ཁྲོ་གཏུམ།
འཚོར་བ་ནི་བདག་པོ་རྒྱག་མི་ཐུབ་པ་ཞིག་མིན་ལ
སྤོབས་པ་ནི་ཚོར་བས་ཟིན་པ་ཞིག་ཀྱང་དེ་བས་མིན
རང་ཉིད་ལ་དབང་བ་དག་ནམ་ཡང་ཚོར་སྤོབས་ཀྱིས་འགྲོ་མཆོག
དེ་ནི་ཕམ་ཁ་ཡིན་ཀྱང་སྲིད་ལ
རྒྱལ་ཁའི་ཉི་གཞོན་ཡང་ཡིན་སྲིད
དེ་ནི་ཕ་རོལ་པོའི་ཁ་ནས་ཐོན་པ་དག་མིན་ལ
ཚུར་རོལ་པོའི་བློ་གྲོས་ཀྱང་ཡིན་མི་སྲིད
ཡོད་ཚད་རྒྱན་པོ་འགྱེད་ལས་མ་འདས
འདི་ལྟར་མི་ཚེ་ཟད
ཆུ་ཚོད་ཟད་དགོས་པ་ནི་མིའི་ལས་དབང་གི་གོ་སྒྲིག་ལ་རག་ལས
དེ་བས
ང་ནི་སྔར་བཞིན་འཇིག་རྟེན་གྱི་ཐེམ་རྐས་ཆག་པོ་དེ་དག་གི་ཁྲོད་ན་རྒྱུ་བཞིན་ཡོད
རྐང་ཆག་ལག་ཆག་མིན་རུང་ལན་རེར་རྡབ་ཀྱིན་འདུག
ཕྱི་ལོ་ ༢༠༢༡ ཟླ་ ༠༡ ཚེས་ ༠༧ ཉིན།