པདྨ་རིག་འཛིན།
༡) གངས་ཅན་བོད་ཀྱི་བསྟན་སྲིད་ཉམས་ཆགས་སུ་སོང་བ་དང་བསྟུན། བོད་གཞུང་གི་བདག་དབང་ཡང་འབྲི་ཆུའི་སྟོད་སྨད་ཀྱིས་ཕྱེས་ཡོད་པ་ནི་ཆབ་སྲིད་ཀྱི་དགོས་དབང་ཡིན་པ་བཤད་མ་དགོས། དེ་ལྟ་བུའི་ཆབ་སྲིད་ཀྱི་དགོས་དབང་གིས་ཁམས་ཕལ་ཆེར་དང་། ཨ་མདོ་ཡོད་ཚད་རྒྱ་གཞུང་གི་ཕྱོགས་སུ་ཤོར་བ་ལས། བོད་གཞུང་ལ་གཏོགས་ཐུབ་མེད། འདི་ནི་ཆབ་མདོའི་ཆིངས་ཡིག་དག་གིས་མཚོན་པའི་ལོ་རྒྱུས་ཀྱི་བདེན་དཔང་རེད། ཡིན་ན་ཡང་། བོད་པ་ཡོངས་ཀྱི་ལོ་རྒྱུས་ཀྱི་རྒྱབ་རྟེན་ནི་བོད་གཞུང་དགའ་ལྡན་ཕོ་བྲང་ཡིན་དགོས་པ་བསྙོན་དུ་ག་ལ་ཡོད། བོད་ས་གཞན་དབང་དུ་ལྷག་ཅིང་། བོད་མི་གཞན་ཡུལ་དུ་གྱར་བའི་གཉན་འཕྲང་ཅན་གྱི་དུས་རབས་འདིར། ༧གོང་ས་སྐྱབས་མགོན་རྒྱལ་བ་ཡིད་བཞིན་ནོར་བུ་མཆོག་ནས། མདོ་དབུས་ཁམས་གསུམ་གོང་བུ་གཅིག་གྱུར་དུ་གནས་དགོས་པའི་བླངས་བྱ་བཏོན་པ་ནི། འ་ཅག་གི་ལོ་རྒྱུས་ཀྱི་བདེན་པ་དཔང་པོར་བཞག་ནས། བོད་སྤྱི་བའི་སྐྱིད་སྡུག་ལ་བཞེས་པའི་དགོངས་པ་དང་། བོད་མི་རེ་རེ་ཡི་བདེ་སྐྱིད་དང་རང་དབང་། ངེས་པར་དུ་བརྩོན་ལེན་བྱེད་དགོས་པའི་འགྲོ་བ་མིའི་ཆེས་རྨང་གཞིའི་ཐོབ་ཐང་ལ་སྐུལ་བའི་དགོངས་པ་བླ་ན་མེད་པ་དེ་ཡིན། དབུ་མའི་ལམ་གྱི་དགོས་འདུན་ཡང་འདི་ལས་མ་འདས་པ་ནི་མཁྱེན་གསལ་རེད། རྒྱུ་མཚན་དེའི་ཕྱིར། ༧་གོང་ས་མཆོག་སྐུ་དངོས་སུ་འཚོ་བཞུགས་ཀྱི་སྐབས་འདིར། ཁམས་ནས་ཐོན་པའི་སྲིད་སྐྱོང་དང་ཨ་མདོ་ནས་ཐོན་པའི་སྲིད་སྐྱོང་གི་དགོས་ངེས་ལ་རེ་སྐུལ་ཞུ་མཁན་ཧ་ཅང་མང་བོ་རེད། དཔེར་ན། དེང་གི་གླེང་སྟེགས་ཁ་བརྡའི་སྟེང་། གཞིས་ལུས་བོད་མིས་བསྐུར་བའི་འཕྲིན་ཡིག་ཅིག་སྤེལ་ཡོད་པའང་དེ་དོན་ཡིན་པ་ནང་བཞིན་རེད། དེའི་ཕྱིར་ཁམས་ཕྱོགས་ནས་སྐུ་ངོ་བློ་བཟང་སེང་གེ་མཆོག་བོད་ཀྱི་སྲིད་སྐྱོང་དུ་ཐོན་པའང་གཟི་བརྗིད་ཡིན་ལ། ཨ་མདོ་ནས་སྐུ་ངོ་སྤེན་པ་ཚེ་རིང་མཆོག་༢༠༢༡་གི་སྲིད་སྐྱོང་དུ་ཕེབས་རྒྱུའང་བོད་པའི་གཟི་བརྗིད་ཡིན། འདི་ནི་༧གོང་ས་མཆོག་གི་དགོངས་པ་སྒྲུབ་པའི་དཔང་པོ་སྟེ། ཁམས་དང་ཨ་མདོ་ནི་བོད་ཀྱི་མི་བུ་ཤ་སྟག་ཡིན་པ་མ་ཟད། བོད་དང་ཁ་བྲལ་ཐབས་མེད་པའི་དན་རྟགས་ཤིག་ཡིན།
༢) སྐུ་ངོ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནི་ཕོ་གསར་རྫིག་ལ། ཧཱཝར་གཙུག་ལག་ཁང་གི་ཤེས་ཡོན་ལྡན། རྒྱལ་སྤྱིའི་ཆབ་སྲིད་ལ་མཁས་པའི་ཆེད་ལས་པ་ཡིན། ཁོང་ནི་བོད་མི་མང་གི་མང་མོས་འདེམས་ཐོན་ལས་བྱུང་བ་དང་། ༧་གོང་ས་མཆོག་གིས་སྐུ་དངོས་སུ། བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་ལ་དབང་སྐུར་ཐོབ་པའིི་བོད་ཀྱི་ལོ་རྒྱུས་སྟེང་གི་སྲིད་སྐྱོང་དང་བོ་ཡིན། ཁོང་ནི་༧་གོང་ས་མཆོག་གིས་སྐུ་ཚེ་ཧྲིལ་བོར་འབད་བརྩོན་གནང་བའི་བོད་དོན་འཐབ་རྩོད་ཀྱི་ལས་དོན་བཅོལ་ས་ཐོག་མ་ཡིན། འདི་ནི་བོད་པའི་ལོ་རྒྱུས་ཀྱི་གལ་ཆེའི་དཀྱོགས་མཚམས་ཤིག་དང་། རང་མི་རིགས་ཀྱི་སྤོབས་པ་དང་གཟི་བརྗིད་ཡིན། སྐུ་ངོ་བློ་སེང་མཆོག་གི་ལོ་ངོ་བཅུའི་སྲིད་སྐྱོང་གི་དུས་ཡུན་ནང་། བོད་དོན་ལ་སྨན་པའི་ཕྱག་ལས་མང་པོ་གནང་ཡོད་པ་མ་ཟད། དམིགས་བསལ་དུ། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་། བོད་དོན་ཁྱབ་བསྒྲགས། རྒྱལ་སྤྱིའི་ཕྱི་འབྲེལ་སོགས་ཀྱི་ཐད་ལ་ནུས་པ་འབུར་དུ་ཐོན་ཡོད། ཕྱོགས་གཞན་ཞིག་ནས། བོད་མི་ནང་ཁུལ་གྱི་མཐུན་སྒྲིལ་དང་། རྒྱ་བོད་ཞི་མོལ་གྱི་འབྲེལ་འདྲིས་དང་། དབུ་མའི་ལམ་ལ་ནུས་ཤུགས་འདོན་པ་སོགས་ཀྱི་ཐད་ལ་བྱས་རྗེས་ཐོན་ཡོད་པར་གླེང་མཁན་དཀོན་པོ་རེད། ལས་དོན་འདི་དག་གི་ཐད་ལ་སྐུ་ངོ་སྤེན་པ་ཚེ་རིང་གིས་ཆེད་དམིགས་སུ་འཛིན་པ་ཐག་ཆོད་ཡིན། རྒྱུ་མཚན་ནི་། ཁོང་ནི་༧གོང་ས་མཆོག་གི་དགོངས་པ་གཙིགས་སུ་འཛིན་མཁན་ཞིག་ཡིན་པ་ཁོང་ལ་རྒྱུས་མངའ་ཡོད་མཁན་ཚང་མས་མཁྱེན་གསལ་རེད། ནང་ཁུལ་ལ་མཐུན་སྒྲིལ་མེད་པའི་མི་རིགས་ཤིག་གིས་བོད་དོན་ལ་འཐབ་རྩོད་ཇི་ལྟར་བྱ། ཕན་ཚུན་ལ་དགྲ་རུ་འཛིན་པའི་མི་རིགས་ཤིག་གིས་རང་གི་འཐབ་རྩོད་ལ་སྟོབས་ཤུགས་ཇི་ལྟར་བསྐྱེད།
༣) སྐུ་ངོ་སྤེན་པ་ཚེ་རིང་ལ་སྐུ་ངོ་སྲིད་སྐྱོང་མཆོག་གིས་ཁ་མཆུ་བཙུགས་ནས། ཕྱག་ལས་ནས་གནས་དབྱུང་བཏང་བ་དང་། མི་གྲལ་ལས་འཐེན་ཏེ་ཁྱི་གྲལ་ལ་གཡུག་དུས། རྒྱལ་སྤྱིའི་བོད་ཀྱི་དྲ་རྒྱའི་གླེང་སྟེགས་རེ་རེ་ན་བརྒྱུད་སྐུར་བྱེད་བཞིན་པ་ནི་། སྤེན་ཚེ་ཡི་ནག་ཉེས་དང་། ཁོ་ལ་འཁོར་བའི་མི་ཁ་དང་ངན་སྨྲས་རེད། དེ་དུས་སྤེན་ཚེ་ནི་ཉེས་ཆད་ཕོག་པའི་བཙོན་པ་ཞིག་དང་འདྲ་བར་མི་ནག་པོ་ནག་རྐྱང་ཞིག་ཏུ་གྱུར་ཡོད། གལ་ཏེ་སྤེན་ཚེ་ལ་ཉེས་པ་ཡོད་ན། དེ་ནི་ཁོའི་བྱས་པ་ངན་པར་འཁོར་དགོས་པའི་རྣམ་སྨིན་ཡིན་ལབ་ན་འགྲིག་ཤག་རེད། འོན་ཀྱང་རང་ཅག་གི་བོད་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས། རང་གཞུང་གི་བཅའ་ཁྲིམས་རིན་པོ་ཆེ་དང་བདེན་པ་ལ་མནའ་དཔང་དུ་བཞག་ནས་གནས་ཚུལ་ལ་ཁྲིམས་བཤེར་བྱེད་དུས། སྐུ་ངོ་སྤེན་པ་ཚེ་རིང་ལ་མ་ཉེས་ཁ་གཡོག་བྱས་ཡོད་པ་རྒྱུ་མཚན་དང་དཔང་པོས་བདེན་པ་ར་སྤྲོད་ཐོབ་པ་རེད། འདི་ནི་སྐུ་ངོ་སྲིད་སྐྱོང་གི་སྲིད་དབང་འོག་ན་ཡོད་པའི་རང་ཅག་གི་དམངས་གཙོའི་བཅའ་ཁྲིམས་རིན་པོ་ཆེ་ཡི་བཀའ་རྒྱ་ཡིན། སྐུ་ངོ་སྤེན་ཚེ་མཆོག་གི་ཁྲིམས་ཐོག་གི་རྒྱལ་ཁ་ཡིས། ཁོང་ནི་བདེན་པ་དང་དྲང་པོ་གཙིགས་འཛིན་བྱེད་མི་ཞིག་ཡིན་པ་གསལ་ལ། ཁོང་ནི་ཐབས་མཁས་ཀྱི་མི་བུ་འཇོན་ཐང་ཅན་ཞིག་ཡིན་པའང་མཚོན་ཡོད། འོན་ཀྱང་། རང་གི་བཅའ་ཁྲིམས་རིན་པོ་ཆེ་ཡི་གཏན་འབེབས་ཡང་སྣང་མེད་དང་རྩིས་མེད་དུ་གཏོང་བར་འབད་བརྩོན་བྱེད་མཁན་ཡོད་པ་ནི་བྱབ་ཆུང་མ་རེད་དམ།
༤) སྐུ་ངོ་སྤེན་པ་ཚེ་རིང་གིས་མི་ལོ་སུམ་ཅུ་རྩ་གྲངས་ཀྱི་རིང་༧གོང་ས་སྐྱབས་མགོན་རྒྱལ་བ་ཡིད་བཞིན་ནོར་བུའི་དབུ་ཁྲིད་འོག བོད་པའི་སྤྱི་ཚོགས་སུ་ཞབས་ཞུ་རབ་དང་རིམ་པ་ཞུས་ཡོད་ལ། བཙན་བྱོལ་བོད་པའི་གཞུང་དམངས་གཉིས་ནས་ཟམ་གདོང་བླ་མ་དང་སྐུ་ངོ་སྤེན་པ་ཚེ་རིང་གཉིས་ཀྱི་མཛད་རྗེས་དང་མི་གཞི་ལ་རྒྱུས་མངའ་ཆེ་བ་མ་ཟད། ཁོང་ནི་བོད་མི་མང་བོས་མཐའ་གཅིག་ཏུ་ཡིད་ཆེས་བྱེད་སའི་དབུ་ཁྲིད་ཀྱི་གྲས་ཡིན། རང་ཅག་གི་སྔོན་འགྲོའི་འོས་ཤོག་གི་འབྲས་བུས་ཀྱང་དེ་དོན་ལ་གསལ་བཤད་ཐོབ་ཡོད། རང་གི་མི་རིགས་ཁྲོད་ཀྱི་མི་འཇོན་ཐང་ཅན་དང་ཉམས་མྱོང་ལྡན་པ། བློ་འཁེལ་ཆོག་པའི་དབུ་ཁྲིད་སྐུ་ངོ་སྤེན་པ་ཚེ་རིང་ལྟ་བུའི་མི་ལ་ཆེ་མཐོང་དང་ལས་གནས་མི་སྤྲོད་པ་ནི། ཆོལ་ཁའི་ཕྱོགས་ལྷུང་གི་ངན་སེམས་རེད། བོད་ཀྱི་བདེན་མཐའ་གསལ་བའི་བཀག་རྒྱ་རེད། བོད་མི་རིགས་ཡོངས་ཀྱི་གྱོང་གུད་རེད།
༥) སྐུ་ངོ་སྤེན་པ་ཚེ་ཪིང་དང་སྐུ་ངོ་སྲིད་སྐྱོང་བློ་བཟང་སེང་གེ་ཡི་ཁ་མཆུ་དང་བསྟུན་ནས། ཆོལ་ཁའི་ཕྱོགས་འཛིན་གྱི་ལྟ་བ་དང་། བོད་མི་ནང་ཁུལ་ལ་ཕན་ཚུན་སྡང་སྡིགས་ཀྱི་ལྟ་ཚུལ་ཤུགས་དྲག་ཏུ་བྱུང་བ་ནི་དེང་གི་བོད་པའི་སྤྱི་ཚོགས་ཀྱི་དངོས་ཡོད་གནས་ཚུལ་རེད། ཆོལ་ཁའི་ཕྱོགས་ཞེན་མེད་དགོས་ན་སྐུ་ངོ་སྲིད་སྐྱོང་བློ་སེང་གི་རྗེས་འབྲངས་པ་དང་རྒྱབ་སྐྱོར་བ་ཚོས། བཀའ་ལོག་དང་བསྙོན་འཛུགས་ལས་ཐར་པའི་སྐུ་ངོ་སྤེན་པ་ཚེ་རིང་གི་མི་གཞི་དང་ལྷག་བསམ་ལ་རིན་ཐང་སྤྲོད་དགོས། འདི་ནི་མི་རིགས་ཤིག་གི་འཚོ་གནས་ལ་ཐུག་པ་ལས་ཆོལ་ཁ་ཞིག་གི་ཞེན་ཁོག་མིན། ཁོང་གི་དབུ་ཁྲིད་འོག་མདོ་དབུས་ཁམས་གསུམ་གྱི་མི་བུ་རེ་རེ་ཡིས། རང་ཉིད་བོད་པ་ཞིག་ཡིན་པའི་སྤོབས་པ་འཁྱེར་རྒྱུ་ལས་ཆོལ་ཁའི་བར་ལ་ཞེ་འཁོན་སྐྲུན་རྒྱུ་མིན། ཁོང་གི་དབུ་ཁྲིད་འོག་ང་ཚོ་ཚང་མས་ནུས་པ་མཉམ་སྒྲིལ་བྱས་ནས་བོད་དོན་འཐབ་རྩོད་ཀྱི་ཆེད་ཕྱར་གྲུ་མཉམ་འདེགས་བྱེད་ཐུབ་པ་ལས། ཆོལ་ཁའི་ཞེན་ཁོག་བསྐྱང་ནས། བོད་སྤྱི་བའི་དོན་ཆེན་མི་བརླག། ཁོང་གི་དབུ་ཁྲིད་འོག་བོད་ཀྱི་བསྟན་སྲིད་ཀྱི་དར་རྒྱས་ལ། བོད་པའི་མི་བུ་ཤེས་ཡོན་དང་འཇོན་ཐང་སུ་ཡོད་ལ་དེ་དང་མཐུན་པའི་ལས་གནས་སྤྲོད་པ་ལས། ཤ་ཉེ་རིང་དང་། ཆོལ་ཁའི་འཐེན་འཁྱེར་གཙོ་བོར་མི་བྱེད། སྐུ་ངོ་སྤེན་པ་ཚེ་རིང་༢༠༢༡་གི་སྲིད་སྐྱོང་ལ་འདེམ་པ་ནི། ཁོང་གི་འཇོན་ཐང་ལ་ངོ་སོ་སྤྲད་པ་ཞིག་ལས། ཁོང་ཨ་མདོ་པ་ཞིག་ཡིན་པ་གཙོར་བྱས་པ་ག་ལ་ཡིན། གལ་སྲིད་དེ་ལྟར་ན། ཨ་མདོ་བ་འོས་ཤོག་འཕེན་མཁན་ཉིས་སྟོང་ལྷག་ལས་མེད་པ་ནི་ཚང་མས་མཁྱེན་གསལ་རེད། ཁོང་ཨ་མདོ་ཞིག་ཡིན་པ་ནི་ཞར་ཞོར་གྱི་རྟེན་འབྲེལ་ཙམ་རེད། དེ་བས་༢༠༢༡་གི་སྲིད་སྐྱོང་འདེམ་དུས། བོད་མི་སྤྱི་བོ་གནམ་བསྟན་པ་ཡོངས་ཀྱི་ལས་དབང་དང་སྐྱིད་སྡུག་ལ་བསམ་ཤེས་བྱེད་མཁན། ཆོལ་ཁའི་ཕྱོགས་ཞེན་མེད་མཁན། ད་དུང་མི་གཞི་དྲང་ཞིང་འཇོན་ཐང་ཡོད་མཁན་གྱི་མི་སྐུ་ངོ་སྤེན་པ་ཚེ་རིང་འདེམ་པར་འབོད་སྐུལ་ཞུ་འདོད་བྱུང་།
མཐར་ཁ་བ་རི་བ་ཡོངས་ལ་བཀྲ་ཤིས་བདེ་ལེགས་དང་བཅས་སེམས་གཏམ་དམར་པོ་འདི་གུས་བས་ཕུལ་བ་དགེའོ།
བློ་ཕམ་གྱི་གནས་ཚུལ།
ཉེ་ཆར་ནིའུ་ཡོག་བོད་མིའི་སྤྱི་ཁང་དུ་སྲིད་སྐྱོང་དང་ཨ་རིའི་དོན་གཅོད་རྣམ་གཉིས་ཕེབས་ནས་གསུང་བཤད་གནང་བའི་སྐབས། མི་མང་འཛོམས་པའི་རྐྱེན་བྱས་ཚོགས་བཅར་བ་གཉིས་ཀྱི་པཱ་ལགས་དང་ཨ་མ་ལགས་ཏོག་དབྱིབས་ཀྱིས་ནད་བྱུང་ནས་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་ཐོས། འབྲེལ་ཆགས་ནང་མིས་གསང་བ་བྱེད་ཀྱི་ཡོད་འདུག རབ་དགའ་རྡོ་རྗེས།
༄།བཙན་བྱོལ་གྱི་གནས་བབས་སྔ་ཕྱི་བར་གསུམ་དང་ལྷག་པར་ཉེ་ཆར་གྱི་སྲིད་སྐྱོང་འོས་བསྡུའི་ཁྲོད་ལ་བསམ་གཞིགས་ནན་མོ་ཞིག་བཏང་ནས་རང་ཉིད་ཀྱི་མཐོང་ཐོས་མྱོང་གསུམ་ལས་འཕྲོས་བའི་༢༡ སྲིད་སྐྱོང་ལ་སུ་ཞིག་ཡོང་ན་བོད་སྤྱིའི་རྩ་དོན་དང་། མདོ་དབུས་ཁམས་གསུམ་གྱི་སའི་དབྱེ་མཚམས་སོགས་གནད་དོན་སྣ་མང་ལ་རྨང་བྱས་ནས་བྲིས་པའི་སེམས་གཏམ་འདི་ལ་དེ་དེ་བཞིན་ནོ། ཞུ་རྒྱུ་ཡིན།
དེ་སྔའི་ལོ་རྒྱུས་དེ་ལོ་རྒྱུས་ཤིག་རེད། བདེན་པ་ཡིན་ན་བསུབ་ཏུ་མེད་གནས་ཞིག་རེད། ལོ་རྒྱུས་ཀྱི་འཕོ་བསྒྱུར་ལ་རང་ཤུགས་ཤིག་དང་ཕྱིའི་གནོད་ཤུགས་ལས་བྱུང་བ་གཉིས་ནས་ཕྱི་གནོད་ལས་བྱུང་ན་དེར་བཅད་ནས་ངོ་མ་གང་ཡིན་མིན་ཤེས་རྒྱུ་དང་དེ་འབྲེལ་དམངས་ཀྱི་འདོད་དོན་ལྟར་ཡོ་བསྲང་ཞུ་རྒྱུ་དེ་གཉིས་པ་མ་རེད་དམ།
ཡིན་ཀྱང་འདིར་པདྨ་རིག་འཛིན་ཀྱིས་ཀྱང་སྐོར་བ་གཡས་སྐོར་རྒྱབ་གཡོན་སྐོར་རྒྱབ། རྒྱལ་རབས་དང་ཆོས་འབྱུང་བཤད། སྙན་རྩོམ་དང་ལྷུག་རྩོམ། དཀར་རྩིས་དང་ནག་རྩིས་ག་རེ་རྒྱབ་ནའང་བབས་ས་སྤེན་ཚེ་ལགས་སྲིད་སྐྱོང་འཁོད་ཐབས། དེ་ཡང་ཨ་མདོ་བར་ཞེན་ནད་དྲག་པོའི་ཆ་ནས་ཡིན་འདུག་ཅེས་མ་བྲི་རང་བྲི་ཆགས་སོང་བའི་ཆོལ་ཁའི་གནས་ཚུལ་ཞིག་མི་འདོད་བཞིན་དུ་གླེང་དགོས་བྱུང་སོང་བ་བཟོད་གསོལ། ཞེན་ནད་དྲག་པོ་ཞུས་དགོས་དོན་ནི་སྤེན་པ་ཚེ་རིང་ལ་འོས་ཞུ་དགོས་པའི་རྒྱུ་མཚན་ཡང་དག་ཅིག་ད་བར་གནང་མཁན་བྱུང་མ་སོང་ལ་འདིར་ཡང་བཀོད་མིན་འདུག ཡང་༧ གོང་ས་མཆོག་ཅེས་ཡང་ཡང་ཞུ་མཁན་འདུག་པ་མ་ཟད་པད་རིག་ལགས་ནས་འདིར་༧ ཁོང་གདན་འདྲེན་ཞུས་འདུག་ཀྱང་༧ ཁོང་སྤེན་ཚེ་ཐོག་དགོངས་ཚུལ་ལེགས་པོ་མེད་པའི་གནས་ཚུལ་གཅིག་མ་རེད་གཉིས་མ་རེད་མང་དག་ཅིག་གོ་རྒྱུ་འདུག་ཀྱང་ཨ་མདོ་བ་སྤེན་ཚེ་ལ་ཐུག་དུས་ངས་ནི་༧གོང་ན་མཆོག་སྐྱབས་སུ་མཆི་དེ་ལ་ཕྱི་དང་ནང་གཉིས་ཡོད་གནས་སུ་དོག་ལགས།
གང་ལྟར་ཡང་སྲིད་སྐྱོང་སུ་ཡིན་ཀྱང་བོད་ཆོལ་ཁ་གསུམ་གང་རུང་དུ་གཏོགས་པ་ལས་གཞན་ནི་མེད་སྟབས་ཁམས་པའི་སྲིད་སྐྱོང་ཞུ་བ་མེད་ལ་མདོ་སྨད་དང་དབུས་གཙང་སྲིད་སྐྱོང་ཞུ་བ་ཡང་གང་ནས་འོང་། སྲིད་སྐྱིོང་དུ་སུ་འཁོད་ནའང་ངམ་བསོད་ནམས་ཟད་ནས་སྤེན་ཚེ་འཁོད་ཀྱང་བོད་མིའི་སྲིད་སྐྱོང་ལས་མདོ་སྨད་སྲིད་སྐྱོང་ཅེས་ཇི་ལྟར་ཞུ།
མདོར་ན་སྤེན་ཚེ་སྒེར་དང་སྤྱི་བའི་གནས་དོན་དབྱེ་མེད་དུ་མི་རྙོག་དྲི་ཅན་ཞིག་ཡིན་པ་དང། ཆང་ཧུབ་གང་ལ་རྙོག་ཕྲ་སྡོམ་པ་བཅོ་བརྒྱད་ཀྱི་ལོ་རྒྱུས་ཡོད་གནས་མ་ཚད་། རང་རེའི་དབུ་ཁྲིད་མཆོག་གི་ཐུགས་དགོས་དཀྲུག་མཁན་ཞིག་ལ་འོས་བླུག་ཕོད་དམ། ང་ནི་མི་ཕོད་དོ། གལ་སྲིད་ཁོང་ཐུགས་དཀྲུགས་ཡོད་མེད་ཀྱི་དོག་གཞི་ཡོད་ན་གཞན་ལ་རྩད་ཞིབ་ཞུ་ས་རེད། ཁོང་ཐུགས་མཉེས་ནའང་མ་མཉེས་ནའང་ང་སྤེན་ཚེ་ལ་འོས་བླུག་གི་ཡིན་ནོ་ཅེས་ག་དུས་ཀྱང་ཞུ་མི་འཕོད་དོ།
དེ་ལས་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ལས་འདམ་ཀ་གཞན་མེད་སྟབས་སྤེན་པ་ཚེ་རིང་ལགས་སུ་འོས་མ་བླུགས་མཁན་རྣམས་དང་སྤེན་ཚེ་ལ་སྔོན་འགྲོའི་འོས་བསྡུ་སྐབས་འོས་གནང་ཡོད་ནའང་ཁོ་བ་མི་གཞི་དངོས་མི་གཙང་བའི་སྐྱེ་བོ་ཞིག་སོ་སོ་དངོས་གཙང་གི་གྲལ་མགོ་དེར་འཇོག་འདོད་མེད་པ་དང། རྒྱལ་འབངས་ཀྱི་བསོད་ནམས་མི་ཉམས་པ་དང་ཕྱི་ནང་གི་ཆབ་སྲིད་ཀྱི་འཆར་གྲུ་གོང་བུ་གཅིག་བསྒྲིལ་ཡོང་ཐབས་སུ་སྐལ་རྡོར་ལགས་སུ་ཚང་མས་འོས་གནང་ཕེབས་ཤོག
པད་མ་རིག་འཛིན་ནས་ཡར་བཤད་མར་བཤད་གང་བཤད་ཀྱང་་རྡོག་རྡོག་དེ་་་པན་ཚེ་འོས་
འཕེན་ཟེར་བ་དེ་རེད། རྒྱུ་མཚན་ག་རེ་རེད།
ཁྱེད་ཀྱི་བཤད་པ་སུས་ཉན་། གཞན་སེམས་བཀུག་མི་ཐུབ་པ་ཡིན་ནོ།
རང་ཐག་རང་གི་བཅད་། སྐྱེ་ཚོད་ཤིང་གི་བྱེད་། ཟེར་བའི་དཔེ་ལྟར་རང་གི་ཐག་རང་གི་བཅད་། རང་འགན་རང་གི་ཁུར་ནས་མང་གཙོའི་ཐོབ་ཐང་འོས་བསྡུའི་ལས་རིམ་ནང་ཆ་ཤས་བླངས་ནས་སྲིད་སྤྱི་གཉིས་ལ་འོས་ཤོག་འཕེན་དགོས་པ་དེ་གཞི་རིམ་མང་གཙོའི་ཐོབ་ཐང་བླ་ན་མེད་པ་དང་གོང་ན་མེད་པའི་ཁྲིམས་མཐུན་ངོ་མ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད་།
བཅན་བྱོལ་ནང་འགྱུར་ཆེན་ཐུབ་བསྟན་གྱི་ཨབ་ཕྲུག་ཚོའི་ལས་དབང་མཇུག་སྒྲིལ་བར་ཟླ་ཁ་ཤས་ལས་ལྷག་མེད།
དེ་ནི་འདས་པའི་ལོ་བཅུའི་རིང་སྲིད་སྐྱོང་བློ་བཟང་སངས་རྒྱས་་ཀྱི་བྱས་ཉེས་ལས་བྱུང་པ་རེད།
མ་འོངས་སྲིད་སྐྱོང་སུ་ཞིག་ཕེབས་ཡང་དོན་དངོས་དང་གནས་ལུགས་ལ་གཞི་བཞག་ནས་རང་ཚུགས་བརྟན་པོ་དང་དྲང་བདེན་གྱི་ཐོག་ནས་ལས་གནས་གང་རུང་ཞིག་ཡིན་ཡང་དྲང་པོ་དྲང་བཞག་དང་ཤེས་འབྱོན་གཉིས་གཞི་ལ་བཞག་པའི་ཐོག་ནས་བསྐོ་དགོས་རྒྱུ་ནི་གལ་ཆེན་ནང་གི་དོན་ཆེན་རེད།་གང་ཡིན་ཟེར་ན་ད་ལྟའི་སྲིད་སྐྱོང་དགའ་རོགས་ཉེས་རོགས་དང་དམིགས་བསལ་བུ་མེད་མང་པོ་ལ་ངོ་དགའ་བྱས་སྲོལ་གྱི་གང་སྐྱིད་ནང་གི་ལས་བྱེད་མང་པོ་ཞིག་སེམས་ཤུགས་བཅག་ཡོད།དེ་ལྟར་བྱས་པ་ནི་སྤྱི་དོན་ལ་གནོད་པའི་སྲོལ་ངན་ཞིག་ལས་མ་འདས།་དཔེར་ཅིག་བཞག་ན་སྐལ་རྡོར་ལ་ལམ་ལུགས་སྲོལ་མེད་པར་ཨ་རི་དོན་གཅོད་བཞག་པར་གང་སྐྱིད་ནང་བསམ་ཚུལ་མི་ཉུང་བ་ཞིག་ཡོད།་དེ་རྗེས་sard འགན་འཛིན་ལ་དམིགས་བསལ་དྲུང་འཕར་གནས་རིམ་ཐོག་བཞག་ནས་དེ་ལས་མང་པའི་བསམ་ཚུལ་བཞག་ཡོད།དེ་རྐྱེན་པས་ལས་བྱེད་རྒན་གྲས་རེ་ཞིག་རྒན་ཡོལ་སྔ་སྣུབ་ཐོག་རྩ་དགོངས་ཡང་ཞུས་བ་བྱུང་ཡོད།་་དེ་རྗེས་contract ལས་ཡུན་རྫོགས་རྗེས་སྔར་ལུགས་སྲོལ་མེད་པར་གནས་རིམ་སྤར་ནས་དྲུང་ཆེ་གནས་རིམ་ཐོག་འཕར་འགྱངས་ཞུ་ཡོད།་དེ་ལ་གྲོས་ཚོགས་ནས་སྤྱི་འཐུས་སྒྲོལ་མ་ཚེ་རིང་ནས་དྲི་བ་བཏང་ཡང་ལན་འདེབས་གནང་ཐུབ་མེད།།།།ལྷར་ཡང་ད་ལྟ་ཇུས་ངན་སྟོན་ནས་སྲིད་སྐྱོང་ཆབ་སྲིད་འཛོར་པོ་རྩེ་ནས་སྲིད་སྐྱོང་འོས་མི་ལང་བཅུག་ནས་ངོ་ཚ་ཁྲལ་མེད་བྱས་པ་སྐྱུག་འགྲོ་བའི་བྱ་སྤྱོད་ཅིག་ལས་མ་འདས།
མ་འོངས་སྲིད་སྐྱོང་ལ་སུ་ཞིག་འོས་དང་མི་འོས་དེ་རྒྱ་ཆེའི་མི་མང་གིས་ཐག་གཅོད་ཀི་རེད། དེ་ལ་ང་ཚོས་འགྱུར་བ་གཏོང་ཐུབ་རྒྱུ་ཁག་པོ་རེད། དེ་ལས་ང་ཚོས་སྒྲུབ་ཐུབ་རོགས་བྱས་ན་ཨང་སྙམ་པ་ཞིག་ཞུ་གི་ཡིན། གསན་ཙམ་གནང་རོགས་ཨ།
སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་ཁོང་གི་ལས་རོགས་བཀའ་བློན་རྣམ་པར་ཐུགས་རྗེ་ཆེ་ཞུའི་གཟེངས་རྟགས་འབུལ་བ་ནི་ཡ་རབ་ཀྱི་བྱ་བ་ཞིག་ཡིན། དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ ༢༠༡༦ ལོར་སྲིད་སྐྱོང་ལ་མང་བཀུར་ཞུས་ཡོད། ཡིན་ནའང་། ཁ་སྔོན་ཨ་རི་ནས་བོད་དོན་ཁྲིམས་འཆར་གྱི་ལས་དོན་ལེགས་འགྲུབ་བྱུང་ནས་རྡ་སར་ལོག་ཕེབས་སྐབས་དམིགས་བསལ་གྱི་ཕེབས་བསུའི་རྣམ་པའི་པར་དང་བརྙན་དེ་འདྲ་ངོ་དེབ་ཏུ་མངོན་སོང་བ་ལ་བལྟ་དུས། སྲིད་སྐྱོང་གི་ཕ་ཡུལ་གཅིག་པ་དང་ཆོལ་ཁ་གཅིག་པ་དེ་འདྲ་ཁ་ཤས་ལས་མི་འདུག གཞན་ཚོས་མ་གོ་བ་རེད་དམ་ག་རེ་རེད། སྲིད་སྐྱོང་མཆོག་བཙན་བྱོལ་བོད་མི་སྤྱིའི་སྲིང་སྐྱོང་ཡིན་པ་ལས། ཆོལ་ཁ་བྱེ་བྲག་པ་ཞིག་དང་ལུང་ཚན་བྱེ་བྲག་པའི་སྲིད་སྐྱོང་ཆགས་ཀྱི་ཡོད་པ་མ་རེད།
ཆོལ་ཁ་གསུམ་གྱི་དབུས་རྒྱུན་ལས་ཁང་ཚོ་མཉམ་འབྲེལ་གྱིས་ཆོལ་གསུམ་མི་མང་ཐུན་མོང་གི་རྣམ་པ་ལྡན་པའི་གཟེངས་རྟགས་འབུལ་བ་དང་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཚོགས་ཐུབ་ཐུབ་ན་ལེགས། ང་ཚོས་ཡར་སྲིད་སྐྱོང་ལ་འགོད་དུས་འཚང་ཁ་ཤིག་ཤིག་གིས་བཀོད། ད་ཆ་ལས་ཡུན་རྫོགས་འགྲོ་དུས་མ་མཐོང་མདོག་མདོག་དང་སྣང་མེད་བྱས་ནས་མངགས་པ་ཡིན་ན་ཡག་པོ་མ་རེད། སོང་ཙང་། སྲིད་སྐྱོང་མཆོག་དང་བཀའ་བློན་རྣམ་པར་ཕེབས་སྐྱེལ་གཟི་བརྗིད་ལྡན་པ་ཞིག་ཡོང་བའི་ཐད་རྒྱ་ཁྱབ་ཏུ་འབོད་སྐུལ་གནང་ཐུབ་ན་ལེགས་པར་མཐོང་། སོ་སོ་ཡི་སེམས་ལ་འཆར་སྣང་འདི་འདྲ་བྱུང་བ་ཐད་ཀར་ཞུས་པ་ཡིན།
མི་བུ་སུ་ཞིག་གིས་གོ་གནས་དེ་བཟུང་ན་ནའང་། ཕན་ནུས་མི་འདྲ་བ་ཞིག་ཡོང་གི་མ་རེད། སྲིད་སྐྱོང་ཟེར་བ་འདིས། གཙོ་བོ་རྒྱ་བལ་འབྲུག་གསུམ་ནང་གི་བཙན་བྱོལ་བ་ཚོའི་འཚོ་གནས་ལ་ཕན་ཐོགས་རེ་བྱུང་ན། ལས་དོན་གྲུབ་པ་རེད། དེ་མིན་བོད་ཀྱི་ཆབ་སྲིད་ཐོག་ཕན་ནུས་ལྡན་པའི་བྱ་བ་སྒྲུབ་ཐུབ་རྒྱུ་མེད་པ་ས་རིས་ཐང་གསལ་རེད། གཞན། རྒྱ་ནག་ལ་སྐད་ཆ་བཤད་རྒྱུ་ནི། སྐུ་སྒེར་ཡིག་ཚང་ལ་ཆ་རྐྱེན་ཡོད་ན་མ་གཏོགས་མེད་པ་ལྟ་བུ་རེད།
སྲིད་སྐྱོང་གི་གོ་གནས་དེ་འཛིན་མཁན་གྱི་གང་ཟག་ལེགས་ཉེས། འཐུས་ཚང་ཡོད་མེད་། རན་མཚམས་ཡོད་མེད། འཇོན་ཐང་ཡོད་མེད། ནུས་ལྡན་ཡོད་མེད། གང་ཟག་གི་ཕྱི་ནང་གི་སྤྱོད་པ་དམ་གཙང་ཡོད་མེད་སོགས་ལས་ཕན་ནུས་མི་འདྲ་བ་ཡོང་རྒྱུ་ཡིན་པ་བསམ་བློ་བ་ལས་གཞན་ཚང་མས་ངོ་ལེན་ཞུ་རྒྱུ་ལོས་ཡིན། བསམ་བློ་བས་རྒྱ་བལ་འབྲུག་གསུམ་གྱིོ་བཙན་བྱོལ་འཚོ་གནས་སུ་ཕན་ཐོག་ཞུ་རྒྱུ་དེ་ལས་སླ་བོ་ཞིག་ཏུ་མཐོང་སྲིད་ནའང་དེ་ལས་སླ་པོ་རང་མེད། གཞིོ་ནས་རྒྱ་བལ་འབྲུག་གསུམ་དབུས་པའི་བོད་མི་རྣམས་སུ་འཚོ་གནས་སམ་ཟས་གོས་གནས་མལ་ལས་ལྷག་པའི་ལས་དོན་ཞུ་རྒྱུ་མང་དག་ཡོད། ཆེ་ཆུང་ཙམ་ལས་སྐྱབས་བཅོལ་བོད་མིའི་འཛིན་སྐྱོང་དེའང་འཛམ་གླིང་རྒྱལ་ཁབ་སྤྱི་མཚུངས་ལྟར་ལས་དོན་ཞུ་དགོས་བརྟེན་སྲིད་སྐྱོང་འོས་མི་སྲིད་སྐྱོང་གི་འགན་འཐུས་ཚང་ཞུ་ཐུབ་མཁན་ཞིག་དགོས་རྒྱུ་ཤིན་ཏུ་ནས་གལ་ཆེ། ལས་འགན་ཁྱོག་རེ་མེད་པས་བསམ་བློ་བ་ཁྱེད་སྲིད་སྐྱོང་ལ་ལངས་རྒྱུའི་བློ་སྤོབ་བྱུང་མེད་དོ།
༧ གོང་ས་མཆོག་ནས་ང་མེད་པ་ལྟ་བུའི་ངང་ནས་ལས་དོན་ཞུ་དགོས་པའི་བཀའ་མང་ཕེབས་ཡོད་། དེ་བཞིན་སྐྱབས་བཅོལ་བོད་མིའི་སྲིད་དོན་གྱི་ལས་འགན་དེ་ཕྱི་ལོ་༢༠༡༡ ནས་བོད་མིས་དམངས་གཙོའི་ལམ་ནས་འོས་བསྡུས་པའི་སྲིད་སྐྱོང་ཀྱི་ལས་འགན་དུ་བཀྲིས་བ་ཡིན་པའང་བཀའ་མང་གནང་བ་མ་ཟད་དོན་དུ་དེ་ལྟར་ཕྱག་ལེན་དུ་བལྟར་མུས་སུ་མི་མཇལ་ལམ། ཡིན་ཀྱང་རྒྱ་དམར་པོའི་བོད་ཀྱི་གནས་དོན་དེ་༧ གོང་ས་མཆོག་ལས་སྐྱབས་བཅོལ་གཞུང་ངང་འཛིན་སྐྱོང་མཉམ་བཀའ་མོལ་ཞུ་འདོད་མེད་པའི་རྒྱུ་རྐྱེན་དེ་ཁོ་རང་ཚོའི་བསམ་རེ་དང་ཁེ་ཕན་བསྒྲུབ་ཐབས་སུ་ཡིན་པ་མ་ཤེས་ན་གཞན་ལས་དྲི་རྕད་ཞུས། ད་བར་བཙན་བྱོལ་གཞུང་ནས་ཆབ་སྲིད་དང་བདེ་དོན། བོད་ཀྱི་དཀའ་གནད་སེལ་རྒྱུའི་བྱ་བ་གང་ཞུས་ནའང་ ༧་གོང་ས་མཆོག་གིས་ཐུགས་ཟེར་ལས་བྱུང་བ་འདོན་མི་ཟ་ནའང་ལས་དོན་དེ་དག་ལག་ལེན་དུ་བལྟར་མཁན་དུ་གཞུང་ཞབས་སོགས་དབུས་པའི་ང་རང་ཚོ་ཚང་མས་ཞུས་འབྲས་རེད། གཞི་ནས་ཆབ་སྲིད་དང་འཚོ་གནས་སམ་རྒྱ་ཆེ་ཙམ་ནས་ཞུས་ན་བདེ་དོན་གཉིས་ལ་དབྱེ་འབྱེད་བྱེད་རྒྱུ་དེ་བལྟ་ཕྱོགས་ལས་ཁྱད་བཅད་མ་རེད་དམ། དཔེ་ན་ཕྱིས་སུ་བོད་ནས་རྒྱ་གར་ནང་བཙན་བྱོལ་དུ་ཕེབས་སྐབས་བལ་བོད་ས་མཚམས་ནས་མཐར་རྒྱ་གར་རྡ་སར་་བར་སྣེ་ལེན་ཁང་དང་ལས་བྱེད་པ་དུ་མས་སྣེ་བསུ་ཞུས་པ་རྣམས་བཙན་བྱོང་གཞུང་གིས་བོད་ནས་གསར་དུ་བཙན་བྱོལ་དུ་ཕེབས་མི་རྣམས་ཀྱི་བདེ་དོན་དུ་ཞུས་པ། རྒྱ་དམར་པོས་ཆབ་སྲིད་དུ་རྩིས། དེ་ཡང་བཙན་བྱོལ་གཞུང་དང་རོགས་རམ་མཐུན་བསྒྱུར་གནང་མཁན་གཉིས་ཀས་ཆབ་སྲིད་དབང་དུ་ཞུས་པ་ལས་གཞན་མི་མཐོང་། རོགས་རམ་མཐུན་བསྒྱུར་གནང་རྒྱལ་ཁབ་དང་སྒེར་སོ་སོའི་ཁྲིམས་སྒྲིག་འོག་ནས་ཆབ་སྲིད་དང་བདེ་དོན་གཉིས་མུས་སུ་གནང་པའང་ཡོང་སྲིད་ན་ཆབ་སྲིད་ཁེ་རུང་ངམ་གཅིག་པུས་ལངས་ཐུབ་རྒྱུའམ་དབྱེ་འབྱེད་དུ་ཞུ་རྒྱུ་དེ་དཀའ་གནད་མིན་འདུག་གམ། ལགས་བསམ་བློ་བ།
ད་ཆ་ང་རང་ངོས་ནས་ཞུས་ན་སྲིད་སྐྱོང་ལོས་མི་གཉིས་ནས་འཐུས་པ་། གཙང་བ། ཚང་བ། རན་པ་དེ་ད་ཆ་དབུ་དཀར་ཚང་སྐལ་རྡོར་ལགས་ལས་ལྷག་མིན་འདུག
ཡིད་སྐྱོ་བའི་བསམ་ཚུལ་འགའ།
མངོན་གསལ་ཞིག་ལ། རྡམ་རམ་ས་ལ་ནས་ཁྱབ་པའི་ཏོག་དབྱིབས་རིམ་ནད་ཐད་བོད་གཞུང་གིས་བཀག་སྡོམ་འཐུས་ཚང་ཞིག་བྱེད་མ་ཐུབ་པ་འདི་ནི་བཙན་བྱོལ་བོད་མི་དམངས་ཀྱིས་ཧ་གོ་དོན་རྟོགས་ཀྱི་གནས་ཚུལ་རེད། རང་ཉིད་བོད་རྒྱུད་ནང་པ་ཞིག་གི་ངོས་ནས་ཉིན་ཚན་མེད་པ་གསོལ་འདེབས་བྱས་ཀྱང་ད་ཡོད་གནས་ཚུལ་ངན་པ་འདི་འགྱུར་ལྡོག་གཏོང་ཐུབ་དཀའ། ཚང་མས་བསམ་བློ་གཏོང་དགོས་པ་ཞིག་ནི། ང་ཚོས་དམངས་གཙོའི་ལམ་ལུགས་གཞི་བཟུང་ནས་འོས་འདེམས་བྱས་པའི་སྲིད་སྐྱོང་བློ་བཟང་སེང་གེ་དང་ཁོང་གིས་སྣེ་ཁྲིད་པའི་སྲིད་གཞུང་གིས་ཏོག་དབྱིབས་རིམ་ནད་བཀག་སྡོམ་ཐད་ལ་ཉམས་ཆེ་ནུས་ཆུང་ཆགས་ཡོད་པ་རེད། བློ་སེང་ནི་རང་ཉིད་བཙན་བྱོལ་བོད་གཞུང་གི་དབུ་ཁྲིད་ཞིག་གི་གོ་གནས་ལ་མ་བསྡད་པར་རྒྱ་གར་གཞུང་གི་འོག་གྲོང་ཁྱེར་ཞིག་གི་མགོ་འཛིན་ཡིན་པ་ལྟར་ཧམ་སེམས་དང་སྣང་བ་སྐྱིད་པོ་བྱེད་ཀྱི་ཡོད་པ་རེད། དྲ་ལམ་ནས་གསལ་བ་ནི་བློ་སེང་རྒྱུན་དུ་བོད་མིའི་ཚབ་བྱེད་ནས་རྒྱལ་སྤྱིར་རོགས་རམས་དང་རྒྱབ་སྐྱོ་བཙལ་དང་བཙལ་བཞིན་པ་རེད། རེས་འགའ་ཨ་རི་ཕོ་བྲང་དཀར་པོ་ཕྱིན་པ་དང་། རེས་འགའ་རྒྱ་གར་གྱི་དཔོན་པོ་གྲགས་ཅན་ཁག་མཇལ་འཕྲད་བྱེད་པ། ཡང་ན་ཆེ་གེ་མོ་་ཞིག་ལ་མཚམས་འདྲིའི་ཡི་གེ་གཏོང་བཞིན་བསྡད་པ་ལས་ཁོང་གིས་བོད་གཞུང་གི་སྣེ་ཁྲིད་ནས་རིམ་ནད་འགོག་བཅོས་ཐབས་ལམ་འོས་ཤིང་མཚམས་པ་ཞིག་བཙལ་དགོས། དེ་ཡང་ཚན་རིག་དང་མཐུན་པའི་ཐོག་ནས་རིམ་འགོག་བྱེད་ཐབས་ཤེས་དགོས། རྒྱ་གར་གཞུང་གིས་དེ་སྔོན་ནས་རིམ་འགོག་སྨན་ཁབ་ཐོན་སྐྱེད་བྱེད་ཚར་ནས་ཕྱི་ཡི་རྒྱལ་ཁབ་མང་པོ་ལ་ཕྱིར་གཏོང་བྱེད་ཀྱི་ཡོད་པ་རེད། འོན་ཀྱང་རྡ་རམ་ས་ལའི་ཁྱབ་ཁོངས་བཙན་བྱོལ་བོད་མི་ག་ཚད་ལ་རིམ་འགོག་སྨནཁབ་རྒྱག་ཡོད། འོ་ན་རྒྱ་གར་གྱི་མི་ཚོས་བོད་མི་རྣམས་ལ་སངས་རྒྱས་ཀྱི་བྱིན་རླབས་ཡོད་པ་རེད་དྲན་ནས་རིམ་འགོག་སྨན་ཁབ་མི་སྤྲད་པ་ཡིན་ནམ། འདིའི་ཐད་དངོས་གནས་ཡིད་སྐྱོ་སེམས་སྡུག་གི་ཆག་སྒོ་ཞིག་་རེད། དེ་ལས་ཛ་དྲག་གི་གནས་ཚུལ་ཞིག་ནི། རང་ཅག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་གོང་ས་སྐྱབས་མགོན་ཆེན་པོ་ཀྱང་རིམ་ནད་ཀྱི་འཇིགས་སྐུལ་འཕྲད་ཡོད་པ་རེད་། གོང་ས་མཆོག་དགོང་ལོ་བརྒྱད་བཅུ་ལས་བརྒལ་བར་ཉེན་ཁའི་གནས་སུ་བཞུགས་ཡོདཔ་རེད། རྒས་གསོ་ཁང་འགའ་ཤས་ལ་རྒན་གོག་མང་པོ་ཞིག་ལ་ཏོག་དབྱིབས་རིམ་ནད་ཕོག་པ་ཡོངས་གྲགས་རེད། གོང་ས་སྐྱབས་མགོན་ཆེན་པོའི་འཕྲོད་སྟེན་བདེ་འཇགས་ལ་སེམས་ཁྲལ་ཆེན་པོ་འདུག དེས་ན་བློ་བཟང་སེང་གེས་དབུ་ཁྲིད་པའི་བཙན་བྱོལ་བོད་གཞུང་འདི་ཡིས་འཚབ་ཆེས་གནས་ཚུལ་ལ་དོ་སྣང་ཡང་ནས་ཡང་དུ་གནང་བར་སྨོན། དེ་ཡང་སྤེན་པ་ཚེ་རིང་དང་། སྐལབཟང་རྡོ་རྗེ་གཉིས་ཀྱིསའདི་ཕྱོགས་ཀྱི་བསམ་འཆར་དང་ལས་འཆར་མི་དམངས་ཚོ་ལ་གསུང་རོགས་ཞུ།