དམུ་དར་རྒྱས།
ཁ་སང་ང་དང་འཐབ་གྲོགས་ཁག་ཅིག་གིས་གླེང་མོལ་མང་ཙམ་བྱས། དེ་དུས་ངས་རང་ཉིད་སྐུ་ངོ་འབྲོང་ཆུང་ལ་འོས་ཤོག་གི་རྒྱབ་སྐྱོར་བའི་གྲས་ནས་ཕྱིར་འཐེན་བྱེད་ཀི་ཡིན་ལབ་ཡིན། ཁག་ཅིག་གིས་བསམ་ཤེས་བྱེད་ཀི་འདུག འགས་ཁྱེད་རང་ལ་རང་ཚུགས་མི་འདུག བྱབ་སྐྱེལ་མཁན་རེད་ཟེར་གི་འདུག དེ་རིང་ངས་ཁོང་ཚོ་ལ། ངའི་རང་ཚུགས་ཤོར་སྟངས་དང་བྱབ་སྐྱེལ་སྟངས་ཞུ་གི་ཡིན། རྩོམ་ཡིག་འདི་ཀློག་མཁན་གཞན་ཚོ་དབུགས་རླུང་སྟོད་ལ་འཚང་བ་སོགས་མ་གནང་ཨ།
འཐབ་གྲོགས་ཚོ། ཁ་སང་བཤད་པ་བཞིན་ཡིན། རིང་ཙམ་ནས་བཤད་ན། ངའི་ཉིས་སྟོང་བཅུ་གཅིག་ལོའི་སྲིད་སྐྱོང་འོས་མི་ནི་སྐུ་ངོ་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་དང་། བཅུ་དྲུག་ལོའི་སྲིད་སྐྱོང་འོས་མི་ནི་སྐུ་ངོ་སྤེན་པ་ཚེ་རིང་དང་། ད་ལོའི་འོས་མི་ནི་སྐུ་ངོ་འབྲོང་ཆུང་དངོས་གྲུབ་ཡིན། ད་ཆ་ངས་ཡང་བསྐྱར་འགྱུར་བ་གཏོང་གི་ཡོད། སྐུ་ངོ་འབྲོང་ཆུང་ལ་འོས་ཤོག་གི་རྒྱབ་སྐྱོར་བའི་ཁོངས་ནས་ཕྱིར་འཐེན་བྱེད་ཀི་ཡིན། བྱབ་སྐྱེལ་ཡོད་ནའང་འདྲ། རང་ཚུགས་ཤོར་ཡོད་ནའང་འདྲ། གནས་སྐབས་རིང་འདི་ལྟར་བྱེད་དགོས་པར་མཐོང་གི་ཡོད།
མི་རབས་རྒན་པ་བརྒྱ་ཆ་དགུ་ཅུ་གོ་དགུ་ལྷག་ནི་རྒྱ་ཆེ་སར་ཐུགས་བསམ་བཞེས་མཁན་ཡིན་པ་ནང་བཞིན། སྐུ་ངོ་འབྲོང་ཆུང་ཡང་དེའི་གྲས་ཀྱི་གཅིག་ཡིན་པར་ངོས་འཛིན་ཞུ་གི་ཡོད་ལ་ངོས་འཛིན་ཞུ་ཕྱོགས་དེ་ད་དུང་ཡང་རང་འཇགས་ཡིན། འོན་ཀྱང་། ང་རང་སྐུ་ངོ་འབྲོང་ཆུང་ལགས་ལ་རྒྱབ་སྐྱོར་བའི་ཁོངས་ནས་ཕྱིར་འཐེན་བྱས་པ་ནི་སྐུ་ངོ་ཁོང་གི་གནང་སྟངས་ཤིག་ལ་མཐོང་ཚུལ་གཞན་པ་བྱུང་བ་དེ་འདྲ་མིན། ཁ་སྔོན་ཁ་བརྡ་དྲ་དེབ་ཏུ་གཞུང་ཞབས་ཟུར་པ་བཀྲ་ཤིས་ཟེར་བ་ཞིག་གིས་སྐུ་ངོ་འབྲོང་ཆུང་གི་གནས་སྟངས་སྐོར་ལ་རྩོམ་ཞིག་སྤེལ་སོང་བ་དང་། དེར་བཀྲ་ཤིས་རྣམ་རྒྱལ་ཟེར་བ་ཞིག་གིས་ལན་འདེབས་རྩོམ་བྲིས་སྤེལ་སོང་བ་གཉིས་ནི་གདོང་ཐུག་ཞེད་སྣང་ཚ་བོ་ཞིག་རེད། ཡང་ཁོང་གཉིས་ཀྱི་གླེང་སྟངས་དེ་འཁྱེར་ནས་འབྲེལ་ཡོད་ཁྲིམས་དང་སྒྲིག་གཞི་དང་གདོང་ཐུག་རྒྱག་བཅུག་པ་ཡིན་ན། ང་ཚོའི་བྱེད་སྟངས་རིགས་གཅིག་ནི་ཐེ་ཚོམ་ཟ་བ་ཞིག་རེད། ཁ་སང་གི་ང་ཚོའི་རྩོད་གླེང་རིང་མོའི་སྐབས་ཀྱི་གདོང་ཐུག་དེ་ཡང་ཞེད་སྣང་ཚ་སེ་བྱུང་།
སྲིད་སྐྱོང་འོས་མི་ཚོའི་གསུང་བཤད་དང་རྒྱབ་སྐྱོར་བ་ཚོའི་འགུལ་སྐྱོད་ལ་དོ་སྣང་དགོས་པ་ཨ་ཅང་ཅང་། སེམས་ཀྱི་ཚོར་བ་ནི་གཞུང་ཞབས་ཟུར་པ་བཀྲ་ཤིས་མིང་ཅན་ཟེར་བ་དང་། དེར་རྩོད་གླེང་བྱེད་མཁན་བཀྲ་ཤིས་རྣམ་རྒྱལ་ཟེར་བ་གཉིས་ཀྱིས་ཁྲིམས་དང་སྒྲིག་གཞི་ལ་འགྲེལ་བཤད་བྱེད་སྟངས་དེའི་སྟེང་ཡང་ཡང་ཤོར་འགྲོ་བ་དེ་རེད། ཡི་གེ་ཀློག་མཁན་གཞན་ལའང་ཁྲིམས་དང་སྒྲིག་གཞི་འཁྱེར་ནས་གླེང་སྟངས་འདི་ལ་དོ་སྣང་བྱུང་ཡོད་ཤག ཁྲིམས་སྒྲིག་དང་འགལ་ཡོད་མེད་གླེང་བ་ནི་རྩོད་གླེང་རྙོག་དྲ་ཚ་བོ་རེད། རང་ཉིད་ཀྱི་འོས་འཕེན་ས་དེ་རེ་དོགས་གཉིས་ཀ་མེད་པ་ཞིག་དགོས་པ་ཡིན་པར་སོང་ཙང་། རེ་ཞིག་རྙོག་དྲ་འདི་ནས་ཟུར་ལ་ཐོན་ནས་གསལ་པོ་ཞིག་བལྟ་དགོས་པ་གལ་ཆེན་པོར་མཐོང་སྟེ་སྐུ་ངོ་འབྲོང་ཆུང་ལ་འོས་ཤོག་གི་རྒྱབ་སྐྱོར་བའི་གྲས་ནས་ཕྱིར་འཐེན་བྱས་པ་ཡིན།
གཞུང་ཞབས་ཟུར་པ་བཀྲ་ཤིས་མིང་ཅན་གྱི་གླེང་སྟངས་བྱས་ན། སྐུ་ངོ་འབྲོང་ཆུང་ལ་རྒྱབ་སྐྱོར་བ་བཀྲ་ཤིས་རྣམ་རྒྱལ་གྱིས་ཁྲིམས་དང་སྒྲིག་གཞི་ལ་ལོག་བཤད་དང་ཧམ་བཤད། འཁྱོག་བཤད་བྱེད་ཀྱི་འདུག་ཅེས་མཛུབ་མོ་གདོང་འཛུགས་བྱེད་ཀྱིན་གདའ། དེ་ནི་ཕྱི་ཚུལ་ཙམ་དུ་བཀྲ་ཤིས་རྣམ་རྒྱལ་བཙིར་གི་ཡོད་པ་ལས། དོན་ལ་ཁྲིམས་དང་སྒྲིག་གཞི་འཁྱེར་ཡོང་ནས་སྐུ་ངོ་འབྲོང་ཆུང་གི་གནང་སྟངས་ཁྲིམས་འགལ་རེད་ཅེས་འགྲེལ་བཤད་རྒྱག་གི་ཡོད་པ་རེད། འགན་ལྗི་པོ་རེད། དེ་འདྲ་བྱས་ན་རུང་གི་མ་རེད་ཟེར་ནས་བཙིར་ཡོང་དུས། ང་ཚོས་འགན་ཞིག་ཁུར་དགོས་པ་རེད་མ་གཏོགས། ཁོ་པས་བཤད་པ་བདེན་པ་རེད་མདོག་མདོག་བྱས་ནས་ཁ་བཙུམ་བསྡད་ན་ལ་དག་གི་མ་རེད། བསྙོན་འཛུགས་ཡིན་ནའང་འདྲ། སྐུར་འདེབས་ཡིན་ནའང་འདྲ། སྒྲོ་འདོགས་ཡིན་ནའང་འདྲ། ང་ཚོས་གསལ་གསལ་ཐིང་ཐིང་ཆགས་དགོས་འདུག་མ་གཏོགས། སྐུ་ངོ་འབྲོང་ཆུང་ནི་ཧམ་པ་བཤད་མཁན། མ་དྲང་བ་བྱེད་མཁན། རྒྱབ་སྐྱོར་བ་ཚོ་ནི་མི་བདེན་རྫུན་སྒྲིག་བྱས་ནས་འོས་ཤོག་ཐོབ་ཐབས་ཁོ་ན་བྱེད་མཁན་རེད་ཟེར་གི་ཡོད་པ་རེད། ཁྲིམས་དང་སྒྲིག་གཞི་འགྱིག་བྱི་རིལ་ནང་བཞིན་ཡར་འཐེན་མར་འཐེན་བྱེད་མཁན་རེད་ལབ་ཀི་ཡོད་པ་རེད། སོང་ཙང་། འཐབ་གྲོགས་ཚོའི་ནང་ན་གང་མགྱོགས་གསལ་བཤད་ཁུངས་འཕེར་བ་ཞིག་གནང་ཐུབ་མཁན་དང་གནང་རྒྱུ་ཡོད་ན་གནང་རོགས་གནང་། ཐེ་ཚོམ་དུ་གནས་མཁན་ང་ལྟ་བུའི་ཐེ་ཚོམ་སེལ་བ་ཞིག་གནང་རོགས། ང་ནི་ཐེ་ཚོམ་དུ་གནས་དགོས་པ་ཆགས་སོང་། སོང་ཙང་། རྩོད་གླེང་ཉེན་ཁ་ཅན་འདི་ལས་ཕྱིར་འཐེན་བྱས་པར་ངོས་འཛིན་གནང་རོགས་ཨ།
ང་ལ་རེ་བ་གཅིག་ཡོད། འོས་བསྡུའི་ལས་རིམ་ཡོངས་སུ་གྲུབ་པ་ན། འཐབ་གྲོགས་ཀྱི་མཛའ་བརྩེ་སྔར་བཞིན་གནས་དགོས། གྲོགས་པོའི་མཛའ་བརྩེ་སྔར་བཞིན་གནས་དགོས། ང་ཚོ་སྔར་བཞིན་ཡིན་ཨ། འཐབ་གྲོགས་ཚོ། གནས་སྐབས་ཀྱི་ཚོར་བ་ནི་གཏན་དུ་གནས་མི་ཐུབ།
འདི་འགན་འཁུར་སྟངས་ཡག་པོ་ཞིག་རེད།
སྤྱིར་བཏང་ཁྲིམས་དང་སྒྲིག་གཞི་ལ་འགལ་ཡོད་མེད་ཀྱི་རྩོད་པ་དེ་དག་གང་ཡིན་ཡང་རང་རང་སོ་སོས་ཁྲིམས་སྒྲིག་དེ་དག་ལ་བལྟས་ནས་གཞན་དག་གི་བཤད་ཚུལ་ལ་བརྟག་ན་གང་བདེན་མིན་རྟོགས་ཐུབ། དྲྭ་ལམ་ན་ལྟ་ཆོག་ཆོག་ཡོད་།
ཡང་ན་འོས་བསྡུ་ལྷན་ཁང་དང་ཁྲིམས་ཞིབ་ཁང་ལ་བཀའ་འདྲི་ཞུ་འོས།
ཡང་གཅིག་བཤད་ན། གལ་ཏེ་འོས་བསྡུའི་ཁྲིམས་སྒྲིག་ལ་འགལ་ཡོད་པ་བདེན་པ་ཡིན་ན་འོས་བསྡུ་ལས་ཁང་གིས་ཁ་མིག་རྣ་གསུམ་བཀབ་ནས་སྡོད་ཐུབ་པ་མེད་དོ།།
ངའི་བསམ་ཚུལ་ལ་སྐུ་ངོ་འབྲོང་ཆུང་དང་སྐུ་ངོ་ཚོགས་ཟུར་སྤེན་ཚེ་གཉིས་སུ་ལ་འོས་ཐོབ་ཀྱང་ཁྱད་མེད་པར་ངོས་འཛིན་གྱི་ཡོད་ཀྱང་། ད་ནི་བོད་ཀྱི་འབྲོང་རྒོད་འདིའི་རྭ་རྩེ་རྣོ་དྲགས་ནས་སྐུ་ངོ་ཚོགས་ཟུར་སྤེན་ཚེའི་རྒྱབ་སྐྱོར་བ་རྫུན་མ་རྣམས་ཀྱི་སྙིང་ཙག་བཤག་གཏོང་གི་ཡོད་པ་འདྲ། ཉེ་ལམ་ཁ་བརྡ་དྲ་བར་སྐུ་ངོ་འབྲོང་ཆུང་ལ་སྙད་འདོགས་རྩོམ་ཡིག་བསྟུད་མར་སྤེལ་སོང་བ་དང་། ཉེ་ལམ་དུས་བབ་དྲ་བའི་ཐོག་ཀྱང་སྲིད་སྐྱོང་འོས་མི་གཞན་དང་མཉམ་དུ་ཁོང་གི་སྐུ་པར་བཀོད་མེད། བོད་ཀྱི་འབྲོང་རྒོད་ཁྱེད་དབུ་འཕང་མཐོ་ན་ང་ཚོ་བོད་གངས་ཅན་པ་རྒྱལ་བ་ཡིན་པས། དེའི་ཕྱིར་ཁྱེད་དབུ་འཕང་དགུང་ཨ་སྔོན་ལས་དམའ་མི་ཉན་ཨྰ།
ངས་ནི་སྐུ་ངོ་འབྲོང་ཆུང་དང་སྐུ་ངོ་སྤེན་པ་ཚེ་རིང་གཉིས་ཀར་འོས་ཤོག་པྱེད་ཀ་ཕྱེད་ཀ་བྱེད་རྩིས་ཡོད།
ཕྱེད་ཀ་ཕྱེད་ཀ། དེས་ན་དངོས་གཞིའི་སྐབས་ཁོང་གཉིས་སུ་བྱུང་ཡང་སྒང་ཚང་འཕེན་རྩིས་རེད་འདུག དེ་ལྟ་བུའི་བསམ་མནོ་གཏོང་མཁན་མི་མང་པོ་འདུག