བཞག་ལྡོམ་ལྗང་ལོ།
ཡང་དག་པའི་ཨ་རིའི་མང་གཙོའི་སྤྱི་ཚོགས་སུ་མཚོན་ན་མི་རིགས་དཀར་བོའི་ལྟ་བ་ཁོ་ན་འཛིན་མཁན་ཚོ་དང་། ཆོས་ཕྱོགས་སུ་རྨོངས་དད་རིང་ལུགས་པ་ཚོ་བྱ་བརྒྱ་ཁ་ཤར་ལ་འཁོར་ན་ཐན་བྱ་ཁ་ནུབ་ལ་འཁོར་ཟེར་བའི་དཔེར་ལྟར་འདས་བའི་ལོ་ངོ་རྒྱད་ལ་མི་རིགས་ནག་པོ་(during Obama’s president January 20, 2009 – January 20, 2017 ) ཞིག་གིས་སྲིད་འཛིན་བྱས་བ་ནི་སྙིང་ཁར་གྲིས་བསྣུན་པ་བཞིན་བཟོད་དཀའ་བའི་ན་ཟུག་སྐྱེས་ཤིང་། ན་ཟུག་དེ་ལ་བརྟེན་ནས་ཁོང་ཚོར་རི་བོང་གནམ་རྡིབ་ཀྱི་སྡུག་བསྔལ་མྱོང་སྟེ་ཨ་རི་ན་མི་རིགས་དཀར་བོའི་དབང་ཆ་ཤོར་གྱི་ཡོད་པ་དང་། མི་རིགས་གཞན་པས་ཁོང་ཚོར་བཙན་འཛུལ་བྱེད་ཀྱི་ཡོད་པ་འདོད་དེ། སྤྱི་ཚོགས་སུ་རྒྱུད་ལམ་སྣ་ཚོགས་སྤྱད་ནས་རིགས་རུས་དབྱེ་འབྱེད་ཀྱི་འཆལ་གཏམ་འདྲ་མིན་དང་གསར་དུ་ཡོང་བའི་ཡུལ་མི་གཞོས་སྤོས་བ་ཚོར་མ་ཉེས་ཁ་ཡོག་གིས་སྡང་ཟུག་རྒྱུན་དུ་བྱས་བ་རེད། འཆལ་གཏམ་དང་སྡང་ཟུག་ལ་བརྟེན་ནས་ཁྲོ་ཐུང་(Trump)གིས་ཨོ་བྷ་མ་ནི་ཨ་རི་ནས་སྐྱེས་བ་མིན་པ་དང་། ཁོའི་དད་མོས་བྱེད་ས་ནི་ཁ་ཆེ་གསུང་རབ་ཡིན་པ་ལས་ཡེ་ཤུའི་ཆོས་ལུགས་མིན་པས། ཁོའི་སྲིད་འཛིན་བྱས་ན་མི་འོས་ཚུལ་སོགས་ཀྱི་རྫུན་གཏམ་ཁོ་བོ་གང་དུ་སོང་བའམ། ཡང་ན་གང་ནས་བསྡད་ན་གླེང་བ་རེད། རྫུན་གཏམ་དེ་ནི་མི་རིགས་དཀར་པོའི་ཕྱོགས་ཞེན་རིང་ལུགས་པར་མཚོན་ན། རྨ་བྱས་ཡུན་རིང་བསྒུགས་པའི་འབྲུག་སྒྲ་ཡིན་པ་དང་། འབྲུག་སྒྲ་དེ་ལ་བརྟེན་ནས་ཕྱོགས་ཞེན་པ་ཚོས་སྤྱི་ཚོགས་སུ་དེ་བས་གཡོ་སྒྱུ་དང་ཁྲམ་པ་བྱས་ཏེ་ཁྲོ་ཐུང་ལ་ཆབ་སྲིད་ཀྱི་སྟོབས་ཤུགས་སྤྲད་པ་རེད།
སྟོབས་ཤུགས་དེས་ཁྲོ་ཐུང་ཆང་གིས་གཟི་བ་བཞིན་སྨྱོ་རྟགས་ལོ་ངོ་བཞི་ཙམ་ལ་བསྟན་ཞིང་། སྨྱོ་རྟགས་ཇི་ཙམ་བརྟེན་ན་དེ་ལྟར་ཁོ་བོ་སྟོང་བསམ་ཀྱི་འཇིག་རྟེན་ཞིག་ཏུ་སོང་ཏེ་ཨ་རི་བའི་མང་གཙོ་ཧིཊེལས་དང་མའོ་ཙེ་ཏུང་ལྟར་སྒེར་སྤྱོད་ཆེད་ཕྱོགས་ཡོངས་ནས་བཙན་འཛུལ་བྱས་བ་རེད། ཁོས་མང་གཅོར་བཙན་འཛུལ་ཇི་ལྟར་བྱས་ཀྱང་དེ་ལྟར་ཨ་རི་བའི་ལུས་ངག་ཡིད་གསུམ་ན་མང་གཙོ་ནི་དུས་རྒྱུན་དུ་རྒྱུ་བའི་ཟུང་ཁྲག་ལྟར་དྲོད་ལམ་ལམ་ངང་ཤུགས་ཀྱིས་འཕྱོ་བཞིན་ཡོད་ལ། ཤུགས་ཀྱིས་འཕྱོ་བཞིན་པའི་ཟུང་ཁྲག་དེ་ནི་ཕྱི་ནས་སྤྱི་ལོ་གཅིག་རྒྱད་བཅུ་བཞི་(June 18, 1812–February 17, 1815)ལོར་དབྱིན་ཇིའི་རྒྱལ་བོའི་དམག་དཔུང་གིས་འཕྲོག་ཐུབ་མེད་ལ། ནང་ནས་བྲན་གཡོག་རིང་ལུགས་བས་དམག་འཁྲུག་(Civil war April 12, 1861 – May 9, 1865)བསླངས་ཀྱང་འཕྲོག་ཐུབ་མེད། ད་དུང་འཛམ་གླིང་དམག་འཁྲུག་གཉིས་པ་ནས་གྲང་དམག་སྐབས་དང་། ཁ་ཆེའི་འཇིགས་སྐུལ་རིང་ལུགས་པས་དགུ་བའི་བཅུ་གཅིག་དོན་རྐྱེན་ (9/11/2001) བཅས་ཀྱིས་གཏོར་ཐུབ་མེད།
ཕྱོགས་གཞན་ནས་གླེང་ན་ད་ལོ་འོས་བསྡུའི་སྐབས་ཨ་རིའི་མི་རིགས་དཀར་པོའི་ལྟ་བ་འཛིན་མཁན་Ku Klux་དང་། Nazi ལྟ་བ་འཛིན་མཁན། ཧོར་རྒྱུག་རིང་ལུགས་བ་ཚོས་ཁྲོ་ཐུང་ལ་འོས་འཕེན་ཏེ་འོས་གྲངས་ས་ཡ་བདུན་ཅུ་དོན་བཞི་ལྷག་(74,223,744)ཐོབ་ཡོད་ཀྱང་། བྷ་ཌན་དང་ཁོ་བོ་ཟུང་བསྡུར་བ་ཡིན་ན་བྷ་ཌན་ལ་འོས་གྲངས་ས་ཡ་བརྒྱད་ཅུ་གྱ་གཅིག་ལྷག་(81,283,485) ཐོབ་ཡོད་པས། བྷ་ཌན་གྱི་འོས་གྲངས་ཁྲོ་ཐུང་ལས་ས་ཡ་བདུན་ལྷག་མང་བ་(7,059,741)་ཡིན།
དེ་བས་ཁ་གསལ་བཤད་ན་ཨ་རིའི་མི་འབོར་ནི་ས་ཡ་སུམ་བརྒྱ་སོ་གཅིག་ལྷག་(331,002,651)ཙམ་ཡོད་པ་དེ་རྣམས་ལས་མི་འབོར་ས་ཡ་གཉིས་བརྒྱ་ལྔ་བཅུ་ལྔ་དྲུག་ལྷག་གིས་(256,778,907)ཁོ་ལ་འོས་འཕེན་མེད་ལ་སྲིད་དབང་སྒེར་སྤྱོད་ལ་དེ་བས་ཀྱང་རྒྱབ་སྐྱོར་བྱེད་ཀྱི་མེད། མ་ཟད་ཁོའི་གཡོ་སྒྱུའི་འོག་དུ་ཚུད་པའི་རྒྱབ་སྐྱོར་བ་ས་ཡ་བདུན་ཅུ་དོན་བཞི་ལྷག་ཙམ་ཡོད་པ་མ་ལུས་བས་དྲག་སྤྱོད་དང་སྲིད་དབང་སྒེར་སྤྱོད་ལ་རྒྱབ་སྐྱོར་བྱེད་ཀྱི་མེད།
དེའི་ཕྱིར་། ཁྲོ་ཐུང་གིས་གཡོ་སྒྱུ་ལ་བརྟེན་ནས་སྐྱག་རྫུན་ཇི་ལྟར་བཤད་ཀྱང་ཨ་རི་བ་ནི་ཁོ་ལས་ཀྱང་སྤྱང་གྲོང་འཛོམས་ཤིང་། ཁོ་དང་ཁོའི་ཇག་ཚོགས་ཀྱིས་མཇིགས་སྐུལ་དང་དྲག་སྤྱོད་ཇི་ལྟར་སྤེལ་ཡང་། ཨ་རི་བའི་སེམས་ན་དུས་གཏན་དུ་ཁྲིམས་ཀྱིས་བསྐྱངས་བའི་མང་གཙོ་ནི་རི་བོ་བཞིན་བརྟན་ཞིང་བརྗིད་ནས་ཡོད།