རླུང་དམར།
རང་དབང་འདི་ཕོ་བྲང་ཞིག་ཡིན་ན
གནམ་དང་སའི་སྙིང་བོའང་ཕོ་བྲང་ཞིག་ཡིན་འོས
ཕོ་བྲང་ནང་ན་མེ་ཏོག་གི་ཚོགས་ཡག་པོ་རེ་བཞད་དེ་འདུག
དེ་དུས མེ་ཏོག་ནང་གི་མེ་ཏོག་དེ
ཁྱོད་ཀྱི་འཛུམ་ཞལ་དང་བརྩེ་བའི་རླབས་རིས་རྒོད་པོ་དེ་ཡིན
བརྩེ་བའི་རང་དབང་འདི་ལ་མི་རྣམས་ཧ་ཅང་དད་པ་ཆེ
ཉེ་ཉེ་མཛའ་མཐུན་སྙིང་གྲོགས་མ
ང་ཁྱོད་ལ་བརྩེ་མདུད་དམར་པོ་ཡོད
བརྩེ་མདུད་ཀྱི་རྣམ་ཤེས་ལ་འཚེ་འཇིགས་མེད
རང་དབང་གིས་དགའ
རང་དབང་གིས་སྐྱོའང
བརྩེ་བའི་མདུང་རྩེ་གནམ་ལ་གཏད་དེ
ཁྱོད་ལ་ཁྲག་གི་བརྩེ་མདུད་བཞག
མི་བཤིག་པའི་བྲག་རི་རབ་ཏུ་བརྟན་ནོ
འདི་ནི་སེམས་ལ་སེམས་འདྲིས་པའི་དགའ་བ་ཞེས་པའི་རང་དབང་ངོ
བཙོན་མནར་མེད་པའི་རང་དབང་ཞིག
བརྩེ་མདུད་ཐུ་བྷོད་བཙན་པོ
ང་ཡི་ཡ་ཆུང་མར་ལོ
ཁྱོད་ནི་ང་ཡིན་ལ
ང་ནི་ཁྱོད་ཡིན
༢༠༢༡-༠༢-༡༩ཉིན།