མི་ཉག་སྐལ་བཟང་།
ཕ་ས་ཤོར་ནས་མི་ལོ་དྲུག་ཅུ་ལྷག་ཙམ་སོང་བའི་ཡུལ་གྱར་བའི་མི་རིགས་ཤིག་ལ་ཆ་མཚོན་ན། ངོ་གདོང་ལ་གཉེར་མས་ཁེངས་ཤིང་སྐྲ་ལོ་དཀར་པོ་རི་མགོའི་ཁ་བའི་མདོག་ལ་འགྲན་ཏེ། ཡུན་རིང་བྲལ་བའི་ལུས་སེམས་གཉིས་ཀྱི་དཀའ་སྡུག་ཡོད་ཚད་གནམ་སར་མི་ཤོང་བའི་སྡུག་བསྔལ་གྱི་ཁུར་པོ་གྲངས་ཀ་རྒྱག་མི་ཤེས་པའི་དུས་ལ་སླེབས་ཡོད་མོད། འོན་ཀྱང་མི་ཡུལ་ལུང་པར་རང་ས་ལག་མཐིལ་ཙམ་ཡང་མེད་པར། གནས་ཚང་གི་ངོ་གདོང་སྐྱ་བོ་དེ་ཡང་ཡང་ཕྱི་བདར་གཏོང་བཞིན། གནས་ཚང་གི་རྐང་པར་ལྕེ་ལྡག་མ་རྒྱག་ཙམ་གྱིས་ཉི་མ་གང་འཁྱོལ་གྱིས་ལྟོ་འགྲངས་འབའ་ཞིག་གི་ཆེད་དུ་རི་བོ་དང་ལུང་གཞུང་དུ་མྱུལ་བའི་ཁྱི་སྤྱང་རྒྱུག་རྒྱུག་ལྟར་ཁ་ཆག་སྣ་རལ་གྱིས་ནང་འཛིང་ཤ་སྟག་རྒྱག་བཞིན་པ་ནི་ང་ཚོ་མགོ་ནག་བོད་པ་ཚང་རེད།
མཚོ་དང་མཚེའུ། ཆུ་བོ་དང་གཙང་པོའི་ཕ་རོལ་དང་ཚུར་རོལ། རི་བོ་ཆེ་ཆུང་འགའ་ཞིག་གི་རྒྱབ་མདུན་ཙམ་ལས་བར་ཐག་ཆོད་མེད་ཀྱང་། འཁོན་འཛིན་གྱི་རྒྱ་རྙི་ལས་མ་གྲོལ་བར། ཞེ་སྡང་མེ་ལྕེ་ལྟར་འབར་བཞིན། ཕྲག་དོག་གིས་རླུང་འཚུབ་ལྡང་སྟེ་ཕྱོགས་ཞེན་སྐམ་པོས་མཐོ་སྒང་ཅེས་པའི་ཡིག་འབྲུ་གཉིས་པོར་འབར་འདེལ་གྱི་རྒོལ་རྡུང་གཏོང་མཁན་གཅིག་རྗེས་གཉིས་མཐུད་རེད། ལྷག་པར་དུ་བོད་ཡིག་གི་རྐང་ཆག་རེ་གཉིས་ཙམ་འབྲི་ཀློག་ཤེས་མཁན་ཚོར་ཁ་ཕྱོགས་དང་གཏད་སོ་མེད་ཅིང་། གདོང་ལྤགས་མཐུག་པོ་དེ་བསྟན་ནས་ཡོད་ཚད་ལ་རྒྱུག་པ་ལེབ་རྡུང་གིས་ཟུར་ཟ་དང་སྐྱོན་བརྗོད། དམའ་འབེབས་དང་ཁྱད་གསོད་ཀྱི་སྨྱོན་གཏམ་ཤ་སྟག་གིས་དྲ་ལམ་ཡོད་ཚད་གཅིན་སྐྱག་གི་ཁེངས་པའི་གསང་སྤྱོད་ལྟ་བུ་ཞིག་ཏུ་བསྐྲུན་ཏེ་དྲིན་ལན་ལོག་མཇལ་དང་། དགྲ་དགའ་གཉེན་སྡུག་གི་ཁ་ཕྱོགས་ཤིག་ཏུ་བསྒྱུར་བ་དེ་ང་ཚོའི་ཕམ་ཁ་རེད།
མགོན་བླ་མར་དད་པ་དང་དམ་ཚིག་ཡོད་མདོག་ཁ་པོས་སྐབས་རེ་ཕྱག་རྒྱ་རེ་བྱེད་ཞོར་དུ་སླར་ཡང་འཁང་ར་དང་། འུར་སྒྲོག་གིས་ལྷིང་འཇགས་ཀྱི་སྤྱི་ཚོགས་ཆུང་ཆུང་འདི་རྒྱ་ཐུག་དཀྲུག་དཀྲུག་རེད། ཉིན་ཞག་རེ་རེའི་ཐུན་མཚམས་རེ་རེ་དང་། ཟླ་བ་རེ་རེའི་རྫོགས་ཚིག་རེ་རེ། ལོ་ནས་ལོ་བསྟུན་ཏེ་ངོ་རྒོལ་དང་སྡུག་སྐད་ཤ་སྟག་གིས་ནང་བཀྲ་མ་ཤིས་ན་ཕྱི་དོན་མི་འགྲུབ་ཁོ་ཐག་རེད། མི་དེ་ཚོར་ངོ་ཚ་དང་འཛེམ་ཟོན་མེད་ཅིང་། མདུན་བསྐྱོད་ཀྱི་སྤོབས་པ་མེད་ལ། ཆིག་སྒྲིལ་གྱི་ནུས་པ་ནི་དེ་བས་ཀྱང་མེད་པའི་མི་རྒན་གླང་གོག་འདྲ་བ་ཚོར་སློབ་གསོ་ནན་པོ་ཞིག་རྒྱག་མ་ཐུབ་ཚེ་རང་གཞན་གཉིས་ཀ་འགྱེལ་ས་ནས་ལང་མ་ཐུབ་པར་འགྱེལ་བའི་སྟེང་ལ་རྡོག་བརྫིས་དང་། མུ་གེའི་སྟེང་ལ་ཟླ་ལྷག་ཡོང་རྒྱུ་གཏན་འཁེལ་རེད།
དགྲ་མ་ཡོང་གོང་ལ་དོགས་ཟོན་དང་། ཆུ་མ་ཤོར་གོང་ནས་ཆུ་རགས་རྒྱག་དགོས་ན་འབྱུང་འགྱུར་གྱི་སྲིད་སྐྱོང་འོས་མི་གཉིས་ཀྱི་ནང་ནས་སྐུ་ངོ་སྤེན་ཚེའི་རྒྱབ་སྐྱོར་བ་ཚོར་ཡིད་བརྟན་དུ་རུང་དཀའ་བ་དང་། མགོན་བླ་མའི་བཀའ་དང་འགལ་འཛོལ་རེད། མཐོ་དཔོན་པོའི་འོག་ན་གྱེན་ལོག་རེད། འགལ་འཛོལ་དང་གྱེན་ལོག་གི་ཤོག་ཁག་ཚོ། ད་ནི་ལས་དབང་གཅིག་དང་ཕུགས་འདུན་གཅིག རེ་བ་གཅིག་དང་ཁ་ཕྱོགས་གཅིག་ལ་ཁ་ཕྱོགས་ཏེ་ཤ་ཁག་ཁག་དང་གྲི་སོ་སོར་མ་འགྲོ་བའི་ཐུགས་བསམ་བཞེས་རོགས། ཁྱོད་ཚོས་ཧ་ཅང་ཐལ་ཆ་ཆེན་ཞིང་མ་རུང་བའི་བྱ་འགུལ་སྣ་མང་སྤེལ་བ་དག་གི་ཁྱེད་ཅག་གི་འདོད་བློ་དེ་རིམ་བཞིན་འཚིམས་པར་གྱིས་ཤིག །
བློ་ཕམ་གྱི་གནས་ཚུལ།
ཉེ་ཆར་ནིའུ་ཡོག་བོད་མིའི་སྤྱི་ཁང་དུ་སྲིད་སྐྱོང་དང་ཨ་རིའི་དོན་གཅོད་རྣམ་གཉིས་ཕེབས་ནས་གསུང་བཤད་གནང་བའི་སྐབས། མི་མང་འཛོམས་པའི་རྐྱེན་བྱས་ཚོགས་བཅར་བ་གཉིས་ཀྱི་པཱ་ལགས་དང་ཨ་མ་ལགས་ཏོག་དབྱིབས་ཀྱིས་ནད་བྱུང་ནས་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་ཐོས། འབྲེལ་ཆགས་ནང་མིས་གསང་བ་བྱེད་ཀྱི་ཡོད་འདུག རབ་དགའ་རྡོ་རྗེས།
འདི་ལོའི་སྲིད་སྐྱོང་འོས་བསྡུའི་རྒྱལ་ཁ་འདི་བསམ་བློ་ག་ཚད་བཏང་ཡང་རྒོད་མོ་ཆོར།། སྤྱིར་ཏང་ ༢༠༡༠ ལོའི་སྲིད་སྐྱོང་སྐབས་དབུས་གཙང་དབུས་རྒྱུན་ལས་ཁང་ནས་གསལ་སྦྲགས་ཞིག་སྤེལ་བའི་ནང་། ང་ཚོ་དབུས་གཙང་ཆོལ་ཁོངས་སུ་སྲིད་སྐྱོང་འོས་པའི་མི་མེད། ང་ཚོས་འཐེན་འཁྱེར་སྤང་ཏེ་སྲིད་སྐྱོང་འོས་མི་ཤེས་འབྱོན་གཉིས་ལྡན་སྐུ་ངོ་སྤེན་པ་ཚེ་རིང་མཆོག་ལ་རྒྱབ་སྐྱོར་ཞུ་དགོས་ཞེས་སྒྲག་པ་རེད། དེར་ལྟར་ཞུ་བསམ་ཡོད་མུར་དུས་འཁོར་དབང་ཆེན་ཕྱིར་འཐེན་གནང་ཕྱོག་སྐོར་ལ་སྤེན་པ་ཚེ་རིང་ལགས་ནས་༧གོང་ས་མཆོག་ནས་ཞལ་རྫུན་གནང་ཚུལ་དྲ་ཐོག་དྲིལ་སྒྲག་གནང་བར་རྟེན། ༧གོང་ས་མཆོག་ཞལ་རྫུན་པ་ཞིག་གིས་མཐོང་ལས་མེད་ན་སྲིད་སྐྱོང་གི་འོས་ཤོག་མ་འཐོབ་རེད། འོན་ཀྱང་ཟམ་གདོང་རིན་པོ་ཆེས་ཐུག་རེ་ཆེན་པོས་ཨ་རིའི་གདོན་གཅོད་ལ་ལྟག་ཁུང་འཐེན་གཏོང་གནང་མཛད་ཡོད། འོན་ཀྱང་ས་པཎ་ཆེན་པོས། སྲོལ་བ་འབད་དེ་བཀྲུས་ན་ཡང་། །ཁ་དོག་དཀར་པོར་འགྱུར་མི་སྲིད། །ཟམ་གདོང་རིན་པོ་ཆེའི་ཐུགས་བཞེད་མ་འགྲུབ་པའི་ཁར་རྙོག་གླེང་གི་གཏེར་ཁ་ཆེ་བ་ཡོངས་སྒྲགས་རེད། དེ་ནས་དོན་གཅོད་འཕོ་འགྱུར་གནང་དགོས་བྱུང་བ་རེད། དེ་ལ་སྤེན་ཚེའི་སྤུན་མཆེད་འཕྲིན་ལས་སྐལ་བཟང་ནད་མ་ཐེག་པར་རྡ་ས་གཞུག་སྒར་དུ་མི་མང་གང་འཚམས་ཞིག་དང་བཅས་ངོ་རྒོལ་ཞས་པ་རེད། སྐབས་དེ་དུས་སྤྱི་འཐུས་གྲོས་ཚོགས་ཚོགས་མུས་ལ་གནས་ལུགས་གང་ཡང་ཞུས་མ་སོང་། ཉིན་ཤས་རྗེས་བཀའ་ཤག་ནས་ཁྱོད་རང་ཚོ་ག་རེ་མ་འགྲིག་པ་དེ་ཕན་ཚུན་གོ་སྡུར་བྱས་ཆོག་གསུང་པར། ང་ཚོ་བཀའ་ཤག་ནང་སྐད་ཆ་བཤད་གི་བཀའ་ཤག་མར་དོན་ཤོག ང་ཚོ་དྲིལ་སྒྲག་བྱ་དགོས་ཡོད་བཤད་དུས་ང་ཚོའི་སེམས་ནང་ལ་ཨ་ཙི་གང་ཟག་གཅིག་གིས་དོན་ལ་བོད་གཞུང་བཀའ་ཤག་འདི་འདྲ་མཐོང་ཆུང་ཚོད་རྩིས་འདི་འདྲ་བསམ་ཏེ་བློ་ཧ་ཅང་ཕམ་སོང་། དེ་ལ་བཀའ་ཤག་གནས་ཚུལ་གསུང་པར་སྤེན་པ་ཚེ་རིང་ནས་ང་ལ་མ་ཉེས་ཁ་གཡོག་བྱས་ཚུལ་བཤས་སྟབས། མཐར་ཁྲིམས་ལ་བཏུག་ནས་རྒྱལ་ཁ་སྤྲད་ཏེ་ཧིན་སྒོར་འབུམ་གཅིག་རགས་པ་རེད། སྤེན་པ་ཚེ་རིང་དང་པོ་མདོ་སྨད་སྤྱི་འཐུས་ལ་འོས་འཐོབ་ནས་སྤྱི་ཚོགས་ལས་འགན་ནང་ལ་སླེབ་ཡོད། དེ་ནས་དབུས་གཙང་གི་ནོར་བུར་རྩིས་པ་རེད། སྤྱི་འཐུས་གྲོས་ཚོགས་ནང་ལ་ལབ་གླེང་མང་ཐག་ཆོད། དོན་གཅོད་ནང་ལའང་རྙོག་གླེང་རྫོགས་གྱུ་མེད་པ་ཀུན་གྱི་མཐོང་ཆོད་ཡིན། དེང་སང་འོས་བསྡུས་སྐབས་ལ་ཡང་སྤེན་ཚེའི་འདྲ་པར་འཁྱེར་ནས་སྐད་ཅོར་ག་ཚོད་རྒྱབ་ཀྱི་འདུག མི་དེ་འདྲ་ཞིག་ལ་སྲིད་སྐྱོང་གི་འོས་གྲངས་མཐོ་པོ་ཡོང་བ་དེས། དབུས་གཙང་གི་དབུས་རྒྱུན་ལས་ཀྱི་གཙོད། དབུས་གཙང་གི་མི་མང་འདོད་པ་ཁེངས་ངེས་ཐོག འབྱུང་གྱུར་བཙན་བྱོལ་གྱི་སྒྲིགས་འཛུག་འདི་གང་འདྲ་ཞིག་ཆག་ཡོང་ངམ། གླང་དར་ཁྲི་ལ་འཁོད་སོང་། སངས་རྒྱས་བསྟན་པ་དར་ཐག་ཆོད། སོན་ལས་འཆི་ན་དགའ་བ་ཆེ།།
དཔོན་ངན་རྐུན་མ་དེ་ཚོས་དྲང་པོ་མ་བྱས་ན། བོད་མི་ས་ཡ་དྲུག་གི་ཚེ་སྲོག་བཏང་ནས་ཐོབ་པའི་དངུལ་དངོས་ས་ཡ་ས་ཡ་བྱས་ནས་ལྐོག་ཟ་བྱ་རྩིས་བྱས་ན་འབངས་གྱེན་ལོག་བྱ་དང་བྱ། ང་ཚོ་བོད་མི་ས་ཡ་དྲུག་གིས་བཙན་བྱོལ་བོད་དམངས་གཙོ་གཞུང་གདམ་གི་རེད་མ་གཏོགས། དཔོན་ངན་ཚོ་གདམ་གི་མ་རེད། འབངས་གྱེན་ལོག་ལ་སྐྲག་ནས་སྐྱག་པ་ཤོར་ན་ལས་ཀ་དྲང་པོ་གྱིས། དབང་ཆ་བཀོལ་ནས་བྱ་ངན་མ་རྩོམ། དེ་ནས་འབངས་ཀྱིས་གུས་གཙི་བྱེད་ཀི་རེད། དཔོན་ངན་རུལ་སུངས་རྒྱ་གུང་ཁྲན་དངུལ་ཟ་མཁན་ཚང་མ་བོད་མི་དམངས་ཀྱིས་ཕམ་པར་བརྒྱག་གི་རེད་དོ།།
ང་ཚོར་ཁ་དཔེ་ཞིག་ཡོད། རྩམ་པ་རང་གིས་ཟོས།། རྩམ་ཁུག་གཞན་ལ་བསྐོན་ཟེར་སྲོལ་ཡོད་པའི་དཔེ་མཚོན་ཡག་ཤོས་ཤིག་རེད་སྙམ། འོ་རེད། ང་སྤེན་ཚེའི་རྒྱབ་སྐྱོར་བ་མིན། དང་པོ། གཞན་ལ་ཉོག་དཀྲུག་གི་ཟེར་བཞིན་རང་གིས་དཀྲུགས། གཉིས། བློ་སེང་དང་དེའི་ཕྱོགས་སུ་ལངས་ནས་སྐད་ཆ་བཤད་ན་གཟུར་གནས་སུ་མི་འགྲོ་བ་གསལ་བོ་ཡིན། འོན་ཀྱང་སྤེན་ཚེ་དང་བློ་སེང་གཉིས་ཀའི་བར་ལ་གནམ་དང་ས། མཐེ་བོང་དང་མཛུབ་ཆུང་གི་ཁྱད་པར་ཡོད་རེད། བློ་སེང་གིས་ཧམ་བཤད་བརྒྱ་གསུངས་ན། སྤེན་ཚེས་ཧམ་བཤད་གཅིག་གསུངས་ཀི་རེད། སྒང་གི་དེའི་དོན་དེ་རེད། སོང་ཙང་། ཁ་ཁྲལ་བཞག་པ་མིན་ན་ཁ་བཙུམ་ནས་བསྡད་ན་ཡག་ཤོས་རེད་སྙམ། བསླབ་བྱ་མིན། ཁ་ཏ་ཡིན།
དྲ་གྲོགས་དུར་བྱང་ལགས་ཀྱིས་སྤེན་ཚེའི་རྒྱབ་སྐྱོར་བ་མིན་ཞེས་གསལ་འདོན་བྱེད་སྟངས་ལ་བལྟས་ན་རྒྱབ་སྐྱོར་མིག་གཅིག་མ་ཞིག་ཡིན་པ་ཤུགས་སུ་བསྟན་པ་ཞིག་རེད། དེས་ན་སྤེན་ཚེས་ཧམ་བཤད་བྱེད་ཀྱི་ཡོད་པ་ཁས་བླངས་པ་འདི་སྤེན་ཚེའི་རྒྱབ་སྐྱོར་བ་ཞིག་གིས་འདི་འདྲ་བཤད་པ་ཆེས་ཐོག་མ་རེད་སྙམ། གཏམ་དཔེ་དེ་ངོ་མ་སྤེན་ཚེ་དང་དེའི་རྒྱབ་སྐྱོར་བ་དག་ལ་འཇུག་ཀྱང་གོ་བརྗེས་ནས་བཤད་ཀྱིན་པ་འདི་རང་རེའི་སྤྱི་ཚོགས་ཀྱི་སྣང་ཚུལ་ཞིག་ཏུ་མཐོང་།
ཨོ། གཅིག་བྱས་ནས་འུར་བཤད་པ་དང་ཧམ་པ་བཤད་པ་གཉིས་སོ་སོར་འབྱེད་མི་ཤེས་པ་མིན་ནམ་སྙམ་པ་སྐབས་རེ་འཆར། བློ་སེང་གིས་སྐད་ཆ་ཅུང་ཟད་འུར་གྱིས་བཤད་ཀྱི་ཡོད་པ་བདེན། དེ་ནི་མི་རིགས་ཤིག་གི་ཆབ་སྲིད་དབུ་ཁྲིད་ཡིན་པའི་ཆ་ནས་དགོས་ངེས་ཤིག་ཀྱང་རེད། ངེས་པར་དུ་དགོས་ངེས་ཤིག་རེད། འདི་ཤེས་མཁན་དག་གིས་ཁོང་གིས་གསུང་བའི་སྐད་ཆ་ལ་གོ་ཇི་བཞིན་ལེན་ཐུབ་ཀྱི་ཡོད་ས་མ་རེད་སྙམ། འདི་ལ་ངས་སྐབས་རེ་མི་སྐད་མི་གོ་བའི་རིགས་ཞེས་ཁ་རྩེད་ལབ་ཀྱི་ཡོད།
ཧམ་བཤད་ནག་པོ་འགའ་ཞིག་སྤེན་ཚེས་གསུང་གི་རེད། དེ་འདྲ་བློ་སེང་གིས་གཅིག་ཀྱང་གསུང་མྱོང་མེད་སྙམ། ཡ་ད་ང་བློ་སེང་གི་རྒྱབ་སྐྱོར་མིག་མེད་མ་ཞིག་རེད་འདུག་བསམ་ཨེ་བྱུང་། ཕྱོགས་སུ་ལྷུང་པ་ཞིག་རེད་བསམ་ཨེ་བྱུང་།
གྲུ་ཟུར་གྱི་ཨ་མཆོད་ལགས། སྐུ་ཉིད་ཀྱིས་ཁོ་བོས་འབྲི་སྟངས་དང་ཚིག་བབ་ལ་བལྟས་ནས་སྤེན་ཚེའི་རྒྱབ་སྐྱོར་བ་རེད་ཅེས་ཐག་བཅད་འདུག་ག དེའི་མིང་ལ་ཧམ་བཤད་ཟེར་གི་རེད། འུར་བཤད་ཟེར་གི་མ་རེད། ད་ཁྱོས་བཙན་པོ་བྱས་ནས་སྤེན་ཚེའི་རྒྱབ་སྐྱོར་བ་ཡིན་པར་ཐག་བཅད་རྗེས་ཅི་ཞིག་བཤད་དགོས་པའང་ཤེས་མ་སོང་། གང་ལྟར་ཡང་ཁྱོད་ཨ་ཁུ་ཞིག་མིན་པའི་རེ་བ་ཡོད།
དྲང་པོ་བཤད་ན་མི་མི་དགའ། རྒྱུག་པ་འཁྱེར་ན་ཁྱི་མི་དགའ་བའི་དཔེ་ལྟར། ངོ་ལོག་ཤོག་ཁག་ཚོར་གནས་ལུགས་དང་རྒྱུ་མཚན་བཤད་པར་རྡོ་ལ་ཨི་ཁུང་འབུག་པ་ལས་ཀྱང་དཀའ་ལས་ཁག་བ་ཡོད་རེད། ཧམ་པ་དང་སྐྱག་རྫུན་ཁོ་ནས་མི་གསོན་པོ་ཟ་འདོད་མཁན་སྤེན་ཚེའི་ཕྱོགས་གཏོགས་སུ་གཏོགས་པ་ངོ་ལོག་ཤོག་ཁག་དེ་ཚོ་རེད། དེ་ཚོར་དུས་རྟག་ཏུ་དོགས་ཟོན་དང་གདོང་ལེན་བྱ་དགོས་སོ
དེ་ལ་ཧམ་བཤད་ཟེར་བ་མ་རེད་ལགས། དེས་ན་ཧམ་བཤད་ཅེས་པའི་དོན་མཁྱེན་མི་འདུག
ངས་ངའི་དེ་འུར་བཤད་རེད་ཀྱང་བཤད་ཀྱི་མེད། བློ་སེང་གི་སྐད་ཆ་ཁྱོད་ཅག་གིས་སྣང་བར་མི་འགྲོ་བ་དེ་ཚོ་བློ་སེང་གི་འུར་བཤད་ཙམ་ཡིན་གྱི་རེད་ཟེར་བ་ཡིན།
ངས་གོང་དུ་ཐག་བཅད་མེད་མོད་ད་ལྟ་འབྲི་སྟངས་ལ་བལྟས་ན་ཐག་དེ་བས་ཆོད་པ་འདྲ་ཞིག་བྱུང་། ཧ་ཧ་
ཨོ། གོང་གི་ངའི་མཆན་གྱི་ནང་དུ་“མི”་ཡིག་ཅིག་ཆད་འདུག་པ་དེས་གོ་བ་རྦད་དེ་འཁྱལ་ཡོད་སྲིད། དེ་འདི་ལྟར་ཀློག་དགོས་“ངེས་པར་དུ་དགོས་ངེས་ཤིག་རེད། འདི་ཤེས་མི་མཁན་དག་གིས་ཁོང་གིས་གསུང་བའི་སྐད་ཆ་ལ་གོ་ཇི་བཞིན་ལེན་ཐུབ་ཀྱི་ཡོད་ས་མ་རེད་སྙམ། ”་ཅེས་སུ་ཀློག་རོགས།
དེ་ནས་འགྲོ་བ་མི་དང་ལྷག་པར་གཏམ་བཤད་ཀྱི་རྩལ་གྱིས་ལས་དོན་སྒྲུབ་དགོས་མཁན་ཞིག་ཡིན་ན་གཏམ་བཤད་ཅིག་བྱེད་སྐབས་ཟུར་དང་ངོས། གནས་དང་བབ། ཁམས་དང་མོས་པ། དུས་དང་དུས་མིན། དྲག་དང་གཉོམ་ཅི་རིགས་ཀྱི་ཁྱབ་ཁོངས་ནས་གཏམ་བཤད་དགོས་པ་ལས་ང་ཚོ་ལྟ་བུ་མི་གཅིག་ཚོར་སྣང་བྱེ་བྲག་པ་གཅིག་ཁོ་ན་ལ་དུས་ནམ་ཡང་རན་པ་ཤ་སྟག་བྱས་ན་མ་འགྲིག་པ་རེད། གནད་འགག་དེ་མི་རྟོགས་པར་རང་གི་ཚོར་བའི་ཁྱབ་ཁོངས་སུ་མ་ཚུད་ན་གོ་ནོར་ཁོ་ན་ལེན་མཁན་དག་ལ་མི་སྐད་མི་གོ་བའི་རིགས་ཅེས་ཀུ་རེ་རྩེད་ཀྱིན་ཡོད། དེ་དག་གིས་གོང་ཞུས་ཟུར་དང་ངོས་སོགས་གང་ཞིག་གི་ཁྱབ་ཁོངས་ནས་བཤད་ཀྱི་ཡོད་མེད་ཤེས་ཀྱི་མེད་པའམ་དེ་ལ་དོ་སྣང་མི་སྤྲོད་པས་སོ།
ལེགས་སོ།། རྩོམ་པ་པོ་དང་གྲུ་ཟུར་གྱི་ཨ་མཆོད་གཉིས་ཀ་ལ་དགོངས་དག་ཞུ། སྐད་ཆ་བཤད་སྟངས་འགྲིག་ཡོད་ས་མ་རེད། དཔྱད་བསྡུར་ཁོར་ཡུག་ཅིག་ཡོད་ན་དེ་དུས་མཉམ་ཞུགས་བྱ་ཆོག འདི་ནས་དགོངས་པ་ཞུས་ཡིན། ཐུགས་ལ་ཕོག་པ་དེ་འདྲ་བྱུང་ཡོད་ན་བཟོད་གསོལ་ཞུ། རང་སེམས་ན་གཞན་པ་གང་ཡང་མེད། དངོས་གནས། ཡ་ཡ།
ནམ་རྒྱུན། ཁོ་བོས་ཡི་གེ་མི་ཤེས་པ་དང་། མཐའ་ན་མིང་ཡིག་ཙམ་ཡང་འབྲི་མི་ཤེས་པའི་ཕྱོགས་ཞེན་པ་ཚོར་ཅི་ཡང་འབྲི་བཞིན་མེད། ཡི་གེ་འབྲི་མཁན་དང་བསམ་ཚུལ་བརྗོད་མཁན་དག་ལ་ལྟ་ཚུལ་དང་མཐོང་སྣང་གཅིག་མིན་ལ་མ་བལྟས་པའི་ཐོག་ནས་ཅུང་ཙམ་རེ་འབྲི་བཞིན་ཡོད། གང་ཡིན་ཞེ་ན། བསམ་ཚུལ་མཐུན་མིན་གཙོ་བོ་མིན་པར་ཕན་ཚུན་ལ་རང་རང་གིས་ཅི་ཞིག་འདོད་གྱིན་པའི་རྒྱུ་མཚན་གང་ཡིན་གསལ་བརྗོད་བྱེད་པའི་རེ་བ་ཡོད། ཆེས་མ་མཐའ་ཡང་ཁ་ནང་ལ་གང་ཡོང་ཆ་ཚང་བཤད་ཀི་མ་རེད་བསམ་པ་ཡིན་མོད། ངས་ཚོད་དཔག་བྱས་པ་ནོར་འདུག སོང་ཙང་། ཁོར་ཡུག་འདི་ནས་ཀྱང་དགོངས་པ་ཞུས་པ་ཡིན་ལགས། ཐུགས་ལ་མི་ཕོག་པའི་སྨོན་ལམ་འདེབས།
དུར་བྱང་ལགས། རབ་བྱུང་ན་ཁྱེད་རང་གིས་སྔར་བཞིན་སྙན་ཚིག་འདྲ་རྩོམ་ནི་ལྷོད་ལྷོད་ངང་བཞུགས་ཐུབ་པ་ཡིན་ན་ཡག་ས་རེད། གོང་དུ་ཁྱེད་ཀྱིས་མཆན་དུམ་བུ་དེ་ཐེངས་གཉིས་ཙམ་བཀླགས་པ་ཡིན། ཆབ་སྲིད་རིག་པའི་ལྟ་གྲུབ་ཀྱི་སྒང་ལ་སྐུ་ཉིད་ལ་རང་རང་གི་གདེང་ཚོད་མེད་པར་གཞན་གྱིས་ཟེར་སྒྲོས་སུ་འབྲངས་ཏེ་ཕྱོགས་སུ་ལྷུང་བའི་བསམ་ཚུལ་མགོ་གཉིས་མ་རེད་འདུག
མ་འོངས་སྲིད་སྐྱོང་ལ་སུ་ཞིག་འོས་དང་མི་འོས་དེ་རྒྱ་ཆེའི་མི་མང་གིས་ཐག་གཅོད་ཀི་རེད། དེ་ལ་ང་ཚོས་འགྱུར་བ་གཏོང་ཐུབ་རྒྱུ་ཁག་པོ་རེད། དེ་ལས་ང་ཚོས་སྒྲུབ་ཐུབ་རོགས་བྱས་ན་ཨང་སྙམ་པ་ཞིག་ཞུ་གི་ཡིན། གསན་ཙམ་གནང་རོགས་ཨ།
སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་ཁོང་གི་ལས་རོགས་བཀའ་བློན་རྣམ་པར་ཐུགས་རྗེ་ཆེ་ཞུའི་གཟེངས་རྟགས་འབུལ་བ་ནི་ཡ་རབ་ཀྱི་བྱ་བ་ཞིག་ཡིན། དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ ༢༠༡༦ ལོར་སྲིད་སྐྱོང་ལ་མང་བཀུར་ཞུས་ཡོད། ཡིན་ནའང་། ཁ་སྔོན་ཨ་རི་ནས་བོད་དོན་ཁྲིམས་འཆར་གྱི་ལས་དོན་ལེགས་འགྲུབ་བྱུང་ནས་རྡ་སར་ལོག་ཕེབས་སྐབས་དམིགས་བསལ་གྱི་ཕེབས་བསུའི་རྣམ་པའི་པར་དང་བརྙན་དེ་འདྲ་ངོ་དེབ་ཏུ་མངོན་སོང་བ་དེ་ལ་བལྟ་དུས། སྲིད་སྐྱོང་གི་ཕ་ཡུལ་གཅིག་པ་དང་ཆོལ་ཁ་གཅིག་པ་དེ་འདྲ་ཁ་ཤས་ལས་མི་འདུག གཞན་ཚོས་མ་གོ་བ་རེད་དམ་ག་རེ་རེད། སྲིད་སྐྱོང་མཆོག་བཙན་བྱོལ་བོད་མི་སྤྱིའི་སྲིང་སྐྱོང་ཡིན་པ་ལས། ཆོལ་ཁ་བྱེ་བྲག་པ་ཞིག་དང་ལུང་ཚན་བྱེ་བྲག་པའི་སྲིད་སྐྱོང་ཆགས་ཀྱི་ཡོད་པ་མ་རེད།
ཆོལ་ཁ་གསུམ་གྱི་དབུས་རྒྱུན་ལས་ཁང་ཚོ་མཉམ་འབྲེལ་གྱིས་ཆོལ་གསུམ་མི་མང་ཐུན་མོང་གི་རྣམ་པ་ལྡན་པའི་གཟེངས་རྟགས་འབུལ་བ་དང་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཚོགས་ཐུབ་ཐུབ་ན་ལེགས། ང་ཚོས་ཡར་སྲིད་སྐྱོང་ལ་འགོད་དུས་འཚང་ཁ་ཤིག་ཤིག་གིས་བཀོད། ད་ཆ་ལས་ཡུན་རྫོགས་འགྲོ་དུས་མ་མཐོང་མདོག་མདོག་དང་སྣང་མེད་བྱས་ནས་མངགས་པ་ཡིན་ན་ཡག་པོ་མ་རེད། སོང་ཙང་། སྲིད་སྐྱོང་མཆོག་དང་བཀའ་བློན་རྣམ་པར་ཕེབས་སྐྱེལ་གཟི་བརྗིད་ལྡན་པ་ཞིག་ཡོང་བའི་ཐད་རྒྱ་ཁྱབ་ཏུ་འབོད་སྐུལ་གནང་ཐུབ་ན་ལེགས་པར་མཐོང་། སོ་སོ་ཡི་སེམས་ལ་འཆར་སྣང་འདི་འདྲ་བྱུང་བ་ཐད་ཀར་ཞུས་པ་ཡིན།
སྤྲེའུས་གཞན་ལ་རྔ་མ་མི་འདུག་ཅེས་གད་མོ་བགད་པའི་སྒྲུང་སྙིང་རྗེ་བོ་ཞིག་གོ་མྱོང་ངམ། རང་ཉིད་ལ་རྔ་མ་ཡོད་པའི་རྒྱུ་མཚན་གྱིས་ཆ་ཚང་ལ་རྔ་མ་ཡོད་ཤག་བརྩིས་པ་རེད། ཧུ་ཧུ། འདི་ཆབ་སྲིད་རིག་པའི་ཁོངས་ནས་གང་ལ་འགྲོ་གི་འདུག་གམ།
འོ་རེད། ངས་གོང་གི་བསླབ་བྱ་དང་བཀའ་སློབ་དེ་དག་མང་བོ་གོ་མྱོང་། ངས་ལེགས་སོ་ཞུས་པ་ཡིན། གང་ཡིན་ཟེར་ན། ཡི་གེ་མི་ཤེས་པའི་བྱིས་པ་འགའ་དང་བསམ་བློ་ཀླད་གོར་ཡིན་པ་འགའ་རེད། ངས་དེ་དག་ལ་རྩོད་པ་བརྒྱབ་ནས་ཐོབ་བྱ་ཅི་ཞིག་ཡོད་དམ། དབྱུག་པས་བརྡུང་དགོས་པ་ཤ་སྟག་ལས་སྐད་ཆ་གོ་མཁན་མེད་སོང་བས་རེད། སྟབས་མ་ལེགས་པ་ཞིག་ལ། ཡི་གེ་འབྲི་མཁན་ནང་ནའང་རང་ཉིད་དམར་ཧྲེང་དུ་སྲང་ལ་བུད་ནས་ཁྱོད་ཚོས་གོན་པ་གོན་དགོས་རེད་ཅེས་བསླབ་བྱ་རྒྱག་མཁན་རེ་འགའ་ཡང་འབྱུང་བཞིན་པ་འདྲ། ཧུ་ཧུ། འདི་ཆབ་སྲིད་རིག་པའི་ཁོངས་སུ་གཏོགས་སམ། ད་སྙན་ངག་འདྲ་བྲིས་ནས་བསྡད་ན་ཏག་ཏག་རེད་དམ། ཧཧཧཧ། དེང་སང་ཅི་ཡང་མི་ཤེས་མཁན་ཚོས་ཐོགས་པ་མེད་པར་གཞན་ལ་བསླབ་བྱ་རྒྱག་རྐྱང་བྱེད་པ་འདི་ཆབ་སྲིད་རིག་པའི་ལྟ་གྲུབ་ནང་ནས་གང་ལ་གཏོགས་སམ། དར་གསལ་ཁ་ཡོད་དམ། ཨ་ལ་སྐུ་རྩེད་ཞུས་ཡིན། བདེ་མོ།
ཆབ་སྲིད་ཀྱི་ཁོར་ཡུག་ནས་བཤད་ན་སུ་ཞིག་བདེན་པ་དང་སུ་ཞིག་རྫུན་པའི་ཁྲུན་ཐག་གཅོད་མཁན་ཆེས་མཐོའི་ཁྲིམས་ཁང་ལས་གཞན་མེད། དེའི་ཐག་གཅོད་ནི་རྒྱལ་ཁབ་ཀྱི་ཐག་གཅོད་རེད། དེའི་ཐག་གཅོད་ལ་མི་བརྩི་བ་ནི་རྒྱལ་ཁབ་ཀྱི་རྩ་ཁྲིམས་རྡོག་རོལ་དུ་བཏང་བ་རེད་ལ་དེ་ནི་རྒྱལ་ཁབ་དེར་ངོ་རྒོལ་བྱས་པའང་རེད། དེ་ལ་ངོ་ལོག་པ་ཟེར་ཞིང་ངོ་ལོག་པའི་ཕྱོགས་འཛིན་པའང་ངོ་ལོག་པ་རེད། ངོ་ལོག་པ་ལ་ངོ་རྒོལ་བྱས་པ་ནི་རྒྱལ་ཁབ་ཀྱི་ཁྲིམས་ལུགས་གཅེས་སྲུང་བྱས་པ་རེད་ལ་རྒྱལ་ཁབ་ཀྱི་སྟོབས་ཤུགས་བདག་གཉེར་བྱས་པའང་རེད། དེ་ལ་རྒྱལ་གཅེས་པ་ཟེར་ཞིང་དེའི་ཕྱོགས་འཛིན་པ་དག་ཀྱང་རྒྱལ་གཅེས་པ་རེད། འོས་བསྡུའི་དུས་ཚོད་དང་བསྟུན་དང་ངོ་ལོག་པ་ཇེ་མང་དུ་འགྲོ་བཞིན་ཡོད་ཅིང་ཁོ་ཅག་གིས་རྒྱལ་གཅེས་པ་ཚོར་ངོ་ལོག་པའི་ཞྭ་ནག་བསྐོན་ཐབས་ལ་ཤ་ཐང་རུས་ཐང་དུ་འབད་བཞིན་ཡོད། འདི་ནི་ཁོ་ཅག་གི་མིག་རྒྱང་དང་བློ་རྒྱ་ཡིས་ཆུན་ཚོད་དེ་རེད་ལ་ལ་རྒྱ་འཛིན་སྟངས་ཀྱང་རེད། རྒྱུ་མཚན་ལ་ཉན་རྒྱུའི་བུ་ག་ཡོངས་རྫོགས་ཕྱོགས་ཞེན་གྱི་རྩིག་གྱང་གིས་བཀག་ཡོད་པའི་ཁོ་ཅག་ལ་སྐད་ཆས་གོ་བརྡ་སྤྲོད་པ་ནི་མྱ་ངམ་ཐང་ལ་ནས་འབྲུ་བཏབ་པ་དང་ཁྱད་པར་གང་ཡང་མེད། ཐོག་གི་རྩོམ་ཡིག་དེ་ཡང་དེ་བཞིན་དེ། ཇག་པ་ལ་དཔའ་དར་དང་སྲོང་བོ་ལ་ཉེས་ཆད་བཅད་པ་ཙམ་རེད། འདི་ནི་འབྲས་སྐྲན་གྱི་ནད་རྟགས་ཕྱི་རུ་མངོན་པ་ཙམ་དུ་ཟད་ཀྱི་སྨན་བཅོས་ཀྱིས་ཕན་པའི་སྐབས་མེད། དེ་ན་ནད་པ་འདི་དག་ལ་སྙིང་རྗེ་ཞེས་བརྗོད་རྒྱུ་ཙམ་ལས་བྱ་ཐབས་ཅི་ཡང་མེད་དོ།
ཡང་ཨ་རོགས་ཁམས་པའི་གྲ་བ་གྲ་ལོག་སྐོར་ཞིག་ཕེབས་ནས་ཉོག་དཀྲུགས་དཀྲུགས་བྱས་སོང་། ང་ཚོ་དབུས་གཙང་ལ་མ་ཉེས་ཁ་གཡོག་གནང་གི་འདུག་ ་་་་ཨ་ཁ་ཁ
རྐུན་ཇག་རྒྱ་ཁྱི་འདི་ཚོ་ལ་དངོས་ནས་སུན་སོང་། ཁམ་པ་ཨ་མདོ་ཁ་ཁ་གཏོང་རྒྱུ་ནི་རྒྱ་ཁྱི་ཚོས་ལས་ཀ་རེད།