ཤ་ཀླན་འཇམ་དབྱངས་གྲགས་པ།
གཞིས་གྲོང་གསུམ་པའི་ཧེ་ཉག་བརྒལ་དུས།
ཁྱེད་ཀྱིས་གསེར་ཏོག་ཅིག་མཐོང་འོང་ཞིང་།
དུས་ཡུན་སྐར་ཆ་གཅིག་གི་ནང་།
རྒྱ་ཕིབས་དང་འདུ་ཁང་ཡོངས་རྫོགས་གསལ་ལྷོང་ངེར་མཐོང་འོང་།
བལྟས་ཚོད་ལ་བྱིན་བརླབས་ཀྱི་མཚོན་ཁ་འབར་མདོག་ཁ་ལ།
བལྟས་ཚོད་ལ་ཞི་བདེ་ཡི་སྣང་བ་སྦྱིན་མདོག་ཁ་བས།
ཁྱེད་ཀྱིས་འཚོལ་བཞིན་པའི་སེ་རར་འཁྲུལ་ཉེན་ཡང་ཡོད།
དེ་དུས་ཁྱེད་རྦད་དེ་འཁྲུལ་ཞིང་རྩ་བ་ནས་ནོར་བ་རེད།
ཁོ་ཚོ་ཤེས་རིག་འོད་སྣང་སྩོལ་བའི་ཙོང་ཁ་བའི་སློབ་མ་མིན་ལ།
ཞི་བདེ་ཕྱག་གིས་འདེགས་པའི་རྒྱལ་དབང་གང་གི་དངོས་སློབ་ག་ལ་ཡིན།
ཁོ་ཚོ་གཤིན་འདྲེ་ཡི་དམ་དུ་བསྟེན་པའི་དཔུང་ཁག་ཅིག་དང།
ཨ་ཞང་ཚང་ལ་དྲིན་ལན་འཇལ་བཞིན་པའི་མངོན་པར་མི་གསལ་
བའི་དམག་མི་ཧྲག་བསྡུས་འགའ་རེད།
སྐྱབས་རྗེ་ཕ་བོང་ཁ་འཇིག་རྟེན་དུ་ཕེབས་དུས།
མི་སྐོར་ཞིག་རྩ་བ་ནས་གོ་བ་མ་ལེན་ཞིང་།
སླར་དག་ཞིང་དུ་ཕེབས་དུས་ཀྱང་།
མི་དེ་ཚོ་འཇིག་རྟེན་དུ་བསྐྱུར་ནས་ཕེབས་དགོས་བྱུང་།
ཕྱིས་སུ་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེས་ཀྱང་།
མི་དེ་ཚོ་གོ་བ་མ་ལེན་པར་ཕེབས་དགོས་བྱུང་།
ཏག་ཏག་ལ་མི་དེ་ཚོ་ཁོ་ཚོའི་དགེ་རྒན་ནམ་ཕ་རྒན་རེད།
ད་ལྟའང་ད་དུང་། ཁོ་ཚོས་ཕ་བོང་ཁའི་ཞབས་ནས་འདྲེན་
བཞིན་པར་བསམ་ན།
ཁོ་ཚོའི་མི་རྒྱུད་འདི་ཅི་འདྲའི་སྡུག་སེམས་གནག་ཨང་།
ངས་གཞིས་གྲོང་གསུམ་པའི་ཧེ་ཉག་བརྒལ་ཐེངས་རེར།
ཁོ་ཚོའི་ཕྱོགས་སུ་མཆིལ་ཞགས་རེ་འཕངས་ཤིང་།
ལྷ་ས་དག་པའི་ཞིང་ལ།
མ་དག་གཟེར་མ་ར་མགོ་ཞེས་སྡིགས་དམོད་རེ་བོར་བ།
སྟོན་པའི་ཞབས་ལ་གཏུག་མཁན་ཞིག་ལ་དེ་ཙམ་མཛའ་མི་སྲིད་ཀྱང་།
ཁོ་ཚོའི་ནང་དམོད་དེ་བསམ་ན། ནང་སྙིང་རུལ་བ་དེ་མཐོང་ན།
ངས་ནམ་ཡང་འགྱོད་བཤགས་བྱེད་མི་འདོད།
༢༠༡༠ ༦ ༩ཉིན་སེ་ར་ནས།
(གསལ་བཤད།
གཞིས་གྲོང་གསུམ་པའི་ཧེ་ཉག་ནས་དང་པོ་མཇལ་འོང་བ་དེ་རྒྱལ་བའི་ཅི་གསུང་བཀའ་སྒྲུབ་མཁན་ཞུ་མཁན་གྱི་སེར་སྨད་གྲྭ་ཚང་དང་སེ་རའི་བླ་སྤྱིའི་འདུ་ཁང་ཡིན་ལ་གོང་དུ་འཆད་བཞིན་པ་དེ་སེ་རའི་མཐའ་ན་གནས་པ་དེ་ཡིན།)
སྐྱུར་མོ། ཁག་ཏིག
མངར་མོ་དག་དག་སུས་སྤྲོད་ཐུབ། ཁྱེད་ཀྱི་དོན་འདི་ཡིན་ན། དགོངས་དག་ཀུ་རེད་ཡིན།
ཀུ་རེད་མ་རེད། ཀུ་རེ་རེད།