སྙན་ངག་མཁན་པོའི་ཚིག་གི་སྒྱུ་རྩལ་ཙམ།
།མ་ཡིན་རང་ལ་ཚང་བའི་ཡོན་ཏན་དག །མངོན་སུམ་སྣང་བས་ལྷ་ཡང་འགུག་བྱེད་པ།
།ཁྱོད་ནི་གངས་ཅན་བུ་མོའི་རྒྱན་དུ་འཁུམས། །དེ་ཕྱིར་རང་གིས་རང་ལ་མ་བརྙས་པར།
།འཕྲལ་ཕུགས་བདེ་བའི་ལམ་བཟང་ཡོད་དོ་ཅོག
།མགྲོན་དུ་བོས་དང་སྲིད་ཞིའི་མགོན་པོ་རུ།
།འགྱུར་བར་བྱེད་ལ་དཀའ་ཚེགས་ཅི་ཞིག་ཡོད།
།མཁྱེན་རྩེའི་ནུས་པ་རྫོགས་པའི་སངས་རྒྱས་ཀྱང་།
།ཐོག་མའི་དུས་ན་སེམས་ཅན་ཐ་མལ་པ། །ཡིན་ཀྱང་བླང་དོར་བྱ་བ་མ་ནོར་བར།
།ཞུགས་པའི་འབྲས་བུ་ཉིད་དུ་ཤེས་པར་མཛོད། །
འདི་ནི་མཚར་གཏམ་ཙམ་དུ་བྲིས་པ་ཡིན་པ་དགོངས་པར་མཛོད་ཅིག །
Sun, May 9, 2010 1:18:06 PM
hi
From: khenpo ghawang
Add to Contacts
To: wdyoushun
________________________________________
གཟུགས་བྱད་མཛེས་པའི་སྨན་ཤར་ལྕགས་མོ་འཚོ་ལགས།
ང་ནི་ཐོག་མར་སྐྱེས་པ་ནའང་དུད་ཚང་གཉོམ་ཆུང་ཞིག་ཏུ་སྐྱེས་ཤིང་།
སློབ་སྦྱོང་གི་གོ་སྐབས་མ་ཐོབ་པས་སྲོལ་རྒྱུན་གྱི་རིག་གནས་མེད་ལ།
དེང་དུས་ཀྱི་ཤེས་ཡོན་དེ་བས་ཀྱང་མེད།
སྤྲང་པོ་གར་སྐྱིད་ཕ་ཡུལ་གྱི་དཔེ་ལྟར་གང་སར་འཕྱན་པ་ལས་གཏན་སྡོད་བྱ་ས་འདི་ཡིན་མེད་པའི་གྲྭ་འཁྱམས་ཤིག་ཡིན།
ངས་ཁྱོད་ཀྱི་གསུང་སྐད་རླུང་འཕྲིན་གྱི་བརྒྱུད་ནས་ཐེངས་མང་ཐོས་མྱོང་ལ།
ཁྱོད་ཀྱི་གནས་སྟངས་ཀྱི་ལོ་རྒྱུས་ཀྱང་ཁ་ཤས་ཤེས་ཀྱི་ཡོད།
འོན་ཏེ་ཁྱོད་རང་དངོས་སུ་མཐོང་བ་ནི་རྒྱ་ནག་གི་ཨོ་ལམ་པིག་གི་དཔལ་འབར་ཨ་རིའི་གྲོང་ཁྱེར་སན་ཧྥི་རན་སིས་སི་ཀོར་ཁྱེར་བའི་སྔ་ཉིན་ང་ཚོ་བོད་རིགས་དང་བོད་དོན་རྒྱབ་སྐྱོར་བ་ཚོས་རྒྱ་གཞུང་ལ་ངོ་རྒོལ་བྱ་སྐབས་ཁྱོད་རང་གནས་ཚུལ་མཁོ་སྒྲུབ་ཆེད་བསླེབས་པ་མཐོང་བ་དེ་ཡིན།
དང་ཐོག་རོགས་པའི་ངག་བཞིན་ངས་ཁྱོད་ཀྱི་དྲྭ་གནས་སུ་རྩོམ་ཡིག་བཏང་པ་ཙམ་ཡིན་ཅིང་།
རྗེས་མ་དགའ་ཞེན་ལྟ་བུས་རྩོམ་ཡིག་རྣམས་རང་བཞིན་དུ་གཏོང་ཤོར་གྱི་འདུག
།ངས་བཏང་པའི་རྩོམ་ཡིག་ཚང་མ་ཁྱོད་ཀྱིས་དྲྭ་གནས་ཐོག་བཀོད་ཀྱི་འདུག་པ་དེའི་རྒྱུ་མཚན་གང་ཡིན་ནམ་ཞེས་པའི་དྲི་བ་ཞིག་ཀྱང་ཡོད།
།གཞན་ཁར་རྩང་ཤག་བཏང་པའི་འཕྲིན་ཡིག །ལྕགས་མོ་འཚོའི་འཕྲིན་ལན།
ཟེར་བ་དེ་ཡང་དྲྭ་གནས་ཐོག་བཀོད་ན་མི་འགྲིག་པ་ཅི་བདོག་གམ།
སླད་མར་སྐུ་གཟུགས་བདེ་ཐང་དང་བྱ་བ་ལམ་འགྲོ་ཡོང་བའི་རེ་སྨོན་ཡོད་ཅེས་སྐྱོ་བྲག་དགའ་དབང་གིས་ཞིབ་ཕྲའི་གནས་འཕྲིན་དུ་ཕུལ།
Sun, May 9, 2010 2:53:24 PM
Re: hi
From: Youshun Wangdak
Add to Contacts
To: khenpo ghawang
________________________________________
མཁན་པ་སྐྱོ་བྲག་དགའ་དབང་ལགས།
འཕྲིན་ལན་གནང་བར་བཀའ་དྲིན་ཆེ།ཁྱེད་ཀྱི་ཕྱག་རྩོམ་ཚང་མ་དྲ་ཐོག་སྤེལ་བ་ཁྱེད་གཅིག་པུ་མ་ཡིན་པར་འདིར་བསྐུར་ཡོང་མཁན་ཚང་མར་རྩོམ་གྱི་ཡག་ཉེས་དབྱེ་འབྱེད་མེད་པར་འདྲ་མཉམ་གྱི་གོ་སྐབས་སྤྲོད་བཞིན་ཡོད་པ་མ་ཟད་།ང་ལ་མཚོན་ནའང་རྒྱབ་སྐྱོར་ཅིག་ཡིན།་ཁ་སང་གི་འཕྲིན་ལན་དེ་དྲ་ཐོག་མ་བཞག་པ་ནི་དེ་ནི་མི་སྒེར་བར་གྱི་ཕན་ཚུན་འཕྲིན་ལན་ཙམ་ལས་དྲ་ཐོག་ཏུ་འཇོག་པའི་
དགོས་པ་དེ་ཙམ་མ་མཐོང་པས་བཞག་མེད་ལ་འཕྲིན་འདི་རིགས་རྗེས་མའང་འཇོག་མི་སྲིད།ཕྱག་རྩོམ་གཞན་པར་ནམ་ཡང་དགའ་བསུ་ཡོད་།ཁ་དྲོ་བཀྲ་ཤིས།
དྲ་རྒྱའི་དུས་རབས་འདིར་མི་དང་མིའི་བར་དུ་འདི་ཙམ་གྱི་འབྲེལ་བ་ཡོང་ལོས་ཆོག འདི་ཙམ་ལ་ཧ་ལས་ཧང་སངས་བྱེད་དགོས་ཀྱི་མ་རེད།
ཕོ་མོ་ཉམས་མྱོང་མེད་པའི་དགེ་པ་ལ་མཚོན་ན་ཨུ་ཚུགས་རྒྱག་རྒྱུ་སྤྱི་སྟངས་བ་ཞིག་ཡིན་ཡང་། ཕོ་མོ་བརྩེ་ནི་ཨུ་ཚུགས་ཀྱིས་ཉོ་མི་ཐུབ་ལ་བཙན་དབང་གིས་འགུགས་མི་ཐུབ། རང་དབང་དང་འགྲོགས་འདྲིས། དུང་བ་ལས་ཡོང་དགོས་པ་ཡིན། ལྕགས་མོ་འཚོ་བློ་ཕམ་བྱུང་བ་བསམ་ཤེས་ཐུབ།
གནས་ཚུལ་ཚབས་ཆེན་ཞིག་མ་རེད། རང་སེམས་ལ་དམྱལ་བ་མེད་ན། བར་དོ་ལ་འཇིགས་སྐྲག་མི་དགོས། ཟེར་བ་བཞིན་མིས་ཅི་ཟེར་ལ་ཞེད་རྒྱུ་ཅི་ཡོད། མ་གཞི་དྲ་འབུ་ཚོར་ཆེ་མཐོང་སྤྲོད་མཁན་ང་ཚོ་ཟིན་བྲིས་པ་སྐོར་ཞིག་རེད། ང་ཚོས་ཚབས་ཆེ་མདོག་དང་། ཧ་ལས་མདོག ཧངས་སངས་མདོག་བྱས་པས་དྲ་འབུ་ཚོས་བསམ་དོན་འགྲུབ་བཅུག་པ་རེད། ང་ཚོས་ཡ་མེད་བཏང་ནས་ཁ་ཡ་མ་བྱས་ན་ཁོ་ཚོས་ཉིན་ལྟར་ཁྱོད་ཀྱི་ཁ་ཡོ་འདུག སྣ་ཆག་འདུག་ཟེར་བཞིན་མུ་མཐུད་ག་ལ་ཐུག དེ་བསམ་ཚུལ་ཙམ་ཡིན། དེ་ནས་ཡང་ནོར་བཅོས་ཤིག་བྱེད་ཁུལ་བྱེད་ན་༼ལྕགས་མོ་འཚོས་གསལ་འདེབས་༽ཡིན་རྒྱུ་མ་རེད། ༼ལྕགས་མོ་འཚོའི་གསལ་འདེབས༽ཡིན་རྒྱུ་རེད། དཀྱིལ་ལ་བྱེད་སྒྲ་བྲིས་ན་མཐའ་ལ་བྱ་བ་ཡོད་དགོས་ཀྱང་གསལ་འདེབས་ཞེས་པ་བྱ་བ་རེད་མི་འདུག དེ་མིན་༼ལྕགས་མོ་འཚོས་གསལ་བཏབ་པ་༽ཞེས་བྲིས་ཀྱང་ཆོག་པར་སྣང་། ཡ་ད་མི་བཤད་ཆུ་ཚོད་ཀྱང་ཕྱི་བོ་ཆགས་འདུག གུས་ཟས་བཟའ་རུ་གཞི་ནས་འགྲོ་དགོས། ད་དུང མང་པོ་མང་པོ་ཞིག་བྱེད་རྒྱུ་ལུས་ཡོད།
ཨ་ཨ། སྐད་ཆ་དེ་འདྲ་ཞིག་ལ་དོ་སྣང་བྱེད་རིན་ཞིག་འདུག་གམ། ལྕགས་མོ་འཚོ་ལགས་གཙོ་བྱས་པའི་མི་རྣམས་དེང་སང་ཁོམ་དྲགས་ཡོད་ས་རེད། ཡང་མིན་ན་ཁོག་རྒྱ་ཇི་འདྲའི་ཆུང་བ་ལ་ཨང་།
ཨ་ཅེ་ལྕགས་མོ་འཚོ་ལགས། དེ་ལ་སྐྱོན་ཆེན་པོ་མེད་ཀི་མོད། དགའ་དབང་ཟེར་ནོ་འདིས་ཁྱེད་ལ་བསྟོད་འཕྲིན་ཞིག་སྐུར་ནོ་དེ་རེད་མོད། སྤྱིར་བཏང་ཡིན་ན་དགའ་ཆོག་པའི་བྱ་བ་ཞིག་རེད་མོད། ཁྱེད་ཀྱི་གསུང་སྐད་དེ་དགའ་དབང་གི་རྣ་བར་སྙན་པས་ཡིད་དབང་སྔོན་ནས་འཕྲོག་པའི་ཐོག་ཁྱེད་ཀྱི་སྐྱེ་གཟུགས་དེ་ཡང་ཁོ་རང་གི་མིག་ལ་མཛེས་སོང་བ་རེད། དོན་དེ་ཁྱེད་ལ་མཚོན་ན་དགའ་དགོས་ནི་འདྲ་མོ་ཞིག་རེད་ཡ། དགའ་དབང་ཁོ་རང་མིག་དང་རྣ་བར་ཁྱེད་ཀྱི་གསུང་སྙན་པ་དང་གཟུགས་སོང་ན་བསྟོད་འཕྲིན་ལོས་སྐུར་ཡ།
ངས་ཀྱང་ལྷ་མོ་དབྱངས་ཅན་མའི་གསུང་རྣ་བས་མ་གོ་སྐུ་མིག་གིས་མ་མཐོང་རུང་བསྟོད་པ་བྱེད་ཁུལ་བྱེད་མྱོང་ཡ། དེ་བས་དགའ་དབང་གིས་བྱས་སྟངས་ལ་རིན་ཐང་ཡོད་ཀི་ཡ།
ད་མང་བོ་མི་བཤད་་་་་་་་་་་་
གཟུགས་མཛེས་སོང
སྐྱོ་བྲག་དགའ་དབང་འདི་གྲྭ་བ་ཞིག་ཡིན་ན་མྱོས་འདུག་ལ་་་་སྐྱ་བོ་ཞིག་ཡིན་ན་ལྕགས་མོ་འཚོའི་འཁྲུངས་ས་བསྐྱོན་ཚར་བ་ཞིག་ཡིན་པར་སོང་ ། གཞན་གྱི་བདག་དབང་ལ་ཧ་ཐོབ་བྱས་པས་མི་གཞིའི་ཀུན་སྤྱོད་དང་འགལ་བ་མ་ཟད་ལུང་པའི་ཁྲིམས་དང་ཡང་འགལ་འདུག །
བཀུར་འོས་ལྕགས་མོ་འཚོ་ལགས། ཐུགས་རྒྱལ་མ་གནང་། གང་ཡིན་ཞེ་ན། ཡི་གེ་སྔ་ཕྱི་གང་གི་ནང་ནའང་རང་ཉིད་མཁོས་མེད་གཉོམ་ཆུང་ཡིན་པའི་སྐད་ཆ་ལས། ཁྱེད་ལ་དམའ་འབེབས་ཀྱི་ཚིག་རྡོག་པོ་གཅིག་མེད་པ་ཡང་མཐོང་གསལ་རེད། ལྕགས་མོ་འཚོའི་འཕྲིན་ལན། དྲྭ་ཐོག་ཏུ་བཀོད་པ་ཡང་། རྩོམ་གྱི་ནང་དོན་ལ་ཕོག་ཐུག་འགྲོ་གཞི་མེད་ཕྱིར། སྤྱི་མཚུངས་བཏང་བ་ལས་རང་ངོས་ཀྱི་དམིགས་བྱ་གཞན་པ་གང་མེད། ཡིན་ནའང་། ང་ཚོའི་སྤྱི་ཚོགས་ནང་བུད་མེད་རྩོམ་པ་པོ་ཉུང་བ་སོགས་ལ་བརྟེན་ནས་ཁྱེད་རང་མི་སྣ་གྲགས་ཅན་ཆགས་པ་དེས། མཆན་འདེབས་པ་པོ་ཚོས་གང་བྱུང་བྲིས་ནས་གླེང་གཞིར་གྱུར་པ་རེད། དེ་ནི་ངའི་ལག་པར་ག་ལ་ཡོད། ངས་མཆན་ལན་བྲིས་པ་ནའང་། སྤྱི་བཏང་གི་ཡི་འབྲེལ་ཙམ་ལས་གཞན་པ་གང་མེད་པ། ཨ་ནན་བསྐྱར་ནན་དུ་བཀོད་ཡོད། ཚིག་ཟུར་ཙམ་ལ་གོ་རྒྱུ་ཡོད་པའི་གསུང་སྐད་ཆེན་པོ་བསྐྱོན་མ་གནང་། ཚིག་ཟེར་ཕྱོགས་དང་གོ་བ་ལེན་ཕྱོགས་ཡོང་མི་སྲིད་པ་མ་རེད། ང་རང་གི་བསམ་ཐོག་ཏུ་མ་སོང་བ་ཙམ་ལས། ཁྱོད་ལ་སོགས་པ་གང་ཟག་སུ་ཡང་ཁོང་ཁྲོ་སློང་འདོད་མེད་པས། དགོངས་ཡངས་གནང་རོགས་ཞུ་བགྱི་ཡིན།
ཨ་ཙི། ལྕགས་མོ་མཚོ་ཟེར་བ་སུ་རེད། དབྱིན་ཇིའི་རྒྱལ་མོ་འེ་རེད། དབྱིན་ཇི་རྒྱལ་མོ་ཡིན་ན་ཡང་དགའ་ན་དགའ་གི་ཟེར་ལོས་ཆོག གོང་དུ་ཅིག་གིས་ཆང་ས་བརྒྱབ་ན་དགའ་གི་ཟེར་ན་ལུང་པའི་ཁྲིམས་དང་འགལ་བ་རེད་ཟེར། ལུང་པ་གང་གི་རྩ་ཁྲིམས་ནང་ན་དགའ་གི་ཟེར་མི་ཆོག་པ་ཡོད།
སྐྱོ་བྲག་དགའ་དབང་འདི་ཡང་མཁན་པོ་ཞིག་ཡིན་ན་འདི་དགོན་པ་དེ་ཧ་ལས་པའི་སྐྱིད་པོ་ཞིག་ཡིན་ཚོད་འདུག ང་ཡང་དགོན་པ་དེར་འཇུག་རོགས། དགོན་པ་ནས་ཆང་འཐུང་ཞོར་དང་། བུ་མོ་ལ་དགའ་གི་ཟེར་ཞོར་ར་འདུག མ་གཞི་ནས་ཁྱེད་ཀྱིས་མཁན་པོའི་མིང་དེས་བུ་མོ་ཚོ་འགུག་འེ་ཐུབ། ངས་ཁ་སང་ནས་བཤད་ལ་མོ། ཕྱི་ལྟོས་ནས་འཇམ་པོ། གཅིག་འགྱུར་ན་སྟག་མོ་ཡིན་ནི་རེད་ཟེར་ཡོད། ད་ལུང་བསྟན་ཐོག་ཏུ་བབས་དང་ཟིག སྐྱོ་བྲག་དགའ་དབང་། ད་མེད་མུག་བཏོན་ནས་མ་འདུག སྡེ་ཁ་ཡ་བྱས་དང་ནི་རེད། ང་ཡིན་ན་རང་ཉིད་དགའ་ས་ཞིག་གིས་ལྷམ་མགོས་རྒྱབ་ན་ཡང་དགའ་ནས་འབར་འགྱོ་ཡ། ཧཧཧ
དྲྭ་གྲོགས་ཚོ། སྤྱིར་བཏང་བུ་བུ་མོར་དགའ་མ་ཆོག་པ་ཡོད་ནི་མ་རེད། ཡིན་ནའང་ཡིག་ལན་ནང་ཆེ་བརྗོད་བྲིས་པ་ཙམ་གྱིས་དེ་དེ་ལ་དགའ་ཤག་ཅེས་བཤད་ན་གདའ། ཧམ་བཤད་ཆེ་དྲགས་པ་ཡིན་འགྲོ།
དགའ་དབང་སྐྱོ་དྲགས་ཀྱི་རྩོམ་དེ་ངོ་མས་མིག་ལ་འགྲོ་བོ་ཞིག་བྱུང་མ་སོང་། མཁན་པོ་ཞིག་གིས་དེ་འདྲ་བྲིས་ན་འདྲ་མ་ཆགས་བ་ཞིག་རེད། ཨ་ཅེས་གསལ་བཤད་ནང་དུ། ༼༼མཁན་པོ་སྐྱོ་བྲག་དགའ་དབང་ཟེར་བ་དེས་ངེད་གཉིས་བར་གསང་བའི་འཕྲིན་འབྲེལ་ཞིག་ཡོད་ཁུལ་དང་ངས་མངོན་གསལ་གནང་འདོད་མེད་ཚུལ་གྱི་ལྐོག་བརྡ་རེ་ཟ་ཟུར་ན་ཐོན་བཞིན་པ་དང་།༽༽ཟེར་བ་འདིར་ཡོད་ཚད་འདུས་འདུག ཕྱིན་ཆད་བེ་རི་འཇིགས་མེད་དང་དགའ་དབང་སྐྱོ་དྲགས་སོགས་མཁན་པོ་དགེ་བཤེས་བརྩེ་དུང་གི་སྙན་ངག་འབྲི་མཁན་ཁ་ཤས་ཤིག་ཡོད་པ་ཚོས་ཚོད་ཚོད་ཅིག་བྱས་ན་དགའ་ས་རེད།
སྐྱོ་དྲག་དགའ་དབང་ཁྱོས་ཅི་ཟེར། ཁྱོས་ཆེ་བརྗོད་བྲིས་པ་ཙམ་ཡིན་འེ། འོ་ན་མི་དགའ་གི་ཟེར་བ་འེ་རེད། མི་དགའ་ན་དགའ་གི་ཡོད་མདོག་མདོག་ཅིའི་ཕྱིར་བྱས་པ་ཡིན། མི་དགའ་ན་དགའ་གི་ཡོད་མདོག་སྟོན་པ་དང་། དགའ་ན་མི་དགའ་མདོག་སྟོན་པ་དེ་ཚོ་ངོ་ནས་མིའི་སྤྱོད་པ་ཐན་གཏེའི་གྲས་རེད།
མ་གཞི་ད་ཐེངས་ལྕགས་མོ་མཚོ་ཟེར་བ་དེ་ཁ་བརྡ་ནང་དུ་གདན་འདྲེན་ཞུ་ཐུབ་པ་དེ་ཁྱེད་རང་གི་བཀའ་དྲིན་ཡིན། ཁྱོད་མིན་རྒྱུ་ན་འདི་ཁ་བརྡ་ནང་ལ་ཕེབས་པ་མཐོང་མ་མྱོང་ཡ།
ངེད་ཚོས་ཁ་བརྡ་ཟེར་ན་ཕ་ཡུལ་གྱི་རྒད་པོ་རྒད་མོ་ཚོས་ཁ་བརྡ་བྱེད་པ་ལྟར་བྱེད་ཆོག་ནི་རེད་བསམ་སོང་། ད་ཡིན་ན་ཨ་རིའི་གླིང་ཕྲན་ན་མི་སྦུག་སུ་དོག་པོ་མང་ནི་རེད། དེའི་སྟེང་ལ་དྲ་རྒྱ་དེ་ཚོ་ཡང་སྦུག་སུ་དོག་རུ་དོག་རུ་རེད་འདུག
ང་ཚོ་ལ་ས་མཚམས་འཛིན་པའི་གོམས་གཤིས་ཤིག་མེད་སོང་བ་རེད། ས་མཚམས་ཤིག་འཛིན་ན། ལྕགས་མོ་འཚོའི་རྩོམ་ལ་ལེགས་ཉེས་འབྱེད་ན་དེ་འོས་ཤིང་འཚམས་པ་རེད།
དེ་མིན་ལྕགས་མོ་འཚོའི་ཁྱིམ་གྱི་གནས་ཚུལ་བཤད་ན། བཤད་མཁན་དེ་ས་མཚམས་བརྒལ་ཟིན་པ་རེད། སྐད་ཆ་སྡུག་ཏུ་བཏང་ནས་བཤད་ན། “ཁྱེད་ལ་ཇུས་གཏོགས་ཡོད་མ་རེད། ཁ་ཚུམས།” ཞེས་བརྗོད་པའི་མཚམས་ལ་སླེབས་ཟིན་པ་རེད། དེ་བཞིན། རང་མིང་སྦས་ནས་གཞན་གྱི་སྒེར་དོན་ཐ་ན་ཁྱིམ་མིའི་གནད་དོན་ཡང་བཤད་ན་ དེ་དག་ཡ་རབས་མ་རེད། གལ་སྲིད་བཤད་མཁན་དེ་དགེ་སློང་ཞིག་ཡིན་ན། ཧ་ཅང་མ་འོས་པ་ཅིག་རེད། “གྲྭ་པའི་ཁ་དང་ཨ་ནེའི་XX”ཞེས་བཤད་སྲོལ་ཞིག་ཡོད་པ་རེད། ཡིན་ན་ཡང་། བཤད་སྲོལ་འདི་དངོས་གནས་དགེ་སློང་ཚུལ་ཁྲིམས་འཛིན་མཁན་ཞིག་གིས་གནང་འོས་པ་ཞིག་མ་རེད། དེ་ཚོ་སྤང་འོས་པའི་ངག་ཀྱལ་གྱི་གྲས་རེད། དགོངས་པ་བཞེས་ཤིག
གཞོན་ནུ་ཟླ་མེད་ལགས། ངས་སྤྱིར་བཏང་གཟུགས་བྱད་མཛེས་ལ་ཤེས་ཡོན་ལྡན་པའི་བུད་མེད་ཅིག་ལ་བལྟ་ཚུལ་གྱི་ཆེ་བརྗོད་ལས། དམིགས་བསལ་དགའ་དུངས་ཡོད་པའི་ཚིག་དངོས་ཤུགས་གང་ནའང་མེད། གལ་ཏེ་འདུག་ན་སྟོན་ཤོག་དང་། གསལ་བཤད་ཞུ་ཆོག །
འོ་རབ་གསལ་ལེ་ལེ། ངས་ཡང་བསྐྱར་སྐྱོ་བྲག་དགའ་དབང་འདི་ལ་གཅིག་བཤད་དགོ་དང་ཐ། འདིས་འདི་འདྲ་བྲིས་འདུག ༼སྤྱིར་བཏང་གཟུགས་བྱད་མཛེས་ལ་ཤེས་ཡོན་ལྡན་པའི་བུད་མེད་ཅིག་ལ་བལྟ་ཚུལ་གྱི་ཆེ་བརྗོད༽ཟེར་འདུག འོ་ན་ཤེས་ཡོན་ལྡན་པ་ལ་གཟུགས་བྱད་མཛེས་པས་བསྟོད་དགོས་པ་འེ་རེད། འོ་ན་བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་པར་རྒྱལ་བའི་སྡེ་སྙན་ངག་མེ་ལོང་དགོངས་འགྲེལ་དན་ཊི་དགོངས་རྒྱན་ན་བུ་སྟོན་རིན་ཆེན་གྲུབ་ལ་ཆེ་བརྗོད་བྱེད་སྐབས། གཟུགས་བྱེད་ལ་སྨད་པ་བྱས་འདུག་ཀ དེ་མ་འགྲིག་པ་འེ་རེད།
གཞོན་ནུ་ཟླ་མེད་ལགས། བུ་སྟོན་བུ་མོ་མ་ཡིན་ཕྱིར་རྗོད་སྟངས་འདྲ་ཡི་མ་རེད་ལ། ལྷག་པར་ཁོང་མིའུ་ཐུང་གཟུགས་བྱད་མཛེས་པོ་རང་མེད་མཁན་ཞིག་ཡིན་པའི་ལོ་རྒྱུས་རེད།
བུ་མོ་ལ་སེམས་ཤོར་ནས་སྙན་ངག་འབྲི་བ་དེ་ཤིན་དུ་ཕོ་གསར་ཡ་རབས་ཤིག་གི་བྱེད་སྟངས་རེད། རྒྱུ་མཚན་ནི། དེང་སང་གི་སྤྱི་ཚོགས་ཟང་ཟིང་འདིའི་ནང་མི་འདིའི་རིགས་ཡ་རབས་ལྡན་ལ་Romantic ཟེར་བ་འདི་ཆགས་ཡོད།
ཨ་རིའི་སྤྱི་ཚོགས་འདིའི་ནང་བུད་མེད་ཤིག་ལ་སེམས་ཤོར་ན། དང་པོ་ངོ་ཐུག་བརྒྱབ་ནས་ཁོ་མོ་འཐོབ་ཐབས་བྱེད་ཀྱི་རེད། དེ་ནས་ཡ་མ་བྱས་ན། ཨུ་ཚུགས་དང་གླེན་རྟགས་བཏོན་ནས་རག་ཐབས་བྱེད། ད་དུང་ཡ་མ་བྱས་ན། གོ་ཚོན་ཐོག་ནས་བཙན་ཁྲིད་བྱེད་ཀྱི་རེད། དེ་ནས་ཡ་མ་བྱས་ན། གསོད་ཀྱི་རེད། གསར་འགྱུར་ནང་དེ་འབྲེལ་གྱི་སྒྲུང་མང་པོ་འདུག
ཁ་སྔོན་བོད་པའི་ནང་ཆོས་བྱེད་མཁན་ཡིན་ཟེར་བའི་ཨ་རིའི་སྐྱེ་སྨན་ཞིག་གིས་ང་ལ་ཡི་གེ་ཞིག་བོད་ཡིག་ནང་སྒྱུར་རོགས་ཟེར། ཡི་གེ་དེ་བོད་པའི་བླ་མ་མིང་གྲགས་ཅན་ཞིག་ལ་བྲིས་འདུག ནང་དོན་གཙོ་བོ་དེ་ཁོ་མོ་བླ་མ་དེ་ལ་དགའ་པོ་ཡོད་པ། བརྩེ་གདུང་ཡོད་པ། མགྱོགས་མྱུར་མཇལ་ཐབས་ཡོང་བ། ད་དུང་། སྔོན་མ་ཕྲུ་གུ་ཞིག་ཆག་ཀྱང་ཤོར་རབ། ཐབས་བྱས་ཀྱང་ད་བར་འབྲས་བུ་མེད་པ་འདི་ལ་འཕྲོད་བསྟེན་གང་བྱེད་ན་ཕན་པ་སོགས་རེད།
ངས་ཕྲུ་གུའི་ཕ་དེ་སུ་རེད་ཟེར་སྐབས། རིན་པོ་ཆེ་རེད་ཟེར། ད་ལྟོས་དང་སྙང་ངག་པ་དེ་ཚོ་མི་སྡུག་ཀ་མ་རེད་པ།
འོ་ཡ་ད་ཡིན་ན་སྡེ་ཚངས་དབྱངས་ཚང་གིས་གསལ་བོ་གསུངས་ཐ། དགེས་པ་ཟིག་རེད། སྐྱོ་བྲག་དགའ་དབང་དེ་རིང་ནས་ངས་ཁྱོད་ལ་མི་སྡུག ཁྱོད་ཀྱིས་བྱེད་སྟངས་དེ་ཡ་རབས་ཀྱི་བྱེད་སྟངས་རེད་ཟེར་ནས་ངོས་འཛིན་ཐོབ་སོང་།
ཨ་ཅེ་ལྕགས་མོ་འཚོ་ལགས། འདི་ནི་ཚབས་པོ་ཆེ་གཞན་གང་ཡང་མ་རེད། སྤྱིར་བཏང་གི་གྲྭ་བ་སེམས་མགོ་མི་གནོན་པ་དག་ལ་མཚོན་ན། མོ་སྐད་ཅིག་རྣ་བས་གོ་དུས་འགྲིག་གི་རེད། ལྷག་པར་དུ་ཁྱེད་ལྟ་བུ་ཞིག་གིས་དྲ་བའི་དགེ་དབང་གི་ཡི་གེ་རེ་བཏང་བ་ན། དེ་ནི་ང་ལ་ཐོབ་མི་སྲིད་པ་ཞིག་ཐོབ་བྱུང་སྙམ་ནས་འཁྲུལ་སྣང་ཞིག་དང་། ད་དུང་བུད་མེད་ཅིག་གི་མི་ཚེར་དེ་འདྲའི་ཡི་གེ་ཞིག་སླེབས་མ་མྱོང་བ་སོགས་ཀྱིས་ཚ་འཁྲུལ་ལྟ་བུར་སོང་བ་ལོས་ཡིན། དེ་ལྟ་བུའི་གནས་ཚུལ་འོག་ནས་སྙན་ངག་གི་ཟོལ་འདྲ་བ་དེ་འདྲ་བྲིས་ནས་རིམ་གྱིས་ཁ་ཇེ་གསལ་ལ་གཏོང་བ་སོགས་བྱས་པ་རེད། མཐར་དེ་དག་དྲ་བ་དང་ཟིན་བྲིས་སོགས་སུ་འགོད་རྒྱུ་དྲན་པ་རེད། ལྷག་པར་དུ་མཆན་བུ་འདེབས་མཁན་དག་གིས་ཀྱང་དོག་གཞི་མང་བོ་བསླངས་པ་དང་དྲི་བ་ཡང་མང་བོ་དྲིས་པ་ན། ཁོས་ཀྱང་འདྲ་ཆགས་པོའི་ལན་དང་བཅས་ཨ་ཅེ་ཁྱེད་རེ་ཞིག་འདུག་བཟོད་མི་བདེ་བ་བཟོས་པ་རེད། ངས་བལྟས་ན་འདི་འདྲ་ནི་བོད་པའི་སྤྱི་ཚོགས་ནང་དུས་རྒྱུན་ཡོང་བསྡད་པ་ཞིག་རེད། དེའི་སྟབས་ཀྱིས་ལན་སོགས་གང་ཡང་མ་བརྒྱབ་ན་དྲག འདི་དང་འདི་ལྟ་བུ་མང་བོ་བརྒྱུད་ནས་རང་གི་འཚོ་བར་ཡང་བརྡབ་གསིག་མི་འབྱུང་བའི་ངེས་པ་མེད་ན། དུས་གཏན་ཏུ་ཡ་ལན་མ་སྤྲད་ན་ལེགས།
གནམ་ལྕགས་ལགས་ཀྱི་གསུང་སྟངས་ལ་བལྟས་ན། ལྕགས་མོ་འཚོའི་འཕྲིན་ལན། ཟེར་བའི་མཆན་རྣམས་ཁྱོན་ནས་མཐོང་ཡོད་ཟོ་མི་འདུག །མ་མཐོང་མ་ཤེས་བཞིན་སྤོམ་བཤད་བྱེད་པ་ནི་ངན་པ་ལང་ཤོར་དུ་སོང་བའི་རང་སྐྱོན་ཞིག་མིན་ནམ།
དོན་དག་ཆུང་ཆུང་ཆེན་པོ་མ་བཟོ་རོགས། སྙན་ངག་མཁན་ལ་ཅི་ཡང་རྒྱན་ཟེར་བ་ཙམ་ཡང་མི་ཤེས་སམ།
ཨ་ལགས་ཀླ་སྤྲུལ་རིན་པོ་ཆེ་ལ་བཀྲ་ཤིས་བདེ་ལེགས་ཡོད། མ་མཇལ་ནས་ཡུན་རིང་འགོར།
སྐྱོ་བྲག་དགའ་དབང་ལ་སྙན་ངག་གི་འགྲན་སློང་བཞིན་ཡོད། གཞན་པ་སུ་ལ་ཡང་བརྗོད་ཀྱི་མེད།
སྐྱོ་དང་མ་སྐྱོ་སྐྱོ་ནས་ལྕེ་ཡིས་སྐྱོ་མ་ལྡག་བཞིན་མགོ་བོར་བྲག་ལ་བརྡབ།།
བྲག་རི་བེམ་པོ་ཡིན་ཡང་བྲག་གི་ཟུར་ནས་སེམས་གསོ་བྲག་ཅ་རོལ་མོར་འཁྲོལ།།
དགའ་བའི་སྙན་ངག་འབྲི་བཞིན་དགའ་བའི་རི་ལ་འཛེགས་ནས་དགའ་བའི་གླུ་དབྱངས་ལེན་སྙིང་འདོད།།
དབང་ཆེན་མི་ཡི་སྲས་མོ་ལྷ་ཆེན་དབང་ཕྱུག་བཞུགས་སའི་ཕོ་བྲང་ལས་ཀྱང་ལྐོག་ཏུ་གྱུར།།
དབང་བོའི་རྡོ་རྗེ་ནང་དུ་བཀུག་ནས་ད་ནི་རང་སེམས་རང་གིས་གཅུན་ལ་དབང་།།
དགའ་བའི་ཁ་ཕྱོགས་མི་སྡུག་ཏིང་འཛིན་སྒོམ་པའི་ཕྱོགས་ལ་དགའ་གྱུར་ནས།།
བྲག་རིའི་ལོག་གྱི་བྲག་ཐོ་བཞིན་དུ་བྲག་ཁུང་སྐམ་པོ་ནང་དུ་འགུལ་མེད་ཁ་རོག་སྡོད།།
སྐྱོ་བོ་ཁྱོད་འདྲ་ཞིག་ལ་སྐྱོ་བའི་ཁ་སྟབས་དེ་ལས་མེད་ན་སྐྱོ་བོ་ས་ནས་སྡོད་པར་རིགས།།
རྣམ་རྟོག་སྣང་བའི་མགོ་བོ་བྲག་ལ་བརྡབས།།
བྲག་ཅའི་ང་རོ་མི་འཇིགས་དབྱིངས་ལ་མཆེད།།
དེ་མཐའི་མཁན་པོ་སྐྱོ་བྲག་དགའ་དབང་སོགས།།
ནུབ་ཕྱོགས་ཡུལ་དུ་སྟོན་པའི་ཞབས་འདྲེན་ཉིད།།
ཁྱོ་ལྡན་མཛེས་མའི་རུམ་ཡིད་སྐྱེད་པ་འདི།།
མི་སྲིད་པ་ཞིག་གཏན་ནས་མིན་ནའང་།།
སྐྱེ་འགྲོར་སྐྱབས་འགྲོ་འཆད་པའི་དགེ་སློང་དག།
སྤང་བར་བྱ་བ་བདག་ཀྱང་རྟོགས་སོ་ལོ།།
ཀྱེ་མ་སྟོན་མཆོག་མི་ཡི་སེང་གེ་ཁྱོད།།
འདས་ནས་བགྲང་བྱ་ཉིས་སྟོང་ལྔ་བརྒྱའི་མཚམས།།
ཁྱེད་ཀྱི་རྗེས་འཇུག་ཚུལ་ཁྲིམས་འཛིན་པ་དག།
ནུབ་གླིང་ཡུལ་དུ་སྨྱོ་བའི་ཚུལ་འདིར་དགོངས།།
མཛེས་མའི་སྐད་ཀྱིས་བཟི་བ་མིན་ན་ཡང་།།
ཆགས་པའི་དམར་མདངས་རྒྱས་པ་བདག་གིས་མཐོང་།།
ཉི་ཤར་སྤར་མོས་འགེབས་པའི་གླེན་རྟགས་ཀྱིས།།
སྐྱོ་བྲག་དགའ་དབང་ངུ་བ་ཨ་ཙ་མ།།
བྱས་པའི་ལས་དེ་ཆུད་དུ་མི་ཟ་ཞིང་།།
མ་བྱས་པ་ལ་འཕྲད་པར་མི་འགྱུར་ཞེས།།
དམ་པ་གོང་མས་ཡང་ཡང་གསུངས་པ་དེ།།
བདེན་པའི་ངོ་བོ་དེ་རིང་འདི་ཀོ་ལགས།།
བདག་ནི་བདེན་པའི་རྒྱབ་ཀྱི་གནམ་ལྕགས་ཏེ།།
སྐྱོན་ཅན་ཀླད་ཞོ་ཟ་བའི་སྲིན་པོ་ཉིད།།
འཇིགས་མེད་ལྕགས་ཀྱི་སྙིང་ཁམས་གྲུབ་པ་འདི།།
བདག་གི་ཕ་དང་མ་ཡིས་སྐྱེད་པའོ།།
འདི་ཡང་ཟླ་བ་གཞོན་ནུ་ལ་རྟིང་གནོན་གྱི་ཚུལ་དུ་གཞོན་ནུ་གནམ་ལྕགས་ཀྱིས་བྲིས་སོ།།