ཆང་སྐྱེས།
དེ་རིང་ཁ་བ་བབས་བྱུང
འཁོར་ཡུག་དང་རི་བོ
ལྗོན་ཤིང་དང་ལོ་མ
ཡོད་ཚད་ནས་ཡོད་ཚད་དཀར་བང་ངེ
ལྷོད་འཇགས་སེ
དེ་རིང་ཁ་བབས་བྱུང
ཁ་བའི་འདབ་མ་རེ་རེ
མེ་ཏོག་གི་ཚུལ་ཏུ
ཁྲུང་ཁྲུང་གི་སྲོལ་ཏུ
མཁའ་ནས་ལྡིང་སྟེ་ས་ལ་བབས
དེ་རིང་ཁ་བ་བབས་བྱུང
མིག་ཟུང་རྒྱང་རིང་ལ་གཏད་དེ
སེམས་པ་ཁ་བ་ལ་གླན་དུས
ཁ་བའི་མཛེས་སྡུག་མཐོང་སོང་ལ
ཁ་བའི་སྟངས་སྟབས་ཀྱང་རིག་སོང
དེ་རིང་ཁ་བ་བབས་བྱུང
དེ་རིང་གི་ཁ་བ་འབབ་སྟངས་འདི
ཕ་ཡུལ་གྱི་ཁ་བ་འབབ་སྟངས་དང ཨ་ན་མ་ན་རེད
དེ་རིང་གི་ཁ་བའི་ཁ་དོག་ཀྱང
ཕ་ཡུལ་གྱི་ཁ་བའི་ཁ་དོག་བཞིན་དཀར་པོ་དཀར་རྐྱང་རེད
དེ་རིང་ཁ་བ་བབས་བྱུང
གློ་བར་ཏུ་མང་པོ་ཞིག་དྲན་བྱུང་ལ
མང་པོ་ཞིག་གླེང་ཡང་དགོས་བྱུང