མི་ཉག་སྐལ་བཟང་།
མདོ་སྟོད་སྨད་ཀྱི་གང་ཟག་གང་ཡང་རུང་བ་ཞིག་ལ་ཆ་མཚོན་ན་དབུས་གཙང་ཞེས་པའི་ཐ་སྙད་འདི་ཐོས་མ་ཐག་ལྷ་སའི་ཇོ་བོ་དང་། ཕོ་བྲང་པོ་ཏ་ལ། བསམ་ཡས་གཙུག་ལག་ཁང་དང་། རི་བོ་གངས་དཀར་ཏི་སེ་སོགས་ཡིད་ལ་ལྷང་ལྷང་དུ་ཤར་བ་ནི་དབུས་གཙང་མི་མང་གིས་བོད་ལ་བཞག་པའི་བག་ཆགས་མཐུག་པོ་ཞིག་དང་གངས་རིའི་ལས་དབང་ཞིག་ཀྱང་ཡིན། ཁ་རྒྱུན་དུ་དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁ་ཞེས་པ་ནི་དབུས་གཙང་གི་མི་མང་ཚོས་ཆོས་ལ་དད་པ་ཆེ་ཞིང་། ས་དེར་ཧ་ཅང་བྱིན་རླབས་ཅན་དང་རིན་ཐང་ཅན་གྱི་ནང་པའི་གནས་ཆེ་མང་པོ་མཇལ་རྒྱུ་ཡོད་པ་མ་ཟད། དབུས་གཙང་གི་མི་མང་ཚོ་དགེ་སེམས་ཆེ་ཞིང་། ཞི་ཞིང་དུལ་བའི་བཟང་སྤྱོད་ཀྱི་གཤིས་ཀ་རྒྱུན་འཇགས་སུ་ཡོད་པ་དག་ནི་བོད་མི་རིགས་ཀྱི་གཟི་བརྗིད་རེད།
ཤ་ཟད་རུས་ལ་ཐུག་རུང་དབུས་དང་གཙང་གཉིས་ཁ་བྲལ་དུ་གཏོང་འདོད་མེད་ལ། དབུས་དང་གཙང་གི་བར་ལ་འགལ་ཟླའི་འབར་རྫས་ཀྱང་གཡུག་འདོད་མེད། མཐའ་ན་མདོ་སྟོད་སྨད་དང་དབུས་གཙང་གི་བར་ལ་རྨ་ཁ་ཆུང་ངུ་ཙམ་ཡང་དེ་བས་བཟོ་འདོད་མེད། འོན་ཀྱང་ཉེ་ཆར་ཕྱི་ལོ་༢༠༢༠ ལོའི་བོད་དོན་སྲིད་ཇུས་དང་རྒྱབ་སྐྱོར་ཀྱི་ཁྲིམས་འཆར་ལ་ཨ་རིའི་སྲིད་འཛིན་ཁྲོམ་གྱིས་དངོས་སུ་མཚན་རྟགས་བཀོད་དེ་ཁྲིམས་ལ་གཏན་འབེབས་གནང་བར་བོད་གཞིས་བྱེས་གཉིས་ཀར་དགའ་འོས་པའི་གཏམ་བཟང་ཞིག་རེད་མོད། འོན་ཀྱང་ཁ་སང་དེ་རིང་དབུས་གཙང་ཆོལ་ཁའི་སྤྱི་ཁྱབ་རྒྱུན་ལས་ཁང་གི་དགྲ་དགའ་གཉེན་སྡུག་གིས་དྲ་ཐོག་ནས་བསྒྲགས་གཏམ་ཞིག་སྤེལ་བ་འདིས་ང་དང་ང་འདྲ་བ་ཚོའི་སྙིང་ལ་རལ་གྲི་བཙུགས་པ་ལྟ་བུའི་ཚོར་སྣང་བྱུང་།
ཁྲིམས་འཆར་འདི་བཙན་བྱོལ་བོད་མིར་མཚོན་ན་མི་ལོ་དྲུག་ཅུ་ནང་གི་གཏམ་བཟང་ནང་གི་གཏམ་བཟང་ཡིན་ལ། ༧ གོང་ས་མཆོག་གིས་བཀྲིན་ལ་བརྟེན་ནས་བྱུང་བ་ནི་སུས་ཀྱང་ཟུར་དུ་འགྲེལ་བཤད་རྒྱག་དགོས་དོན་མེད་ལ། ལྷག་དོན་དུ་བོད་མིའི་བསོད་ནམས་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་འགན་འཁྲི་དང་འཇོན་ཐང་ལ་བརྟེན་ནས། ཞར་དང་ཞོར་ལ་ཚོགས་པ་སྐྱིད་སྡུག་ཁག་དང་འབྲེལ་ཡོད་མི་སྣ་མང་པོས་དཀའ་ལས་བརྒྱབ་པའི་གྲུབ་འབྲས་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་ལྐུགས་པ་མིན་ན་གོ་ཚོད་དང་ལོང་བ་མིན་ན་མཐོང་ཚོད་རེད། གལ་ཏེ་བསྒྲགས་གཏམ་རེ་སྤེལ་འདོད་ན་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དང་མདོ་ཁམས་ཆུ་བཞི་སྒང་དྲུག་གཉིས་ཀྱི་བསྒྲགས་གཏམ་གྱི་བརྗོད་བྱ་དང་རྗོད་བྱེད་གཉིས་ལ་བལྟ་ཀློག་རེ་བྱེད་པ་ཡིན་ན་ཁྱེད་ཅག་གཉིད་ལས་སད་ངེས་རེད།
དབུང་གཙང་མི་དམངས་ནི་བཙན་བྱོལ་བོད་མིའི་དཀྱིལ་གྱི་ཀ་བ་ལྟ་བུའང་རེད། དེང་སང་དབུས་གཙང་གི་མཁས་པ་དང་འཇོན་ཐང་ཅན་རྣམས་ཡུལ་ལུང་འདྲ་མིན་ལ་ཕེབས་ཏེ། དབུས་གཙང་དབུས་རྒྱུན་ཟེར་བ་འདི་རང་འདོད་ཅན་གྱི་དབུས་གཙང་ཆབ་སྲིད་པ་འགའ་ཡི་ནང་འཁྲུག་རྒྱག་སའི་ལག་ཆ་ལྟ་བུར་གྱུར། རྒྱུན་ལས་ནང་ལ་ལས་ཀ་མེད་ལ། ཤེས་ཡོན་མེད་པ། ནང་མེད་ལ་འགྲོ་ས་ཡང་ཅང་མེད་པའི་བོད་ནས་གསར་འབྱོར་བ་མི་འཁྱམ་རེ་ཟུང་ཞིག་ཆོལ་ཁའི་ནང་འཁྲུག་གི་ཕྱིར་དུ་དམག་མི་ལྟ་བུར་བཞག་ཡོད་རེད། དེ་དག་གི་དབུས་གཙང་མི་མང་སྤྱིའི་ཚབ་མཚོན་བྱེད་མི་ཐུབ། དེ་ཚོས་སྤྱི་པའི་ལས་ཤོག་གི་སྒང་ལ་དགྲ་དགའ་གཉེན་སྡུག་གི་སྒེར་ནད་སྤུངས་པ་འདི་ཧ་ཅང་ཡིད་སྐྱོ་དགོས་པ་ཞིག་རེད། དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁའི་མཚན་སྙན་དེ་སྒེར་ནད་དང་དབྱེན་དཀྲུག་ལ་གོམས་པའི་མི་ཁ་ཤས་ཀྱིས་རྩེད་ཆས་ལྟ་བུ་གྱུར་པ་ནི་ཡ་ང་ཞིང་ཡིད་སྐྱོ་བ་ཞིག་གི་ཚོད་ལ་སླེབས་འདུག
དབུས་གཙང་ཆོལ་ཁའི་བསྒྲགས་གཏམ་ནང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་སྲིད་སྐྱོང་གཉིས་ཀྱི་མཚན་ཙམ་ཡང་བཀོད་མེད་ལ།གལ་ཏེ་དབུས་གཙང་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་འདི་དབུས་གཙང་མི་མང་གི་ཚབ་མཚོན་གྱི་ཡོད་ན། དབུས་གཙང་མི་མང་ཚོས་བཙན་བྱོལ་གྱི་སྒྲིག་འཛུགས་ལས་གཞན་པའི་སྒྲིག་འཛུགས་ཞིག་གང་དུ་བཟུང་ཡོད་དམ། རྒྱུན་ལས་ཁང་དེར་ཟུར་དུ་གསང་བའི་སྲིད་སྐྱོང་ཞིག་ཀྱང་ཡོད་ཚོད་འདུག ཡང་ན་རྒྱུན་ལས་རེ་གཉིས་ཀྱིས་ལྟ་བ་ལངས་ཕྱོགས་ཙམ་ཡིན་པ་ལས་དབུས་གཙང་མི་མང་ཡོངས་ཀྱིས་ལྟ་བ་ལངས་ཕྱོགས་མ་ཡིན་པའི་སྒྲུབ་བྱེད་འདྲ་ཡོད་ན། ད་ནས་བཟུང་དབུས་གཙང་ཆོལ་ཁའི་སྤྱི་ཁྱབ་རྒྱུན་ལས་ཁང་གི་རྒྱུན་ལས་རྣམ་པ་རང་ངོས་ནས་རྩ་དགོངས་ཞུ་རུ་བཅུག་རྒྱུ་དང་། ཡང་ན་དབུས་གཙང་གི་མི་མང་ཚོས་མང་གཙོའི་ཐོབ་ཐང་ལོངས་སུ་སྤྱོད་ནས་ད་ཡོད་ཀྱི་རྒྱུན་ལས་རྣམ་པ་རྒྱང་འབུད་གཏོང་རན་འདུག།
ཁྱེད་རང་མིག་གཅིག་ཞར་འདུག མདོ་སྟོད་ཆོལ་ཁའི་མཚམས་འཕྲིན་ནང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཟུར་ཙམ་ཡང་གླེང་མེད་པ་དེ་ལས་ཀྱང་དྲང་བདེན་མེད་པ་ངོ་ཚ་མེད་པ་འགན་ཁུར་མེད་ཞིག་མ་རེད་དམ། དྲང་མོ་ཞུས་ན་གཙོ་པོ་ཐུགས་རྗེ་ཆེ་ཞུས་དགོས་ས་དེ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ཡིན་པ་བསམ་ཡོད་ཅིག་ཡིན་ན་རྩོད་མེད་རེད། དྲང་མོ་ཞུས་ན་མདོ་སྨད་གྱིས་ཀྱང་དྲང་ཚུགས་ཟིན་མི་འདུག གང་ཡིན་ཟེར་ན་གཙོ་ཕལ་གོ་ལྡོག་འདུག འོན་ཀྱངགཅིག་བྱས་ན་་དགོས་དབང་གིས་དེ་ལྟར་བྱེད་འོས་པ་ཞིག་ཡིན་སྲིད། ད་རུང་གཅིག་བཤད་ན་ད་རེས་དྲང་ཚུགས་དང་ཁ་རུ་ཁ་ཐུག་ཞུས་མཁམ་དེ་དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁ་རེད་འདུག་པས་སྙིང་ནས་གུས་བཀུར་ཞུ། ཡིན་ཡང་ང་ཚོའི་སྤྱི་ཚོགས་འདི་དཀར་ནག་གོ་ལྡོག་གི་ལམ་འགྲོ་བཞིན་པ་ལ་བློ་ཕམ་ཚད་མེད་བྱུང་
མི་ཉག་སྐལ་བཟང་། ཁྱོད་ལྟ་བུས་ང་ཚོ་དབུས་གཙང་མི་མང་ལ་བསླབ་བྱ་ཨེ། དེ་ལས་ཁ་ནང་དུ་བལྟ་ནས་བསམ་བློ་ཐོངས། ཁྱེད་ཅག་མདོ་སྟོད་ཀྱི་མིང་འཁུར་བ་འགོ་ལ་སྡོད་མཁན་མང་པོ་ཞིག་གིས་བོད་ཀྱི་བསྟན་པ་ཆབ་སྲིད་ལ་རྨ་ཁ་བཟོས་པ་ཉུང་ཉུང་རྩ་བ་ནས་མིན། ལྷག་པར་གྲོས་ཚོགས་ནང་ཁྱེད་ཅག་གིས་ཤེས་འཇོན་ལྷག་བསམ་དྲང་ཚུགས་ལྡན་པའི་མི་རྣམས་ཕར་བཞག་ནས་ཆོལ་ཞེན་གྱི་བཟི་བའི་གསར་འབྱོར་འཁྱམས་པོ་མང་པོ་ཞིག་ལ་འོས་བླུགས་ནས་ད་བར་གྲོས་ཚོགས་ཁྲག་ལྟར་དཀྲུགས་པ་ནས་ང་ཚོའི་སྤྱི་ཚོགས་འདི་བཀྲ་མ་ཤིས་པའི་འགོ་བཙུགས་པ་རེད། ད་དུང་དེང་དུས་ང་ཚོའི་སྤྱི་འཐུས་ཀྱི་འོས་མི་ལ་ཡང་ཁྱེད་ཚོས་ཇུས་ཏོག་མང་པོ་བྱས་སོང་། རང་གི་སྐྱོན་ཏིལ་འབྲུ་ཙམ་མ་མཐོང་བར་ང་ཚོའི་ཆོལ་ཁའི་རྒྱུན་ལས་རྣམ་པར་ཇུས་ཏོག་མ་བྱེད། ད་བར་བཙན་བྱོལ་ནང་གི་རྙོག་དྲག་མེད་པ་བཟོ་དགོས་ན། གླེང་གཞི་ཅན་གྱི་སྐལ་རྡོར་སྲིད་སྐྱོང་འོས་ནས་མར་འཐེན་དགོས་པ་དང་། ཆེད་དུ་དཀྲུགས་ཤིང་རྒྱག་པར་ཡོང་བའི་སེར་རྟ་ཚུལ་ཁྲིམས་དང་པད་མ་བདེ་ལེགས་སོགས་གྲོས་ཚོགས་འཐུས་མིར་འོས་མ་བླུགས། དེ་ངས་ཁྱེད་ཅག་ལ་སློབ་གསོ་ཡིན། དེ་མིན་མཐུན་སྒྲིལ་ཟེར་བ་ཡོང་ཡས་མེད།
ད་ལྟ་དབུས་གཙང་རྒྱུན་ལས་རྣམ་པས་ལས་རྒྱུ་འབྲས་དང་མཐུན་པའི་ཐུགས་རྗེ་ཆེ་ཞུའི་གསུང་འཕྲིན་གནང་འདུག ཨ་རིའི་གྲོས་ཚོགས་དང་གཞུང་གིས་དེ་ལྟར་གྲོས་ཆོད་གཏན་འབེབས་གནང་བ་དེ་སྤྱིར་༸གོང་ས་མཆོག་གི་ཐུགས་རྗེ་དང་། ཐད་ཀར་འབྲེལ་བ་ཡོད་པ་དེ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་ཨ་རིའི་མི་སེར་བོད་མི་རྣམས་ཀྱི་བཀའ་དྲིན་རེད། བློ་སེང་འདི་པ་བྱས་ཉེས་མི་གོར་གཡོགས་རྒྱུ་དང་མིའི་བྱས་རྗེས་ཀྱང་རང་གི་ངོ་སོར་འཁྱེར་བར་ཐེ་ཚོམ་ཙམ་ཡང་མེད་པའི་ལྕགས་མདོང་རང་རེད།
དཔེ་མཚོན་མང་པོ་ཡོད།
དེ་བས་ཁྱེད་རང་གིས་ཨ་རིའི་གྲོས་ཆོད་དེ་ལྟར་བཞག་པ་དེ་བློ་སེང་གིས་དཀའ་ངལ་འདི་དང་འདི་བརྒྱབ་ནས་བྱུང་པ་རེད་ཅེས་དཔང་རྟགས་དང་བཅས་ཏེ་ཤོད་དང་། ང་ཚོ་ག་ལེར་བལྟ་ཆོག
བློ་བཟང་དང་ལྷག་པ་མིང་ཅན་གཉིས་ཀྱིས་ངའི་ཁ་ཆེ་ཕ་ལུའི་བསླབ་བྱ་བཀླགས་པར་བཀྲིན་ཆེ་ཞེས་ཞུ་རྒྱུ་ཡིན། ཁ་ཆེ་ཕ་ལུའི་བསླབ་བྱ་བཤད་ཡོད་དོ།། ཉན་དང་མ་ཉན་དོ་བདག་སོ་སོ་རེད།།
འོ་མི་ཉག་ཁྱོད་ཉོན། ད་ཡིན་ན། དངོས་གནས་དབུས་གཙང་མི་དམངས་གཉིད་སད་ཡོད་པའི་རྟགས་རེད། སྔར་བོད་བཙན་པོའི་ལོ་རྒྱུས་བཤད་དགོས་བྱུང་ན། བོད་རྒྱལ་ཁབ་ཀྱི་རྩ་བ་བཙུགས་མཁན་དབུས་གཙང་མི་དམངས་རེད། བོད་རྒྱལ་ཁབ་ཀྱི་ཆོས་དང་རིག་གཞུང་། རིག་གནས་དང་བཅས་པའི་ལྟེ་གནས་རྩ་བ་དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁ་ཡིན་པ་ཨ་ཅང་ཅང་། རྒྱལ་རབས་ལོ་རྒྱུས་ས་རིས་ཐང་གསལ་་་་་ང་ཚོའི་བྱས་རྗེས་ལ་ངོ་སོ་གཏོང་དགོས་དོན་མེད་ལ། འཁྱེར་དོན་ཡང་མེད། བཙན་འབྱོལ་ལོ་ངོ་དྲུག་ཅུའི་གནས་བབས་ནང་དུའང་། ༧གཞུང་ས་དགའ་ལྡན་ཕོ་བྲང་དང་། ༧རྒྱལ་བ་དོན་གྱི་བདག་པོའི་བཀའ་དགོངས་མཛུབ་མོ་གར་སྟོན་ཤར་དུ་བརྩིས་ཏེ་བུ་མཛངས་པ་ལྟ་བུར་གནས་མཁན་དབུས་གཙང་མི་དམངས་རེད། འོན་ཀྱང་དུས་ཡུན་ལོ་རབས་དེ་དག་གི་ནང་མདོ་སྟོད་ཆོལ་ཁའི་མི་བུ་དག་གིས་ཡ་ཀི་གྲོས་ཚོགས་རྭ་བ་ནས་བཟུང་སྟེ། ཁམས་ཞེན་སྐམ་པོ་གཏི་ཐུག་་་་སྤྱོད་ཉེས། ཁ་འཛིང་། ལག་འཛིང་་་་ལུ་གུ་རྒྱུད་དུ་སྤེལ་བའི་བྱེད་འབྲས་་་་ལས་་་་ད་ལྟའི་གནས་བབས་འདི་བྱུང་བ་རེད། ད་དུང་ཤོད་དང་། གཉིས་སད་མཁན་མང་དུ་མང་དུ་འགྲོ་གི་རེད།
པདྨ་གར་དབང་། ཁྱེད་རང་གཉིད་སད་པར་ད་དུང་ལོ་དུ་མ་འགོ་ས་རེད། རེད། སྤྱི་ལོ་༡༩༥༩ ལོའི་གཡས་གཡོན་དང་། དབུས་གཙང་གི་སྐུ་དྲག་རིང་ལུགས་པའི་དབང་བསྒྱུར་དང་རྒྱབ་ལྗོངས་སོགས་ལ་ཞིབ་བལྟ་བྱས་པ་ཡིན་ན་ད་ནི་དབུས་གཙང་གི་མི་མང་ཚོ་གཉིད་སད་དགོས་པའི་དུས་ཚོད་ཏག་ཏག་རེད། བཙན་བྱོལ་དུ་འབྱོར་དགོས་པ་ཡང་དབུས་གཙང་མི་མང་གི་བཀྲིན་ཡིན་རྒྱུ་ཡིན། གྲོས་ཚོགས་ར་བའི་ཕྱི་ནང་གང་སར་ཞི་འཇམ་དང་ཐབས་མཁས་པོའི་སྒོ་ནས་ང་ཚོའི་སྤྱི་ཚོགས་ཆུང་ཆུང་འདི་ཐུག་པ་དཀྲུག་མཁན་དབུས་གཙང་མེད་ལབ་ན་མི་ཚང་མ་འོན་པ་དང་ལོང་བ་ཡིན་པ་ཐག་གི་ཆོད།
སློབ་བཟང་སངས་རྒྱས་ཀྱིས་ལོ་ངོ་བཅུ་ལ་མཁའ་དབུགས་བཙོག་པ་བཟོ་བྱེད་ཀྱི་སྐྱག་པ་ཀེ་ལོ་བཅུ་བཏང་ཡོད་པ་དེ་མ་གཏོགས་གཞན་བྱས་རྗེས་ཅང་བཞག་མེད། ཁོ་ལ་ངེས་པར་དུ་བྱས་རྗེས་ཤིག་བགྲང་དགོས་ན་ངོ་ཚ་མེད་པ། ཁྲིམས་མེད་ལུགས་མེད་བྱེད་པ། ཅོལ་ཆུང་། གཞན་གྱི་བྱས་རྗེས་བདག་གིར་བྱེད་པ། ད་དུང་དེས་ག་ལ་ཁོའི་རྗེས་སུ་ཧ་པ་(རྒྱ་མིའི་སྐད་དུ་ཁྱི་ཕྲུག་ཆུང་ཆུང་གི་རིགས་ཤིག)འགས་ཀྱང་ཀླ་ཀློའི་སྤྱོད་པ་ལྷུར་ལེན་བཞིན་པ་དེ་ཚོ་བགྲོངས། གཞན་བཙན་བྱོལ་བོད་མིའི་ལོ་ངོ་བཅུའི་ཆབ་སྲིད་ཤོག་དཀར་ངོས་སུ་ཀླད་ཀོར་ཞིག་ཀྱང་བྲིས་མེད་པར་ཤོག་སྟོང་དུ་བཞག་ཡོད་པ་དེ་རེད། གོ་སོང་ངམ།
མི༷་ངན་སྣ་ཉ༷ག་སྐ༷ལ་ངན་བཟ༷ང་ཕོངས་ཉོན།།
རང་ངོར་འབྲོང་གཡག་འགྲོ་བ་མི་མཐོང་བར།།
གཞན་ངོར་ཤིག་སྲོ་ཡོད་པ་མཐོང་བ་འདི།།
ལྷས་ཀྱང་མ་ཟད་འདྲེ་ཡང་ཁོང་དགོད་ཤོར།།
ཁྱི་དང་འདི་ཚོར་ངོ་ཚ་མེད་པ་ཧ་མི་ལས།།
སློབ་བཟང་སངས་རྒྱས་ཁྲམ་པའི་ཨབ་ཕྲུག་གོ།།
གལ་སྲིད་དབུས་གཙང་མི་དམངས་མེད་བཙན་བྱོལ་སྤྱི་ཚོགས་ཆུང་ཆུང་འདི་ཁམས་པས་གནའ་སྔ་མོ་ལ་གཏོར་ལུང་གཏོར་བྱས་ཚར་རེད། རྣམ་ཐར་དང་ལོ་རྒྱུས་རྙིང་པ་སོགས་ལ་ལྟོས་དང་། ཁམས་པ་ཞེས་པ་ནི་རྐུན་ཇག་གི་དོན་རེད། ཀློང་ཆེན་རབ་འབྱམས་པའི་སྙན་ངག་ཀློགས་དང་། ཁམས་པ་ཞེས་པ་དེ་གནའ་སྔ་མོ་ག་འདྲ་ཡོད་མེད་ཤེས་ཡོང་།
དྲང་པོ་བཤད་ན་ཨ་རིའི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་ཡིག་དེ་ཧ་ཅང་གི་གཟི་བརྗིད་ཅན་ཞིག་རེད་ལ་དེ་ལ་ང་ཚོའི་འཇུག་སྐྱོང་མ་ཐུབ་ན་ཤོག་སྟེང་གི་ཁྲིམས་ཡིག་དུ་ལྷག་སྲིད་ལ་ད་ལམ་གྱི་ཁྲིམས་ཡིག་གཏན་འབེབས་ཐུབ་པ་ནི་ལོ་མང་རིང་ང་ཚོའི་ཞུ་སྙན་རིམ་འབུལ་གྱི་སྒྲུབ་འབྲས་ཞིག་ཡིན་པ་མ་ཟད་གཙོ་བོ་༸གོང་ས་མཆོག་གི་ཐུགས་སྐྱེད་སྨོན་ལམ་དང་དབུས་བོད་མིའི་སྒྲིག་འཛུགས་འཛིན་སྐྱོང་བཀའ་ཤག་དང་དཔལྡན་སྲིད་སྐྱོང་མཆོག་དང་མང་གཙོའི་ཀ་བ་གསུམ་ཨ་རི་དོན་གཅོད་དང་བོད་དོན་ལས་འགུལ་ཁང་དང་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་ལྷག་དོན་དུ་སྔ་ལོ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཞིང་བཤེགས་རིན་པོ་ཆེའི་ཚ་མོ་ཉི་མ་ནས་ཨ་རིས་སྲིད་འཛིན་ཌོ་ནལ་ཊོམ་ལ་དངོས་སུ་གདོང་ཐུག་ནས་ཞུ་བསྐུལ་གནང་བ་སོགས་ལ་བརྟེན་ནས་བྱུང་བ་ལ་ངོས་འཛིན་དང་བཅས་ང་ཚོ་ནང་ཁུལ་གླེང་སྙོགས་མི་དགོས་པའི་གཙོ་འདོན་གནང་དགོས་པའི་འབོད་བསྐུལ་དུ་།
བོད་མིའི་སྒྲིག་འཛུགས་བློ་སེང་བཀའ་ཤག་ལ་ཟུར་ཟ་སྐྱོན་འཛུགས་བྱེད་མཁན་སུ་ཡིན་ཤེས།
རྒྱ་དམར་པོར་དགའ་བའི་གཏམ་བཤད་དེ་དངུལ་ཕྲན་བུ་རག་པའི་རྟགས་མཚན་རེད།
དུས་ནམ་ཡང་རང་གི་རྒྱལ་ཁབ་དང་འགོ་འཁྲིད་མཁན་རྣམས་ལ་སྨད་མི་རུང།
ལྷ་སྲུང་མ་ལས་འབྲས་ཁྱོད་རྒྱབ་ལ་དུས་ཉིན་མཚན་མེད་པ་གཟིགས་ཤིང་ཡོད།
མའུ་ཙེ་ཏུང་་་་གིས་སྤྲང་པོ་འདུ་འཛོམས་བྱས་ཏེ་་་་རྒྱ་ནག་གི་སྐུ་དྲག་མེས་པོ་དམ་པ་རྣམས་ལ་རྒོལ་རབས་འདུག རྒྱ་ནག་གཞུང་སྤྲང་པོའི་ལག་ཏུ་གཏད་དེ་་་་་ད་ཆ་ཡ་ང་བའི་གནས་སུ་ལྷུང་ཡོད་པ་འདི་རེད། དེ་བཞིན་བོད་ཀྱི་མཐའ་མི་་་་མི་ཉག་མིང་ཅན་ཁྱོད་་ཀྱང་བོད་བཙན་པོའི་སྐུ་དྲག་ལ་རྒོལ་རྩིས་རེད། རེ་བ་ནམ་ཡང་མ་བྱེད། ༸གཞུང་ས་དགའ་ལྡན་ཕོ་བྲང་གི་མཛད་གཙོ་གཙོས་པའི་བོད་རྒྱལ་ཁབ་ཀྱི་སྐུ་དྲག་ལ་རྒོལ་བརྩིས་་་་ཡ་ཀི་གྲོས་ཚོགས་རྭ་བ་ནས་བཟུང་སྟེ་་་་་གླགས་མ་བརྙེད་སྟབས་་་དྲི་བ་བཅུ་བདུན་་་་་ལ་སོགས་པའི་་སྲང་ལམ་ཚུན་ཆད་དུ་ལས་འགུལ་་་་སྤེལ་བ་ཉུང་ཉུང་མིན། ཁྱོད་ཚོས་ད་དུང་་་སྐུ་དྲག་་་་དང་། བོད་ཀྱི་དབུས་གཞུང་མེད་པ་ནམ་ཡང་གཏོང་ཐུབ་ཀྱི་མ་རེད། རྒྱ་མའུ་ཙེ་ཏུང་གིས་མེད་པ་བཟོ་མ་ཐུབ་པར་་་་་ཁྱོད་འདྲ་པོ་མཐའ་མི་ཞིག་གིས་ག་ལ་བཟོ་ཐུབ། སྲིད་སྐྱོང་བློ་བཟང་སེང་གེས་ཡག་ཉེས་ག་རེ་བྱས་ཡོད་མེད་་་་བོད་ཆོལ་ཁ་གསུམ་གྱི་མི་དམངས་ཀྱིས་གསལ་གལལ་ཐིང་ཐིང་་་མཐོང་ཡོད། སྲིད་སྐྱོང་གི་བྱས་རྗེས་་་ཡིན་ཟེར་་་་ཁྱོད་འདྲ་པོ་གཅིག་གིས་ཁམས་ཞེན་དུབ་ཚལ་གནམ་ལ་འཕྱར་འཕྱར་བྱས་ཏེ་་ངོ་གསོ་གཏོང་དགོས་དོན་ཅི་རེད། སུ་ལ་གཏོང་གི་ཡོད་རེད། སྲིད་སྐྱོང་ང་ཚོས་བསྐོས་པ་རེད། ལས་དེ་བྱ་རྒྱུ་ཁོ་རང་གི་ལས་འགན་རེད། ཁྱི་ལ་འཚོ་རྒྱུ་རྔ་མ་ཟེར་བ་གོ་མ་མྱོང་ངམ། དབུས་གཙང་སྐུ་དྲག་མེས་པོ་དེ་ཚོ་མེད་་ན་་་ད་ལྟའི་བཙན་འབྱོལ་བོད་གཞུང་་་་ཟེར་བ་ཡོང་རྒྱུ་མེད་པ་ཨ་ཅང་ཅང་། ཁྱོད་རས་ལབ་པ་དངོས་བདེན་རེད། སྐུ་དྲིན་སོམས། ཁྱོད་འདྲ་པོ་མཐའ་མི་དེ་ཚོས་ངོ་རྒོལ་་་མགོ་རྟིང་སློག་རྩིས་བྱས་ཀྱང་། མཆོད་རྟེན་མགོ་གཞུག་སློག་ནའི་བང་རིམ་སྐེད་པར་གནས་ཡོད་་་་ཕྲ་ལམ་མེར་གནས་ཡོད། ཁྱོད་ཚོས་འཐེན་འཁྱེར་ཧུར་བརྩོན་ཅི་བྱས་་་མིག་མཐོང་ལག་ཟིན་རེད། གཉིས་སད་པ་མ་རེད། སད་དགོོོོོོོོས་མེད། ལོ་ངོ་དྲུག་ཅུ་ཙམ་གྱི་རིང་ལ་་་་༸རྒྱལ་བའི་བཀའ་དགོངས་ལ་ཤར་བསྐྱོད་བྱས་ཏེ་་་་་ཞི་འཇམ་ལྷིང་འཇགས་ཡོང་རེ་རེད། ད་ཆ་་་་ཁྱོད་ཚོའི་ཁམས་ཞེན་་་སྤྱོད་རྩུབ་ལ་བོད་གངས་ཅན་པ་བསམ་ཡོད་ཀུན་སྐྱུགས་མེར་ལངས་ཡོད། ཁྱོད་འདྲ་བོ་གཅིག་གིས་དབུས་གཙང་མི་དམངས་ལ་གདམས་རྒྱུ་ཨེ། ཀ་མད་སུམ་ཅུའི་འགྲོ་སྟངས་ཤེས་པར་བྱོས་་་་སྔོན་ལ་་་།
ཁམས་པས་དབུས་གཙང་ལ་གདམས་པ་ཟེར་ན་། འདི་ཡ་མཚན་རེད།
མི་ཉག་སྐལ་བཟང་ཟེར་བ་མིང་གོ་མ་ཐག་མི་ཉག་ཞེས་པ་མི་ཞིག་གི་ག་རེ་བྱེད་ཡོད་པ་དེ་ལྷང་ངེར་དྲན་བྱུང་། ཁྱོད་ངེད་དབུས་གཙང་མི་མང་ལ་གདམས་དགོས་པའི་རྒྱུ་མཚན་གང་ཡང་མཐོང་གི་མིན་འདུག ཁྱེད་རང་མཛུབ་མོ་རང་ཕྱོགས་སུ་འཛུགས་ནས་ལྟོས་དང་། གདམས་དགོས་ན་མདོ་སྟོད་མི་མང་ཉུང་ཤས་དེ་ལ་གདམས་རན་འདུག ང་ཚོ་བཙན་བྱོལ་དུ་སླེབས་ནས་བཟུངས་མདོ་སྟོད་མི་མང་ཉུང་ཤས་ཞིག་ནས་བཙལ་བྱོལ་ནང་རྙོག་གླེང་གང་དང་གང་བཟོས་ཡོད་པ་ངེད་ཚང་མས་ཤེས་གསལ་རེད། (དང་པོ་ཚོགས་ཁག་ ༡༣ གྱི་རྙོག་གླེང་དང་། ཐེ་ཝན་ཕོགས་ཟན་གྱི་རྙོག་གླེང་། ཆུ་བཞི་གང་དྲུག་གི་རྙོག་གླེང། དོལ་རྒྱལ་ཚོགས་པའི་རྙོག་གླེང་། ༢༠༡༦ སྲིད་སྤྱི་གཉིས་ཀྱི་རྙོག་གླེང་་་་་་་ད་དུང་གང་དང་གང་ཡོད་) གྲོས་ཚོགས་ར་བའི་ནང་ལྟོས་དང་རྙོག་གླེང་ག་ཚོད་བྱུང་སོང་། དབུས་གཙང་དང་མདོ་སྨད་ཀྱི་བདག་པོ་མ་བརྒྱབས་པའི་མི་(ཀརྨ་ཆོས་འཕེལ། ཀླུ་གར་འཇམ། ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར།) མདོ་སྟོད་མི་འགས་བདག་པོ་རྒྱབས་ནས་གང་དང་གང་བྱས་ཀྱི་འདུག་གསལ་པོ་རེད། སྟབས་ཡག་པ་ཞིག་ལ་ང་ཨ་ཕ་མདོ་སྟོད་ཡིན་རུང་ཨ་མ་དབུས་གཙང་ཞིག་ཐུག་འདུག ངས་ཨ་པ་མདོ་སྟོད་ཁྱུང་པོ་ཡིན། མདོ་སྟོད་གཞན་དང་མི་འདྲ་བར་ཆོལ་ཁའི་འཐེན་འཁྱེར་ཕྲ་མོ་ཙམ་ཡང་མ་གོས་པར་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལ་ཤར་བསྐྱོད་བྱེད་མཁན་ཞིག་ཡིན་པ་དེ་གུས་མོ་དུས་དང་རྣམ་པ་ཀུན་ཏུ་དགའ་སྤོབ་སྐྱེས་འོས་པ་ཞིག་རེད་མ་གཏོགས་གཞན་ང་མདོ་སྟོད་ཀྱི་མི་(རྙོག་གླེང་བཟོ་མཁན་གྲས། )ནང་ཚུད་ཡོད་ན་ད་ཚོད་མགོ་བོ་སྒུར་ནས་སྡོད་དགོས་བྱུང་བ་འདུག (གུས་མོའི་འདིར་མདོ་སྟོད་མི་མང་ཚང་མར་ཞུས་ཀྱི་མེད། མདོ་སྟོད་མི་མང་ནང་མི་བྱས་རྗེས་ཅན་གྲངས་ལས་འདས་པ་ཡོད། ཁོང་རྣམ་པའི་བྱེས་རྗེས་ལ་རྐང་རྗེས་ལག་བསུབས་གཏང་མཁན་ཡང་མི་ཉུང་བ་འདུག མདོ་སྟོད་མི་མང་ཚང་མར་ཞུས་ཀྱི་མེད་པ་ངས་འདིར་གསལ་བཤད་བསྐྱར་དུ་ཞུ་འདོད་བྱུང་)
ཁྱེད་ནས་ “ཤ་ཟད་རུས་ལ་ཐུག་རུང་དབུས་དང་གཙང་གཉིས་ཁ་བྲལ་དུ་གཏོང་འདོད་མེད་ལ། དབུས་དང་གཙང་གི་བར་ལ་འགལ་ཟླའི་འབར་རྫས་ཀྱང་གཡུག་འདོད་མེད། མཐའ་ན་མདོ་སྟོད་སྨད་དང་དབུས་གཙང་གི་བར་ལ་རྨ་ཁ་ཆུང་ངུ་ཙམ་ཡང་དེ་བས་བཟོ་འདོད་མེད།”ཞེས་བཀོད་འདུག་པ་ ཁྱེད་ཀྱི་འབད་བརྩོན་གང་ཡོང་བྱེད་ཀྱང་ནམ་ཡང་ཁ་བྲལ་གཏོང་ཐུབ་ཀྱི་མ་རེད་ལ་རྨ་ཁ་ཆུང་ངུ་ཙམ་ཡང་བཟོ་ཐུབ་ཀྱི་མ་རེད། བཅས་སྐལ་བཟང་མཐོ་བོའི་ངང་ཞུ་འདོད་བྱུང་།
ང་ཚོ་ད་ལྟའི་སྲིད་སྐྱོང་གི་མིང་ལ་ཁོང་དར་རྒྱས་གླིང་ལ་ཡོད་དུས་་་་་བློ་བཟང་སངས་རྒྱས་་་་་ཟེར། དུས་སྐབས་ཀྱི་ཁོང་གི་རང་བཙན་ལག་དེབ་སྒང་ལ་སློབ་བཟང་སངས་རྒྱས་བྲིས་ཡོད་རེད། ཁོང་སྲིད་སྐྱོང་ལ་འཁོད་རྗེས་དབྱིན་ཡིག་ཁོའི་མིང་ཀློག་སྟངས་ལས་བློ་བཟང་སེང་གེ་བྱུང་པ་རེད། དེ་ནས་བཟུང་ཁོས་ཁོའི་མིང་བློ་བཟང་སེང་གེ་ཡིན་མདོག་གིས་ད་ལྟ་འགྲོ་བཞིན་པ་འདི་རེད། དེ་ནས་བཟུང་ཁོས་སྐྱག་རྫུན་བཤད་ཡ་འགོ་བཙུག་པ་རེད། དེ་ནས་བཟུང་རྟེན་འབྲེལ་མགོ་ནས་འཕྱུག་པ་རེད། དེ་ནས་བཟུང་སློབ་སྦྱོང་མེད་པའི་ཁོའི་རྒྱབ་སྐྱོར་བ་་རེ་ཟུང་གི་བྱེད་སྟངས་ལས་ལོ་ངོ་དྲུག་ཅུ་རིང་བཙན་བྱོལ་ནང་བྱུང་མ་མྱོང་བའི་ཆོལ་ཞེན་སྐམ་པོ་འདི་སླེབས་པ་རེད།
ཉིས་སྟོང་གཉིས་ནས་མགོ་བཙུགས་པའི་ད་རེས་ཨ་རིའི་བོད་དོན་ཁྲིམས་ཆར་འདི་ལ་བོད་མི་ཡོད་དོ་ཅོག་གིས་ཤུགས་བརྒྱབ་ཡོད་རེད་ཡིན་ནའང་འདས་པའི་ལོ་ངོ་བཅོ་བརྒྱད་རིང་འདིའི་ཆེད་དུ་དཀའ་ལས་རྒྱག་མཁན་གཙོ་བོ་་་་་་་་་་་་་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་་་་་་་་་་རེད། འདི་ནི་ལོ་བཅོ་བརྒྱད་རིངདཀའ་ལས་བརྒྱབ་པའི་གྲུབ་འབྲེས་ཤིག་ཡིན་ངེས། འདི་གོང་ས་ཆོག་གི་བོད་ལ་གནང་བའི་བྱིན་རླབས་ཡིན་ཟེར་ཀྱང་ཆོག
དབུས་གཙང་ཆོལ་ཁར་གདམས་པའི་ཁ་ཆེ་ཕ་ལུའི་བསླབ་བྱ། ཅེས་པའི་མི་ཉག་སྐལ་བཟང་གི་འཆད་རྩོམ་ལ་ཞིབ་ནས་དོན་དངོས་ཇི་ཡིན་ཡིད་ཆེས་དཀའ་བའི་གནས་ལ་སོང་ཁྱེད་ཀྱི་དབུས་གཙང་རྒྱུན་ལས་ནས་སྤེལ་པའི་བསྒྲགས་གཏམ་དེ་འདི་མཉམ་བཏོན་ཡོད་ན་དངོས་བདེན་དེ་ཤེས་ཐུབ། དེ་མ་ཤེས་བར་ལན་ཞུ་ཐུབ་རྒྱུ་དཀའ་པོ་ཡིན་འདུག གང་ལྟར་ཡང་ད་ལེན་གྱི་གནས་ཚུལ་འདི་ནས་གང་ཤེས་ཟེར་ན་བོད་དོན་ཆེད་ལས་དོན་གང་སྤེལ་ཡིན་ཀྱང་རུང་སུས་སྤེལ་ཡོད་ཀྱང་རུང་བོད་མི་ཚང་མས་སམ་མང་ཆེ་བས་རྒྱབ་གནོན་ཞུ་རྒྱུ་གལ་འགངས་ཆེན་པོ་ཡིན་པ་དེ་ཨ་གོ་དོན་རྟོགས་ཐུབ་པ་བྱུང་སོང་བསམ། གང་གིས་ཞུས་ན་དེ་ལྟའི་གནས་སྐབས་སུ་དུས་རྒྱུན་བོད་མིའི་ནང་སེམས་འཁུར་ཞུ་མཁན་འདི་ལས་མང་ཙམ་བྱུང་ན་བསམ་པའི་དུས་མང་ཙམ་མཐོང་བ་དང་འཚོར་མྱོང་། དཔེ་ན་ཨ་རིའི་ནང་བོད་དོན་ཞུ་བསྐུལ་ཆེད་ཌི་སི་རུ་ DC རྒྱལ་སྤྱའི་བོད་དོན་ལས་ཁུངས་ནས་གྲ་སྒྲིག་འོག་ལོ་རེར་དུས་གཅིག་མངའ་སྡེ་སོ་སོའོ་འཐུས་མི་སམ་དེའི་ལས་ཁུངས་ལས་འཛིན་པ་སོགས་མཇལ་བཅར་གྱི་གནད་དོན་དུ་རྒྱབ་གཉེར་ཡོང་པའི་ཞུ་འབོད་ཞུས་ནས་ལོ་མང་སོང་ཡོད། མངའ་སྡེ་ཁག་ནས་བོད་མི་བཅར་མཁན་ལོ་རེ་ནས་ལོ་རེ་མང་དུ་འགྲོ་བའི་དགོངས་འཆར་གནང་གི་འདུག་ཀྱང་ལོ་སྔོན་མའི་སྐབས་བོད་མི་ ༡༥༠ ལས་མང་པ་ཕལ་ཆེར་འཛོམས་མེད་པ་སྙམ། དེ་ཡང་མང་ཆེ་བ་གཞོན་སྐྱེས་ཡིན་འདུག་པ་བཟང་པའི་ཆ་ཞིག་ལོས་ཡིན་ཀྱང་ཟས་སུ་ཊིང་མོག་དང་དོན་དུ་མ་འོང་སོན་རྩ་ཞུ་བ་ཉུང་གྲངས་ཡིན། སྐད་ཆ་བཤད་མཁན་ལས་དོ་འཁུར་དང་རྒྱབ་བསྐྱོར་ཞུ་མཁན་མང་པ་ཡོད་ན་ལེགས་ཆ་དང་རེ་ཕན་ཀྱང་གསོན་ཆེ་བ་མིན་ནམ།། ཕྱིས་སུ་གང་མང་ཕེབས་ཐུབ་པའི་རེ་བ་ཞུ་རྒྱུ་ཡིན།།
སླར་དབུས་གཙང་ཆོལ་ཁའི་བསྒྲགས་གཏམ་དུ་རྒྱབ་གཤིས་ཀྱི་ཕྲན་ཙམ་ཞུས་ན། ཁྱེད་ནས་འབྲི་བཀོད་ཞུས་པ་ལྟར་གལ་སྲིད་དབུས་གཙང་ཆོལ་ཁའི་བསྒྲགས་གཏམ་ནང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་སྲིད་སྐྱོང་གཉིས་ཀྱི་མཚན་ཙམ་ཡང་བཀོད་མེད་ན་དེ་ནི་ནོར་བ་ལོས་ཡིན་ཀྱང་ཁྱེད་ཀྱི་བརྗོད་བྱའི་ནང་དུའང་སྲིད་སྐྱོང་ལ་དགོས་གལ་ལས་ཆེ་བའི་བསྟོད་མངགས་ཞུས་འདུག་པ་ཕན་ལས་གནད་ཆེ་བས་གཟབ་གལ་མཐོང་། སྲིད་སྐྱོང་བློ་སེང་ལགས་ཆོལ་གསུམ་བོད་མིའི་འོས་བསྡུས་པའི་སྲིད་སྐྱོང་ཞིག་ཡིན་པར་རྩོད་མེད་ཡིན་ནོ།།
༢༠༢༡ སྲིད་སྐྱོང་ལ་བཀའ་ཟུར་རྒྱ་རི་སྒྲོལ་མ་ལགས་སམ་བཀའ་ཟུར་འབྲོང་ཆུང་ལགས་གང་རུང་ལ་འོས་གནང་ཤོག
དབུས་གཙང་རྒྱུན་ལས་ནས་གནང་བའི་གསལ་བསྒྲགས་དེ་དང་པོ་མཐོང་དུས་ཕྲན་བུའི་ཁྱད་མཚར་པོ་འདྲ་བོ་ཞིག་ཏུ་མཐོང་ཡང་ཞིབ་ཕྲ་བསམ་ན་ཡ་མཚན་རྒྱུ་གང་ཡང་མིན་འདུག་ནམ་རྒྱུན་ང་ཚོའི་སྤྱི་ཚོགས་ནང་དཀའ་ལས་གཡོག་པོས་བརྒྱབས་ཀྱང་ངོ་གསོ་དཔོན་པོས་འཁུར་མཁན་མང་པས་རྐྱེན་ལས་དཀའ་ལས་དངོས་གནས་རྒྱག་མཁན་ཟུར་དུ་ལྷག་འགྲོ་བའི་སྟོང་ཆ་དེ་བསྐངས་ཐུབ་པ་བྱུང་འདུག ད་ལྟའི་ཨ་རིའི་གྲོས་ཆོད་དེ་ཡང་དངོས་གནས་བྱས་ན་གཙོ་བོ་༧གོང་ས་མཆོག་གི་མཛད་པའི་འོད་ཟེར་དང་། ཨ་རིའི་ནང་གི་ཚོགས་པ་ཁག་དང་། མི་སྒེར། བོད་དོན་རྒྱབ་སྐྱོར་བ་སོགས་ཀྱིས་ལོ་ནས་ལོ་མཐུད་དེ་དཀའ་ལས་བརྒྱབས་པའི་གྲུབ་འབྲས་དུས་སུ་སྨིན་པ་ཞིག་ཡིན་དེ་ནང་བཙན་བྱོལ་བོད་གཞུང་གི་དབུ་འཛིན་སྐུ་ངོ་སྲིད་སྐྱོང་མཆོག་གིས་དབུས་མཛད་གཙོ་རྣམས་ཀྱང་ཚུད་ཡོད། དབུས་གཙང་ཆོལ་ཁའི་རྒྱུན་ལས་ནས་ཚོགས་པ་དེ་ཚོར་ཐུགས་རྗེ་ལེགས་འབུལ་ཞུས་པ་ནི་མདོ་སྟོད་ཆོལ་ཁའི་གསལ་བསྒྲགས་ནང་་མ་ཚུད་པའི་ཚོགས་པ་ཁག་ལ་དེ་ལྟར་ཐུགས་རྗེ་ཆེ་ཞུས་པ་ཡ་རབས་བཟང་སྤྱོད་དང་མཐུན་པ་ཞིག་རེད། མི་ཁ་ཤས་ནས་མ་རུང་ཁོག་བཅང་གིས་་དབུས་གཙང་ཆོལ་ཁས་མ་སྒྲིག་པ་དང་། མ་འཐུས་པ་ངན་ཁག་ཁོ་ན་དཀྲི་བ་ནི་དགོས་དམིགས་གཞན་ཞིག་ཡོད་པར་ངེས།
མདོ་སྟོད་ཆོལ་ཁའི་གསལ་བསྒྲགས་ནང་གོང་ས་མཆོག་ལ་བཀའ་དྲིན་ཞུས་མེད་ལ་གྲོས་ཆོད་འདི་བྱུང་བར་ཤུགས་རྒྱག་མཁན་གཙོ་བོའམ་རྐང་འགན་འཁུར་མཁན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ལ་ཐུགས་རྗེ་ཆེ་ཞུས་མེད།
བློ་སངས་ནི་སྐབས་འདིའི་སྲིད་སྐྱོང་ཡིན་པ་ཙམ་རེད། སོང་ཙང་བཀའ་དྲིན་ཞུ་དགོས་ཡ་གད་མཐོང་མ་སོང་།
རྣམ་དཔྱོད་ལྡན་ལ་ཆོལ་ཁ་དང་ལུང་ཚན་གྱི་འཐེར་་ཁྱེར་ཉུང་བའི་དབུས་གཙང་མི་མང་ལ་མཚོན་ན་བོད་གངས་ཅན་ལྗོངས་ཀྱི་ཁང་པའི་ཀ་བ་ལྟ་བུ་ཡིན་པས་དེ་ལ་ཁ་ཆེ་བ་ལུའི་བསླབ་བྱ་དགོས་དོན་མེད་་བྱ་དགོས་པ་དང་མ་དགོས་པ་བྱེད་རུང་བ་དང་མི་རུང་བ་མདོར་་ན་ལེགས་ཉེས་ཀྱི་སྤང་བླངས་ཚང་མ་འབྱེད་ཤེས་པའི་རྣམ་དཔྱོད་དང་ལྡན་ཡོད་པས་ཐུགས་ལས་ཆུང་བ་མཛད་མི་དགོས་སོ།
གཅིག་གིས་གཅིག་ལ་མ་སྨད་རང་ཡུལ་འཕྲོག་མཁན་ཁོ་ལ་སྨད།
བཤད་རྒྱུ་རྩོད་རྒྱུ་ཡོད་ན་རང་ཡུལ་བཙན་འཕྲོད་པ་ལ་ཤོད།
བདེན་པ་བརྡར་རྒྱུ་ཡོད་ན་ཕ་རོལ་པོ་ལ་བརྡར་དགོས།
དོན་མེད་བྱིས་པའི་སྐད་ཅོར་དྲ་རྒྱའི་ནང་ལ་མ་ཤོད།
རང་གི་རང་ཡར་བཀྱགས་ན།
སྐྱག་པས་རང་རྐུབ་ཡར་བཀྱགས།
མཁས་པ་དགོད་མོ་ཤོར་ཡོང།
མཁས་མིན་གད་སྙིགས་བསམ་ཡོང།
རྩོམ་པ་པོ་མི་ཉག་སྐལ་བཟང་ཡིན་གནས་དང་དེ་རྗེས་ཆོལ་ཁའི་ཁུངས་དད་ནས་མདོ་སྟོད་ལ་སྐྱོན་འཛུགས་བྱ་ལམ་ལ་ཞིབ་ན་མི་ཉག་སྐལ་བཟང་མིང་དུ་དོག་གནས་དང་ཁོ་བོས་མིང་ཅན་རྩོམ་དེ་ཡང་དགོས་དབང་ལས་བརྩམས་པ་འདྲ་པོ་འདུག སོ་སོའི་བོད་སྤྱི་བའི་ལས་དོན་དང་ང་ཚོའི་༸དབུ་ཁྲིད་མཆོག་གི་བཀའ་དགོངས་བསྒྲུབ་མཁན་གྱི་འོས་ཆོས་བཟང་བ་སུ་འདོད་ནའང་དེ་ལ་འོས་གནང་རོགས།།
ངས་ནི་རྒྱ་རི་སྒྲོལ་མ་ལགས་དང་འབྲོང་ཆུང་ལགས་གཉིས་འོས་ཤོས་མཐོང་བས་ཁོང་གཉིས་གང་རུང་ལ་འོས་ཞུ་ཡི་ཡིན་ནོ།།
མི་ནག་སྐལ་བཟང་ཟེར་བ་ཉོནད་ཅིག འབི་རིའི་ཁོ་ཕ་རྒན་ཨོ་སྟོབས་ཟེར་བས་༧གོང་ས་མཆོག་མངོན་སུམ་མེད་ཀྱི་ངང་ནས་༧གོང་ས་མཆོག་༼ཏ་ལཱའི་བླ་མ་བསྟན་པ་བཤིག་མཁན་གྱི་སྟ་རེ་ངོ་མ་༽ རེད་ཟེར་བ་དང་། བཀའ་རྒྱུད་སྤྱི་འཐུས་བསྟན་པ་ཡར་འཕེལ་ཟེར་བས་གཞུང་བསྟན་དགྲ་གནས་ཆུང་ཆོས་རྒྱལ་ཚེ་མོར་དམའ་འདེབས་སོགས་བོདཔའི་སྤྱི་ཚོགས་ཕུདཀྲུག་མདའདཀྲུགས་བགྱིས་དུས་ཁྱི་རྒན་ཁྱོད་ཀྱི་ཁ་སྐག་པས་བཀག་སོང་ངམ། ཡང་ན་ཁྱི་རྒན་དེ་ཚོ་ཁམས་པ་ཡིན་པའི་རྒྱུ་མཚན་གྱིས་རེད་དམ། ཁམས་ཞེན་རིང་གཞུང་པ་ཁྱོད་ལྡ་བུས་དབུས་གཙང་ཆོལ་ཁའི་སྐོར་ལ་སྐད་ཆ་བཤད་རྒྱུ་ཐོབ་ཐང་རྟ་ཅམ་ཡང་ཡོད་མ་རེད་དེ་ཤེས་པར་གྱིས་ཤིག
སྤྱིར་བཏང་མི་ཉག་སྐལ་བཟང་འདྲ་བའི་ཨ་རོག་ཁམས་པ་རྣམས་ཀྱིས་ནམ་རྒྱུན་སྐུ་དྲག་གིས་མ་འགྲིག་མ་འཐུས་པ་རྐྱང་བཤད་ཀྱི་འདུག ད་ལྟ་ང་ཚོས་རྩོད་རྒྱུ་ཡོད་པའི་དབུ་མའི་ལམ་དང་རང་བཙན་གང་ཡིན་ཡང་རྩོད་རྒྱུའི་གཞི་རྩ་ཡོད་པ་འདི་བོད་སྡེ་པ་གཞུང་གིས་སྐུ་དྲག་རྣམས་ཀྱིས་གཞུང་ཞིག་བཟུང་བ་ལ་བརྟེན་ནས་བྱུང་བ་ལས། ཨ་རོག་ཁམས་པས་གཞུང་བཟུང་ནས་བྱུང་མེད། འབྲི་ཆུའི་ཕ་རོལ་གྱི་ཨ་རོག་ཁམས་པ་རྣམས་ནི། རང་གི་གཞུང་བོད་སྡེ་པ་གཞུང་ལ་དངོས་ཤུགས་བརྒྱུད་གསུམ་ནས་ངོ་ལོག་སྟེ། རྒྱ་མི་གོ་གུང་ཏང་གི་རྒྱུགས་ཁྱི་བྱས་ནས་བོད་ཀྱི་ས་མཚམས་སུ་བརྟན་རླིང་དཀྲུགས་ནས་མི་རབས་མང་པོའི་བར་བསྡད་པ་རེད། འཇོན་པོ་ཡོད་ན། ཁྱོད་ཚོ་གཞུང་ཞིག་མ་བཙུགས་པ་ག་རེ་བྱས་སོང་ངམ། དུས་རྒྱུན་སྐུ་དྲག་སྡུག་པའི་སྡུག་རབས་ཤོད་ཀྱང་རང་གི་འདོད་པ་དང་མཐུན་ན། ཡང་གནམ་ལ་བཀྱག་གི་རེད། དཔེར་ན། ལྷ་རྒྱ་རིའི་མིང་འཁུར་བའི་འདྲེ་མོ་རྣམ་རྒྱལ་སྒྲོལ་མར་བཙན་པོའི་སྲས་མོ་ཞེས་སྤྲེའུ་ལ་སེང་གེའི་མིང་བཏགས་མཁན་ཁྱེད་ཚོ་རེད།
ཨ་རོག་མི་ཉག་སྐལ་བཟང་།
ཁྱེད་ལ་ཁ་ཆེ་ཕ་ལུའི་བསླབ་བྱ་རྒྱག་རྒྱུ་ཡོད་ན་གཤམ་གསལ་རྣམས་ལ་བསླབ་བྱ་རྒྱག་དགོས།
༡ བོད་ཀྱི་རྩ་དོན་བཙོང་ནས་དུས་རྒྱུན་ཐེ་ཝན་བོད་སོག་ལས་ཁུངས་ཀྱི་ཕོགས་བཟས་ཏེ་རྒྱས་སྤྲོས་ཀྱི་འཚོ་བར་རོལ་ཞིང་། ༸གོང་ས་མཆོག་གིས་དབུ་ཁྲིད་པའི་བཙན་བྱོལ་བོད་གཞུང་ཟུར་དུ་བཞག་ནས་ཐེ་ཝན་བོད་སོག་ལས་ཁུངས་དང་ངན་གྲོས་བཞག་མཁན་ཨ་རོག་ཁམས་པ་རྣམས་ལ་ཁ་ཆེ་ཕ་ལུའི་བསླབ་བྱ་ཞིག་དགོས་པ་འདུག
༢ རྡ་ས་རིག་ལམ་སློབ་གྲྭའི་དབུ་དགེ་བློ་བཟང་རྒྱ་མཚོ་བཀྲོངས་མཁན་ཨ་རོག་ཁམས་པ་རྣམས་ལ་ཁ་ཆེ་ཕ་ལུའི་བསླབ་བྱ་ཞིག་དགོས་པ་འདུག
༣ ཞར་དང་ཞོར་དུ་ཟར་དང་ཟུར་དུ་༸གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་ཨ་རོག་ཁམས་པ་རྣམས་ལ་ཁ་ཆེ་ཕ་ལུའི་བསླབ་བྱ་ཞིག་དགོས་པ་འདུག
༤ དགྲ་བོ་རྒྱ་དམར་གྱི་ཕོགས་ཟ་བར་ཡ་ང་བག་ཚ་མེད་པར་དོལ་རྒྱལ་གྱི་རྗེས་འབྲངས་པ་ཨ་རོག་ཁམས་པ་རྣམས་ལ་བསླབ་བྱ་ཞིག་དགོས་པ་འདུག
༥ ཟ་རྒྱུ་དཀོར་འབའ་ཞིག་ལ་ལོངས་སུ་སྤྱོད་ཅིང་། བྱེད་རྒྱུ་དགྲ་དགའ་གཉེན་སྡུག་གི་ལས་འབའ་ཞིག་སྤྱོད་མཁན་དཀོར་ཟན་མགོ་རིལ་ཨ་རོག་ཁམས་པ་རྣམས་ལ་ཁ་ཆེ་ཕ་ལུའི་བསླབ་བྱ་ཞིག་དགོས་པ་འདུག
ད་དུང་མི་ཉག་སྐལ་བཟང་ཁ་ཆེ་ཕ་ལུའི་བསླབ་བྱ་རྒྱག་རྒྱུར་མཁས་པ་ཡིན་པས་བསླབ་བྱ་དགོས་པ་མང་པོ་ཞིག་འདུག་ཀྱང་དེ་རིང་བྲེལ་བའི་དབང་གིས་འབྲི་མཚམས་བཞག་རྒྱུ་དང་། རྗེས་སུ་རིམ་པས་ཞུ་རྒྱུ་ཡིན།
ལྷག་པ་ཟེར་བ་སུ་ཡིན་མི་ཤེས་ཀྱང་། གནད་ལ་འཁེལ་པའི་སྐད་ཆ་རྡོག་རྡོག་ཏུ་བཤད་འདུག ང་ཡང་དེ་བཞིན་བརྗོད་འདོད་དོ།
གོང་གི་མཆན་འབྲི་བ་མང་དག་ཅིག་ལ་རྒྱབ་སྐྱོར་ཞུ། མདོ་སྟོད་མི་མང་མང་ཆེ་བ་ལྷག་བསམ་ཅན་༸གོང་ས་མཆོག་གི་བཀའ་དགོངས་དང་ལེན་ཞུ་མཁན་ཡིན། འོན་ཀྱང་གོང་དུ་གསུངས་པ་ལྟར། མ་རབས་ཐ་ཤལ་ཉུང་ཤས་ཤིག་གིས་སྤྱི་ཚོགས་མདའ་དཀྲུག་ཕུ་དཀྲུག་བྱེད་བཞིན་པ་དང་། མ་རབས་དེ་རིགས་ཀྱིས་ང་ཚོའི་ལྟ་བའི་མིག་དང་ཁོག་པའི་སྙིང་༸གོང་ས་མཆོག་ལའང་མཚན་སྨོད་ཞུ་བཞིན་ཡོད་པ་མཐོང་བཞིན་པ་རེད། མི་དེ་རིགས་ཡང་ན་ཁོག་པའི་ནང་དུ་གདོན་ཞུགས་པའམ། དེ་མིན་རྒྱ་མིའི་དངུལ་དངོས་ལ་བརྟེན་ནས་དེ་ལྟར་བྱེད་ཀྱི་ཡོད་པ་གྲུབ། ཧ་ཅང་ཐབས་སྐྱོ།
ང་ཚོར་དེང་སང་གལ་ཆེ་བ་ཞིག་ནི། རྡོག་རྩ་ཆིག་སྒྲིལ་ཡིན། མགོ་ད་ལྟའི་སྲིད་སྐྱོང་ནས་གྲྭ་ཚང་ཁག་གི་ནང་དུ་ཆོས་གོས་བསྣམས་པའི་སྡོམ་ལྡན་གྱི་གྲྭ་རིགས་འགའ་ཡི་བྱེད་སྟངས་ལ་བལྟས་ན། ཧ་ཅང་གི་བྱེད་སྟངས་ཞན། གྲྭ་པ་སྡོམ་ལྡན་པ་ཁྱེད་རྣམས་གཞན་ཕར་ཞོག་རང་ཉིད་ཀྱི་ན་བཟའ་ལ་ངོ་ཚ་ཡི་མིན་འདུག་གམ། ཁྱེད་རྣམས་ཆོས་བྱེད་པ་ཡིན་པ་ལས་སྲིད་དོན་གྱི་རྙོག་ཁྲ་ནང་ཞུགས་དགོས་དོན་མེད། དེ་མིན་གྲྭ་ཆས་ཕུད་དེ་སྐྱ་བོ་མི་ནག་བཞིན་བཞུགས་དགོས། ཁྱེད་རྣམས་ཀྱི་བོད་མི་རིགས་དང་རྒྱལ་ཁབ་ཀྱི་ཞེན་པ་དེ་ག་ལ་རྒྱང་སྐྱུར་བྱེད་པ་ཡིན་ནམ།
ངོས་བོད་མི་རྣམས་གལ་ཆེ་ཤོས་དེ་རང་ཉིད་ཀྱི་མི་རིགས་ཀྱི་ལ་རྒྱར་ཞེན་དགོས། ཆོལ་ཁ་དང་ཆོས་ལུགས་ཀྱི་ཞེན་ཁོག་རུལ་པ་དེས་གང་ལ་ཡང་མི་ཕན། འོན་ཀྱང་གཞན་ལ་མི་གནོད་པའི་ཕན་ཐོགས་ཡོད་པའི་ཞེན་ཁོག་གནང་ན་འཐུས་པས། མཁྱེན་པར་མཛོད་ཅིག།
བདག་གི་དབུས་གཙང་ཆོལ་ཁར་གདམས་པའི་ཁ་ཆེ་ཕ་ལུའི་བསླབ་བྱར་ཉམས་སུ་བཞེས་མཁན་ཚང་མར་སྙིང་ཐག་པ་མས་དགའ་བསུ་དང་འཚམས་འདྲི་ཞུ་རྒྱུ་ཡིན། གོང་དུ་བཤད་ཟིན་པ་ལྟར། ཁ་ཆེ་ཕ་ལུའི་བསླབ་བྱ་བཤད་ཡོད་དོ།། ཉན་དང་མ་ཉན་རང་རང་སོ་སོ་ཡིན།
གཞུང་མང་མཐུན་ན་དགྲ་སྡེ་ཡིའི་།
ཐུབ་དཀའ་སོ་སོར་དགྱེས་ན་མིན་།
རྟ་ཡིའི་རྒལ་བའི་ཆུ་བོ་ཡང་།
མང་དུ་ཐོན་ན་ལུག་ཀྱང་བགྲོད་།
བོད་པ་ཚོ། ཐུགས་རྗེ་ཆེ་ཞུ་ཡུལ་ཨ་རི་གཞུང་དམངས་ཡིན་པ་རེད། སྤྲང་པོ་ཟས་ལ་མའཆམ་ཞེས་པ་ལྟར་རོ།།
རྩོམ་ཡིག་འགོད་འདོད་མཁན་་ཚོས་སུ་ལ་འབྲེལ་བ་བྱེད་དགོས་རེང