རླུང་དམར།
གངས་རི་མ ཁྱོད་ནི་དཔངས་མཐོ་བའི་གངས་རི་མ་ཞིག
བརྩེ་སྐུད་དར་ཐག་རིང་མོ
གངས་ན་འཕྱོ་བའི་གཙང་བོ་དང་སྤྲིན་གྱི་མེ་ཏོག་ཚོམ་བུ
འོད་ཀྱི་ལམ་ནས་ངོ་གདོང་དང་ངོ་གདོང་གི་མཐུན་འགྲིག་སྐྱིད་པོ་རེ
མཚན་ལམ་ནས་རྙེད་དཀའ་བའི་འོད་ཀྱི་རྡོ་རྗེ་ཕ་ལམ
སེམས་ཀྱི་མདུད་པའི་བརྩེ་བ་རྟ་མགོ་མ་ཞིག
མེ་ཏོག་གི་སྙིང་བོ་ན་དགུན་གྱི་ཁ་བ་ཡོད་ལ
དབྱར་གྱི་སྦྲང་ཆར་འཇོ་བའི་ལས་དབང་ཞིག་ཀྱང་ཡོད
དེ་དུས་ནས ངས་ཁྱོད་དང་ཁྱོད་ཀྱི་དགོད་སྒྲ་ལ་ཉན
རྨི་ལམ་ཐམས་ཅད་པོའི་ཁང་བརྩེགས་དེ་དག
དར་གོས་ཀྱིས་བཀླུབས་པའི་ནམ་མཁའི་ཕོ་བྲང་ཡིན
ཕོ་བྲང་ནང་ནས་ཁྱོད་དང་ངས་བརྩེ་བའི་མུ་ཏིག་གླེང་གིན
“འཇིག་རྟེན་མིག་འབྱེད”ཀྱི་ཆེས་སྣང་བ་ཞིག་གླེང་མྱོང
དབྱངས་གསལ་མ ཁ་བའི་དབྱངས་གསལ་བདག་མོ
ཁྱོད་དང་ཁྱོད་ཀྱི་སྨྲ་ཚབ་ཀྱི་ལྕེ་ལ་དགའ་འོ