གངས་དཀར་སེམས་ཀྱིས་བསྒྱུར།
མཱན་ཊི་ལིན་ཁ་ཐི་རོན་ Mandy Len Catron གྱིས་དེང་རབས་ཀྱི་བརྩེ་དུང་ཞེས་པའི་ལེའུ་ནང་ངོ་ཤེས་ཙམ་གྱི་མིའི་དབར་གང་མགྱོགས་དགའ་རོགས་ཆག་ཐབས། ཅེས་པའི་རྩོམ་ཞིག་སྤེལ་བའི་ནང་སེམས་ཁམས་རིག་པའི་མཁས་དབང་ཨཱ་ཋོ་ཨ་རོམ་ Arthur Aron བཅས་ཀྱི་དེའི་ཞིབ་འཇུག་གྲུབ་དོན་སྐོར་བཤད་ཡོད་པ་རེད། དེ་ནི་ངོ་ཤེས་པ་ཙམ་གྱི་མིའི་དབར་འབྲེལ་བ་དམ་ཟབ་ཡོང་ཐབས་ལ་ཕན་ཚུན་དམིགས་བསལ་སྒེར་དང་འབྲེལ་བའི་དྲི་བ་འགའ་དྲིས་ནས་བརྩེ་ཚོར་ཟབ་ཏུ་གཏོང་ཐུབ་པའི་སྐོར་རེད།
དྲི་བ་ ༣༦ འདི་དག་ལེའུ་གསུམ་ལ་བགོས་ན། རིམ་གྱིས་དྲི་བ་གཏིང་ཟབ་ཏུ་འགྲོ་གི་ཡོད།
རིག་པའི་གཞུང་ལུགས་འདིའི་གཙོ་གནད་ནི་ཕན་ཚུན་དབར་གྱི་ཉམས་སྐྱོ་ས་གླེང་བས་སེམས་ཉེ་རུ་གཏོང་ཐུབ་པ་དེ་ཡིན། ཞིབ་འཇུག་འདིའི་རྩོམ་པ་པོ་རྣམས་ཀྱིས་ཕན་ཚུན་དབར་འབྲེལ་ལམ་དམ་ཟབ་འགྲོ་སྟངས་ནི་དེ་རྒྱུན་མཐུད་དང་མཐོར་འདེགས་ཡོང་རྒྱུ། ཕན་ཚུན་དབར་སྒེར་གྱི་གནས་སྟངས་དྲང་པོ་དྲང་བཞག་སྒོ་ནས་ཡོང་རྒྱུ་ཡིན་སྐོར་བཤད། རང་གཞན་གཉིས་ཀའི་ཕྱོགས་ཀྱི་ཉམས་སྐྱོ་ས་མཉམ་མྱོང་བྱེད་པ་དེ་ཧ་ཅང་དཀའ་ཚེགས་ཅན་ཞིག་ཡིན་སྲིད། འོན་ཀྱང་གཤམ་གྱི་སྦྱོང་བརྡར་འདིས་ཁྱོད་ཀྱིས་དེ་འདྲ་ཐུབ་པར་བསྐུལ་འདེད་ཤུགས་ཆེན་བྱེད་ཀྱི་ཡོད།
མཱན་ཊི་ལིན་ཁ་ཐི་རོན་དང་མོའི་གྲོགས་པོས་རྩོམ་ནང་ཚོད་ལྟ་བྱས་པའི་མཐའ་མའི་གནད་དོན་དེ་ནི་ཕན་ཚུན་ངོ་དང་ངོ་གཏད་དེ་སྐར་མ་བཞི་ཙམ་ལྟ་ནས་བསྡད་རྒྱུ་དེ་རེད། རྩོམ་ནང་དེའི་བརྒྱུད་རིམ་སྐོར་ཞིབ་ཕྲ་བཀོད་མེད། དོན་དངོས་ཐོག་སྐར་མ་གཉིས་ནས་བཞི་བར་གང་རུང་བྱས་ན་འགྲིག་གི་ཡོད། འོན་ཀྱང་མོས་ཐེ་ཚོམས་སྤུ་ཙམ་མེད་པའི་སྒོ་ནས་ཚོད་ལྟ་དེ་སྤྱི་ཁྱབ་ཀྱིས་གཞན་ལ་ངོས་སྦྱོར་བྱས། མོས་སྐར་མ་གཉིས་ཕན་ཚུན་བལྟས་པ་དེས་གྲུབ་འབྲས་ཀྱང་ཧ་ལས་པ་ཐོན་གྱི་ཡོད། སྐར་མ་བཞིས་ཕན་ཚུན་བལྟས་པ་དེར་ནུས་པ་ཧ་ཅང་ཆེན་པོ་ཐོན་གྱི་རེད། ཅེས་ང་ལ་བཤད་བྱུང་།
ལེའུ་དང་པོ།
༡། གལ་ཏེ་འཇིག་རྟེན་ཐོག་གི་མི་ཡོངས་རྫོགས་ནས་གཅིག་གདམ་ཆོག་ཚེ་ཁྱོད་སུ་མཉམ་དགུང་ཟས་རོལ་སྲིད།
༢། ཁྱོད་རང་སྐད་གྲགས་ཆག་འདོད་དམ། ཐབས་ལམ་ཅི་འདྲའི་སྒོ་ནས་དེ་ཡོང་ཐབས་བྱ་རྒྱུ་ཡིན།
༣། ཁ་པར་མ་གཏོང་སྔོན་སོ་སོས་ག་རེ་བཤད་དགོས་མིན་སྦྱོང་བརྡར་བྱ་སྲིད་དམ། རྒྱུ་མཚན་ཅི་ཡིན།
༤། ཁྱོད་ལ་མཚོན་ན་ཧ་ཅང་འཐུས་ཚང་ཞེས་པའི་ཉིན་གཅིག་གང་འདྲ་ཞིག་ཡིན་དགོས་སམ།
༥། སོ་སོས་རང་བཞིན་གྱིས་གཞས་ག་དུས་བཏང་ཡོད། ག་དུས་གཞན་ལ་གཞས་བཏང་ངམ།
༦། གལ་ཏེ་ཁྱོད་ལོ་ ༩༠ སོན་ཐུབ་པ་དུས་མཚུངས་ཐོག་མཐའ་བར་གསུམ་དུ་ལོ་ ༣༠ ཡི་རིག་པ་དང་ཡང་ན་ལུས་ཀྱི་བདེ་ཐང་ཉར་ཐུབ་ཡོད་ཚེ། ཁྱོད་ཀྱིས་རིག་པ་གདམ་མམ་ཡང་ན་གཟུགས་པོ་བདེ་ཐང་གང་ཞིག་གདམ་སྲིད་དམ།
༧། དེ་སྔོན་ཁྱོད་ཀྱིས་གསང་བའི་ཐོག་སོ་སོ་ཇི་ལྟར་ཤི་མིན་སྔོན་དཔག་གམ་དེ་འདྲ་ཚོར་མྱོང་ངམ།
༨། ཁྱོད་དང་དགའ་རོགས་གཉིས་ལ་གཅིག་མཚུངས་ཀྱི་ཁྱད་ཆོས་ཡོད་པ་གསུམ་ཤོད་དང་།
༩། མི་ཚེའི་ནང་གནས་སྟངས་ཅི་འདྲ་ཞིག་ལ་རྗེས་སུ་ཡིད་རང་བྱེད་གྱི་ཡོད་དམ།
༡༠། གལ་ཏེ་ཁྱོད་ཀྱིས་གཞན་གྱིས་ཁྱོད་གསོས་མྱོང་བའི་རྒྱུན་རིམ་ནང་གི་དོན་དག་གཅིག་འགྱུར་བ་གཏོང་ཐུབ་ན། གནས་དོན་དེ་ག་རེ་ཡིན་དགོས་སམ།
༡༡། སྐར་མ་བཞིའི་ནང་གང་ཐུབ་ཀྱིས་དགའ་རོགས་ལ་ཁྱོད་ཀྱི་མི་ཚེའི་ལོ་རྒྱུས་ཞིབ་ཕྲ་ཅི་ཆེ་བཤད་ཐབས་བྱོས།
༡༢། སང་གཉིད་སད་དུས་ཁྱོད་ལ་ཡོན་ཏན་དང་ནུས་པ་ཞིག་འབྱུང་ན་ཁྱོད་ཀྱི་ནུས་པ་ཅི་ཞིག་ཡིན་ན་བསམ་སྲིད།
ལེའུ་གཉིས་པ།
༡༣། གལ་ཏེ་ཆུ་ཤེལ་སྤོ་ལོ་ཆུང་ངུ་ཞིག་གིས་སོ་སོའི་མི་ཚེ་དང་མ་འོངས་པའི་གནས་ཚུལ་ཅི་ཡོང་བཤད་ཐུབ་ཚེ། ཁྱོད་ཀྱིས་དེ་ཤེས་འདོད་ཡོད་དམ།
༡༤། ཁྱོད་ལ་ཐོག་མཐའ་བར་གསུམ་དུ་བྱ་བསམ་ཡང་བྱས་མེད་པའི་རྨི་ལམ་ལྟ་བུའི་བྱ་བ་ག་རེ་ཡོད། དེ་མངོན་འགྱུར་ཡོང་ཐབས་མ་བྱས་པའི་རྒྱུ་མཚན་ཅི་ཡིན།
༡༥། ཁྱོད་ཀྱི་མི་ཚེའི་ནང་གི་བྱས་རྗེས་ཆེ་ཤོས་དེ་ག་རེ་ཡིན།
༡༦། མཛའ་བརྩེ་དུམ་ཞིག་གི་ནང་ཁྱོད་རང་གིས་རིན་ཐང་ཆེ་ཤོས་དེ་ག་རེ་མཐོང་གི་ཡོད།
༡༧། ཁྱོད་ཀྱི་རིན་ཐང་ཆེ་ཤོས་ཀྱི་ཕྱི་དྲན་དེ་ག་རེ་ཡིན་ནམ།
༡༨། ཁྱོད་ཀྱི་ཆེས་སྡུག་ཤོས་ཀྱི་དྲན་གསོ་དེ་ག་རེ་ཡིན་ནམ།
༡༩། གལ་ཏེ་ཁྱོད་ལོ་གཅིག་གི་ནང་ཚུད་ཤི་འགྲོ་བ་ཤེས་ན་ཁྱོད་ཀྱིས་ད་ལྟའི་འཚོ་བའི་གོམས་གཤིས་དེར་འགྱུར་བ་གཏོང་སྲིད་དམ། རྒྱུ་མཚན་ཅི་ཡིན།
༢༠། གྲོགས་དབར་གྱི་མཛའ་བརྩེ་དེས་ཁྱོད་ལ་མཚོན་ན་དོན་སྙིང་ཅི་ཞིག་ཡིན་བསམ་གྱི་འདུག
༢༡། བརྩེ་དུང་དང་མཛའ་བརྩེས་ཁྱོད་ཀྱི་འཚོ་བའི་ནང་ངོ་བོ་ཅི་འདྲ་ཞིག་གི་ཐོག་ནས་གནས་ཡོད།
༢༢། ཁྱོད་དང་དགའ་རོགས་གཉིས་ཀས་རིམ་པ་བཞིན་ཕ་རོལ་པོའི་ཀུན་སྤྱོད་བཟང་པོ་ལྔ་རེ་ཤོད།
༢༣། ཁྱོད་ཀྱི་ཁྱིམ་མིའི་དབར་འབྲེལ་བ་དམ་ཟམ་དང་དྲོད་སྐྱིད་ལྡན་པ་ཞིག་ཡོད་དམ། ཁྱོད་ཀྱིས་སོ་སོའི་བྱིས་པའི་དུས་དེ་གཞན་ལས་དགའ་སྤྲོ་ལྡན་པ་ཞིག་ཚོར་གྱི་ཡོད་དམ།
༢༤། ཁྱོད་དང་ཨ་མའི་དབར་གྱི་འབྲེལ་བ་དེ་ཅི་འདྲ་ཞིག་ཡིན།
ལེའུ་གསུམ་པ།
༢༥། ཚང་མས་ང་ཚོ་ཞེས་པའི་མིང་ཚིག་ཐོག་ནས་ཚིག་སྒྲུབ་གསུམ་རེ་བཟོས། དེའི་ནང་དོན་དངོས་གནས་སྟངས་ཚུད་དགོས། དཔེར་ན་ང་ཚོ་གཉིས་ཁང་པའི་ནང་བསྡད་ཡོད་ཅིང་ཚོར་སྣང་ལ་་་ལྟ་བུའོ།
༢༦། ངའི་རེ་བ་ལ་ག་གེ་མོ་དང་མཉམ་དུ་་་ཞེས་པའི་ཚིག་སྒྲུབ་འགྲུབ་པ་བྱོས།
༢༧། གལ་ཏེ་ཁྱོད་ཕ་རོལ་པོ་དང་སེམས་ཐག་ཉེ་བའི་གྲོགས་པོ་ཆག་འདོད་ན་ཕ་རོལ་པོས་ཁྱོད་ཀྱི་སྐོར་གལ་ཆེན་བྱ་བ་གང་ཤེས་དགོས་པའི་སྐོར་ཤོད།
༢༨། ཁྱོད་ཀྱིས་ཕ་རོལ་པོའི་ལུས་ལ་ཡོད་པའི་གཤིས་སྤྱོད་གང་ལ་དགའ་མགུ་ཡོད་པའི་སྐོར་ཧ་ཅང་དྲང་བདེན་གྱི་སྒོ་ནས་ཤོད། དེ་སྤྱི་བཏང་གི་གནས་སྟངས་འོག་ནས་ཕན་ཚུལ་ངོ་ཤེས་ཙམ་ལ་བཤད་སྟངས་ལྟ་བུ་ཁྱོན་ནས་མིན།
༢༩། ཕ་རོལ་པོ་དང་ཚེ་སྲོག་ནང་ངོ་གནོང་དང་ཁ་སྐྱེངས་པའི་དུས་ཀྱི་གནས་ཚུལ་མཉམ་མྱོང་དང་ཤོད་རས་བྱོས།
༣༠། ཁྱོད་གཞན་གྱི་མདུན་ངུས་པའི་དུས་མཐའ་མ་དེ་ག་དུས་རེད། སོ་སོ་གཅིག་པུར་ངུས་པའི་དུས་ག་དུས་རེད།
༣༡། ཁྱོད་ཀྱིས་ཕ་རོལ་པོའི་གཟུགས་པོའི་ཐོག་གི་གཤིས་སྤྱོད་ཅི་འདྲ་ཞིག་ལ་དགའ་སྣང་བྱུང་ཚུལ་སྐོར་ཤོད།
༣༢། གལ་ཏེ་ཁྱོད་ལ་གནས་སྟངས་འདི་འདྲ་ཞིག་བྱུང་མྱོང་ན། ཁྱོད་ཀྱིས་གནས་ཚུལ་གང་འདྲ་ཞིག་ལ་ནན་ཏན་ཧ་ཅང་དགོས་པ་ལས་རྩེད་མཚར་ཚུལ་གྱིས་བཤད་མི་རུང་བར་ཚོར་གྱི་ཡོད་དམ།
༣༣། གལ་ཏེ་ཁྱོད་དོ་དགོང་ཤི་སོང་ན། ད་དུང་གཞན་དང་འབྲེལ་བ་བྱེད་པའི་གོ་སྐབས་མེད་ན། དེ་སྔོན་ཁྱོད་ཀྱིས་གཞན་ལ་སྐད་ཆ་དེ་མ་བཤད་པའི་རྐྱེན་གྱིས་འགྱོད་པ་སྐྱེ་བཞིན་ཡོད་དམ། ཁྱོད་ཀྱི་ད་བར་ཁོ་ཚོར་སྐད་ཆ་དེ་དག་མ་བཤད་པའི་རྒྱུ་མཚན་ཅི་ཡིན།
༣༤། གལ་ཏེ་ཁང་པར་མེ་ཤོར་ཞིང་ཁྱོད་ལ་ཡོད་པའི་ཅ་དངོས་ཡོངས་དེར་ཡོད་ཚེ། ཁྱིམ་མི་དང་ཁྱིམ་ནང་གི་སྲོག་ཆག་གཞན་སྐྱབས་རྗེས་ད་དུང་ཁྱོད་ལ་མཐའ་མ་ཁང་པའི་ནང་འཛུལ་ནས་ཅ་དངོས་ཤིག་ཕྱིར་འཁྱེར་བའི་གོ་སྐབས་ཡོད། སྐབས་དེར་ཁྱོད་ཀྱིས་ག་རེ་སྐྱབས་བརྩིས་ཡོད་དམ། རྒྱུ་མཚན་ཅི་ཡིན།
༣༥། ཁྱོད་ཀྱི་ཁྱིམ་མིའི་ནང་སུ་འདས་སོང་ན་ཁྱོད་ལ་སྡུག་ངལ་ཆེ་ཤོས་དེ་ཡོང་སྲིད། རྒྱུ་མཚན་ཅི་ཡིན།
༣༦། སྒེར་གྱི་གནད་དོན་ཞིག་ཤོད། ཕ་རོལ་པོར་གལ་ཏེ་གནད་དོན་དེ་འདྲ་འབྱུང་ན་ཐག་གཅོད་ཇི་ལྟར་དགོས་མིན་དྲིས། གཞན་ཕ་རོལ་པོ་ནས་ཀྱང་ཁྱོད་ཁོ་ཚོའི་མིག་ནང་དང་། ཁྱོད་ཀྱི་གནད་དོན་དེའི་སྐོར་བསམ་ཚོར་ཅི་འདྲ་ཡོད་མེད་དྲང་པོ་བཤད་བཅུག་དགོས།
མ་རྩོམ་གྱི་འབྲེལ་ཐག