གངས་དཀར་སེམས།
༡། དྲི་བ། བཀའ་ཟུར་སྒྲོལ་མ་ངུ་རྒྱུར་དགའ་པོ་རེད་དམ།
ལན་དུ། ལགས་རེད། དེ་སྔོན་སྤྱི་ཁྱབ་ཀྱི་གཏམ་བཤད་སྐབས་ཚོར་བ་འབར་དུས་ངུས་འདུག དེ་ནི་བཀའ་ཟུར་སྒྲོལ་མའང་ཤ་ཁྲག་གིས་གྲུབ་པའི་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་དགའ་སྐྱོ་ཆགས་སྡང་གི་ཚོར་བ་ཡོད་པ་བཞིན། མོ་ལའང་ཚོར་བར་བརྟེན་ནས་ངུ་ཆོག་པའི་འགྲོ་བ་མིའི་ཐོབ་ཐང་གཞན་དང་གཅིག་མཚུངས་ཡོད།
༢། དྲི་བ། མོ་ལ་རྒྱ་གར་མི་སེར་གྱི་ལག་ཁྱེར་ཡོད་དམ།
ལན་དུ། ཡོད་རེད། ང་ཚོ་རང་ཡུལ་ནས་མི་ཡུལ་གྱར་དགོས་བྱུང་བའི་ལོ་རྒྱུས་སྐྱུར་མོའི་ནང་བཙན་བྱོལ་བའི་ངོ་བོར་རྒྱལ་སྤྱིའི་ཁྲིམས་དོན་ཐོག་ངོས་འཛིན་བྱེད་མཁན་མེད་པ་འདི་ཞོར་འཕྲོས་ཙམ་ཡིན། འོན་ཀྱང་ང་ཚོའི་ཕྱོགས་ནས་ཐབས་བརྒྱ་ཇུས་སྟོང་གིས་གང་ས་ཅིའི་ཐད་ནས་ཐོབ་ཐང་དག་ལེན་ཐབས་བྱེད་ཀྱི་ཡོད། མ་འོངས་ལའང་རྒྱལ་ཁབ་གཞན་གྱི་ཡུལ་མིའི་ལག་འཁྱེར་ཡོད་མཁན་སྐྱ་སེར་ཕོ་མོ་རྒན་གཞོན་བོད་མིའི་ངོ་བོ་ཚད་ལྡན་ཡོངས་སྲིད་སྐྱོང་དང་ཁྱབ་ཁོངས་སྤྱི་འཐུས་གཉིས་ཀ་ལང་ཆོག་པའི་ཐོབ་ཐང་དང་དབང་ཆ་ཆ་ཚང་ཡོད་པ་རེད། དེར་རང་གཞུང་གི་ཁྲིམས་ནང་ཚད་བཀག་མེད།
༣། དྲི་བ། མོས་ཆང་འཐུང་དུ་འཐེན་བྱེད་ཀྱི་ཡོད་དམ།
ལན་དུ། དེ་འདྲ་ཡོད་ཀྱི་རེད། ཆང་འཐུང་དུ་འཐེན། ཤ་ཟ་གོས་གྱོན་བཅས་ནི་འགྲོ་བ་མིའི་འཚོ་བ་རོལ་སྟངས་གྲལ་ཞིག་ཡིན། ཆོས་ཕྱོགས་ནས་དེ་ལ་བཟང་ངན་གྱིས་དབྱེ་རྒྱུ་ཡོད་ཀྱང་། འདི་སྲིད་སྐྱོང་འོས་མིར་ཚང་དགོས་ངེས་ཀྱི་ཆ་རྐྱེན་མིན། དེ་བས་ཆང་འཐུང་དུ་འཐེན་རྐྱེན་གྱིས་སྤྱི་པའི་ལས་དོན་ནམ་བྱ་བཞག་ལ་འཐུས་ཤོར་བཏང་འདུག་ན་ལས། སྒེར་གྱི་འཚོ་བ་སྤྱོད་སྟངས་ཅི་འདྲ་ཡིན་ཡང་དེར་འབོད་བསྐུལ་ཞུ་འོས་པ་ལས་ལོག་སྨྲས་ཐད་ཇུས་བྱེད་པའི་ཐོབ་ཐང་སུ་ལའང་མེད།
༤། དྲི་བ། མོས་ཆང་འཐུང་དུ་འཐེན་རྐྱེན་གྱིས་རྐུབ་ཆེན་པོ་ཆག་པ་རེད་ཟེར་བ་བདེན་ནམ།
ལན་དུ། གཅིག་བྱས་ན་དེ་འདྲའང་ཡིན་སྲིད། འོན་ཀྱང་ཕྱི་ཚུལ་ནས་སྲིད་སྐྱོང་མཛེས་མ་དང་ཡང་ན་སྟེར་བཟོ་དོད་པའི་སྟག་ཤར་གཞོན་པ་གདམ་དགོས་ངེས་ཀྱི་ཆ་རྐྱེན་སྟོན་མེད། དེ་བས་འོས་མིའི་གཟུགས་བྱེད་ཀྱི་ཕྱོགས་ལ་ཟུར་ཟ་དང་དམའ་འབེབས་བྱས་པ་འདི་རྒྱལ་ཁབ་མང་པོའི་ཁྲིམས་དང་ཐད་ཀར་འགལ་ཡོད། དམིགས་བསལ་དུ་བུད་མེད་རྣམས་ལ་ཕྱི་གཟུགས་རྒྱགས་པ་དང་སྐམ་པོ། རིང་པོ་དང་ཐུང་ངུ་། ཞལ་རས་དཀར་སེར་དམར་ནག་སོགས་སྒེར་གྱི་འདོད་ཕྱོགས་སུ་མ་སོང་སྟབས་མཛེས་མིན་གྱི་སྐྱོན་འདོགས་བྱེད་མཁན་དག་མི་གཞིའི་རྩ་བའི་བཟང་སྤྱོད་དང་རྩ་འགལ་ཡིན་པ་མིག་བཏོན་གསལ་པོ་ཡིན། འདི་འདྲ་བྱུང་ཚེ་དགོས་མཁོ་འབྱུང་ན་ཁྲིམས་ལའང་སྦྱོར་ཆོག་གི་རེད།
༥། དྲི་བ། མོའི་ལང་ཕྱོགས་བརྟན་པོ་མེད་པ་རེད་དམ།
ལན་དུ། དེའི་སྐོར་རི་བོང་གནམ་བརྡིབ་ཀྱི་སེམས་འཕྲལ་མ་བྱེད། མོས་ཐེངས་མང་སྤྱི་ཁྱབ་ཀྱི་སྒོ་ནས་ཡིག་ངག་གཉིས་ཐོག་དབུ་མའི་ལམ་གྱི་ཐོག་ནས་རྒྱ་བོད་འབྲེལ་མཐུད་ཡོང་ཐབས་དགོས་ཅེས་དང་དེའི་སྐོར་འཆར་གཞིའང་འདུག དུས་མཚུངས་སུ་མོས་བོད་འདི་ལོ་རྒྱུས་ཐོག་རང་བཙན་ཡིན་ཞེས་པར་རྒྱལ་སྤྱིའི་ཐོག་ནས་རྒྱབ་སྐྱོར་འཚོལ་ཐབས་དགོས་ཚུལ་བཅས་གང་བཤད་པའི་ཡིག་ངག་ཐོག་གི་སྐད་ཆ་དང་རྒྱུན་གཏན་གྱི་བྱ་སྤྱོད་དག་ལ་གཙོ་བོ་འཐུས་ཚང་སྒོ་ནས་དཔྱད་རྗེས་ཆ་འཇོག་བྱེད་འོས།
༦། དྲི་བ། དྲ་ལམ་དུ་ཁྱབ་པའི་བརྙན་ལྟར་མོས་༧གོང་ས་མཆོག་གིས་གསུང་དང་འགལ་ཟླ་བཟོས་ཡོད་དམ།
ལན་དུ། མོ་རང་༧གོང་ས་རྒྱལ་བ་རིན་པོ་ཆེར་མཚན་སྨད་ཞུ་མཁན་ལ་ཐ་གཅིག་ཏུ་ངོ་རྒོལ་བྱེད་མཁན་རེད། མོས་ཚོར་བ་ཆེན་པོས་བཤད་པའི་ཚིག་ངོ་མ་འདི་ལྟར། ་་་་་་རྒྱལ་བ་རིན་པོ་ཆེར་རང་བཙན་དགོས་མ་རེད་པས།་་་་་འདི་གཏམ་བཤད་ཡོངས་(འདིར་ནོན།)ཀྱི་ནང་གི་ཚིག་བརྗོད་གཅིག་ཁོ་ན་དེ་རེད། སུ་འདྲ་ཞིག་གི་གཏམ་བཤད་བྱས་པའི་མགོ་མཇུག་ཚང་བའི་སྒོ་ནས་ཉན་ཞིང་དཔྱོད་དགོས་པ་ལས། གཏམ་བཤད་ནང་གི་ཚིག་གམ་དུམ་བུ་རེ་བཅད་དེ་ར་མགོ་ལུག་སྦྱར་གྱིས་བླ་མའི་མཚན་ལོག་སྤྱོད་ཀྱི་སྒོ་ནས་གཞན་ནག་པོ་བཟོ་ཐབས་སྤེལ་བ་ནི་ཧ་ཅང་ཐ་ཤལ་གྱི་སྤྱོད་ངན་ཞིག་ལ་ངོས་འཛིན་བྱེད་ཆོག
༧། འོས་མི་སྒྲོལ་མའི་སྐོར་རྒྱ་ནག་གི་ཤཱིང་ཧ་གསར་ཁང་དུ་ཐོན་ཡོད་དམ།
ལན་དུ། དེར་གཙིགས་ཆེན་འཛིན་མི་དགོས། ཐོན་ཡོད་ན་ནི་འོས་མི་དེའི་སྐོར་ནས་གྲུབ་འབྲས་ཐོན་གྱི་ཡོད་པའི་རྟགས་རེད། ཐོན་མིན་ལ་མ་ལྟོས་པར་མུ་མཐུད་ཧུར་བརྩོན་བྱ་དགོས་པའི་གནས་ཀྱང་རེད། གསར་ཁང་ལ་དངུལ་སྤྲད་དེ་སྒེར་ཁྱབ་བསྒྲགས་སྤེལ་ཡོད་ཟེར་བར་དཔང་རྟགས་རྒྱུ་ཆ་གང་ཡང་མིག་བཏོན་བྱེད་རྒྱུ་མེད་སྟབས་དེའི་གྲལ་གྱི་སྙོག་བཤད་ལ་ཁ་ཡ་མ་བྱེད་ན་བཟང་སྙམ།
བཀྲ་ཤིས་བདེ་ལེགས། མཐོ་འགོད་གནང་རོགས
རྒྱ་རི་སྒྲོལ་མས་༧གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་ཚོ་ལ་མཐའ་གཅིག་ཏུ་ངོ་རྒོལ་གནང་མཁན་ཞིག་རེད་འདོད།
ད་འོ་ན། རྒྱ་རི་སྒྲོལ་མས་ཆང་འཐུང་བར་སྐྱོན་མེད་པ་དང་། སྤེན་པ་ཚེ་རིང་གིས་ཆང་བཏུང་བ་སྐྱོན་ཡོད་པའི་རྒྱུ་མཚན་གང་ཡིན་ནམ། དྲ་གྲོགས་སུས་ལན་གནང་ཡང་དགའ་བསུ་ཡོད།
གངས་དཀར་སེམས་ཉོན། ཁྱེད་ལ་ཡང་ད་བར་བཀའ་ཁྲིའམ་སྲིད་སྐྱོང་གི་འོས་མི་ཨ་རོགས་ཁམས་པ་མ་གཏོགས་མ་རྙེད་པའི་རྒྱུ་མཚན་བཤད་རྒྱུ་ཨེ་ཡོད།
ཧ་ཧ་ཧ་བཙན་བྱོལ་ནས་མི་ཚར་བ་མིན་འགྲོ།
འ་ལས། ཁོང་ཚོ་ཁ་རོག་སྡོད། རྒྱ་རི་སྒྲོལ་མ་གཞོན་དུས་མཛེས་མ་ཕོ་བརྒྱ་སེམས་པ་ཤོར་ས་དང་། མོ་རྒྱ་སྙིང་རླུང་སློང་མཁན་ཞིག་ཡོད། སྐབས་དེ་དུས་འཇམ་དབྱངས་ནོར་བུ་ཡང་ཕོ་གསར་བལྟ་བཟོ་དོད་པོ་ཞིག་འདུག
དེ་དུས་ཁོང་གཉིས་གསང་བའི་ཐོག་ནས་སྐྱིད་པོ་གཏོང་ཀ་བྱེད་ཀྱི་ཡོད། དེར་བརྟེན་རྒྱ་རི་སྒྲོལ་མའི་ཁྱོ་བོ་ཞེན་པ་གཏིང་ནས་ལོག་པ་ཞིག་ཀྱང་བྱུང་ཡོད། ཁྱོད་རང་ཚོས་ཤེས་ཀྱི་མ་རེད། ད་གཡུགས་ཞོག །
རྒྱ་རི་སྒྲོལ་མའི་མཆོད་ཆང་། །ཨ་རོགས་ཁམ་པའི་མཆོད་ཆང་། །མཆོད་ན་ལུས་ལ་བདེ་བ། ། །ར་བཟི་སྐྱུག་གོང་མྱུང་བ། །སྤ྄ེན་པ་ཚེ་རིང་མཆོད་ཆང་། །མདོ་སྨད་རྟ་ཡི་མཆོད་ཆང་། །ཧུབ་གང་མཆོད་པ་ཙམ་གྱིས། །བཞུགས་གྲལ་འུར་སྒྲས་ཁེང་སོང་།
ཆུང་དུས་རྒྱ་རི་སྒྲོལ་མ་ལྟ་བཟོ་ཡོད། ཕོ་བརྒྱ་སེམས་པ་ཤོར་ས། མོ་བརྒྱ་སྙིང་རླུང་ལངས་ས་དངོས་གནས་ཡོད་རེད། ད་ལྟ་སྐུ་ཤ་འབྱོར་བ་ལ་ནི་རྒྱ་གར་ལྷོ་ཕྱོགས་ཀྱི་གཡག་གི་ཨ་ཞང་གི་སྲིང་མོ་འདྲ་བོ་སྐུ་ཉམས་འདུག
རྒྱ་རི་སྒྲོལ་མ་འུ་ཐུག་ན། ༸རྒྱལ་བ་རིན་པོ་ཆེ་འུ་ཐུག་པས་ག་ལ་ཁྱབ། རྒྱ་རི་དབུ་མ་ལ་སེམས་རྩ་བརྟན་པོ་མེད་པའི་རྟགས་འདིས་བསྟན་པ་རེད། བསོད་སྟོབས་ལགས།
བཀའ་ཟུར་རྒྱ་རི་སྒྲོལ་མ་མཆོག་ལ། འགའ་ཞིག་གིས་རྒྱགས་རིལ་སྒྲོལ་མ་ཟེར། ལ་ལས་རྒྱ་རིགས་སྒྲོལ་མ་ཟེར། ཁ་ཤས་ཀྱིས་རྒྱ་མི་སྒྲོལ་མ་ཟེར་མཁན་ཡང་འདུག གང་ལྟར་ཡང་། ༢༠༡༦ ལོར་མོ་རང་བཀའ་བློན་ཡིན་བཞིན་དུ་བློ་སེང་ལ་རྒྱབ་སྐྱོར་ཡོད་པའི་དྲིལ་བསྒྲགས་བྱས། བློ་སེང་སྲིད་སྐྱོང་ལ་ཐོབ་མ་ཐོབ་ཅིག་ལ་རང་གི་ནང་ཆས་ཚང་མ་དི་ལི་སྐུ་ཚབ་དོན་གཅོད་ཁང་དུ་བསྐྱལ་བ་རེད། དེ་དུས་༧གོང་ས་མཆོག་གི་བཀའ་དགོངས་གཞིར་བཟུང་འབྲོང་ཆུང་སྐུ་ཚབ་དོན་གཅོད་ཏུ་མ་འདོད་བཞིན་དུ་བསྐོས་དགོས་བྱུང་སྟབས་བློ་སེང་དང་མོ་རང་གི་འདོད་དོན་ཡིད་བཞིན་དུ་གྲུབ་ཐུབ་མེད། ཁ་སང་དེ་རིང་སྐལ་རྡོར་དང་མོ་རང་གཉིས་བཙན་བྱོལ་བོད་མིའི་འཕྲོད་བསྟེན་དང་བདེ་འཇགས་ལ་བསམ་བློ་ཁྱོན་ནས་མ་བཏང་བར་ག་ས་ག་ལ་རྒྱུག་ནས་འོས་ཀྱི་སློང་མོ་རྒྱག་ཏུ་འགྲོ་བ་རེད། གནད་དོན་དེ་གསུམ་གྱི་བཀའ་ཟུར་རྒྱ་རི་སྒྲོལ་མ་ལགས་ནི་རང་བཞིན་དྲང་པོ་མེད་པ། ཕོ་བྲང་ནས་གཟིགས་ཕྱོགས་བཟང་པོ་མེད་པ། མི་མང་ལ་བརྩེ་སེམས་མེད་པ་སྟེ་མེད་པ་གསུམ་ཡོད་པ་མཚོན་གྱི་ཡོད།
འཛམ་གླིང་གི་བློན་ཆེན་སུ་དང་སུས་ཆབ་སྲིད་ཀྱི་སྡིངས་ཆའི་ཐོག་ཡང་དང་བསྐྱར་ཏུ་་ངུ་་བཤད་བྱས་སོང་།
ཀ་རྡོ་རབ་འབྱམས་པ་ལགས། འོས་མི་གཞན་ཚང་མར་ལམ་དབུས་མའི་དོན་འབྲས་སོན་ཆེད་ང་ཚོའི་ཕ་ཡུལ་ཟ་མཁན་དང་ཆོས་དང་རིག་གཞུང་རྩ་མེད་གཏོང་མཁན་ནས་གསོལ་རས་ཞིག་ཐོབ་རེ་རྒྱབ་ནས་བསྡད་པ་ལས་གཞན་ལམ་མཐོང་མེད་རེད། རྒྱ་རེ་སྒྲོལ་མ་ལགས་ནས་རྒྱ་དམར་པོར་གཉིས་སྨན་གྱི་ལམ་ལ་བསམ་ཤེས་བྱེད་རྒྱུ་མེད་ན་ད་ཆ་ཕ་ཡུལ་གཉིས་པ་རྒྱ་གར་གྱི་གཏམ་དཔེ་ལ་མཛུབ་མོ་ཐད་ཀར་གྱིས་མར་མ་ཐོན་ན་མཛུབ་མོ་བཀུག་ནས་མར་བཏོན་རྒྱུ་ཡོད་པ་དེ་ཤེས་ལེ་གདའ། ལམ་དབུ་མིའི་སྐོར་ལ་རྒྱ་སྒྲོལ་ལགས་དང་ང་ཚོ་མང་པོས་གཏིང་ཟབ་པ་དང་རྒྱས་ལ་ཕལ་ཆེར་ཤེས་དགོས་རེད།། རྒྱ་རི་སྒྲོལ་མར་ལམ་དབུས་མར་མོས་གུས་དང་དང་བ་མེད་པའི་དོག་པ་མེད། ཁོ་མོར་རྒྱ་ཡི་བྱེད་ལམ་དུ་དོག་པ་དང་ཡིད་ཆེ་མེད་པས་སྐད་ཤོར་རེད་དོ།། གནད་དོན་ཆེ་ཤོས་དེ་བོད་རྒྱའི་གནད་སེལ་དེ་རེད། དེ་ལ་རྒྱ་སྒྲོལ་ལས་ཐབས་ཟབ་པ་མིན་འདུག གཞན་འཛིན་སྐྱོང་གནས་ལ་སྐྱབས་བཅོལ་གཞུང་ལོ་རེ་ནས་ལོ་རེ་ལེགས་ནས་ལེགས་སུ་ཕེབས་ཡོད་པས་དེ་ཙམ་ཧ་ལས་དགོས་མིན་འདུག