འདྲེ་གླེན་པ།
མེ་ཏོག
སྙིང་རྗེ་བ་ལ
སྦྲང་མ་མང་པོ་ཤ་ཚ་བ་ལ
ཕྱེ་མ་ལེབ་ཀྱང་འཚང་ཀ་ཆེ་བ་ལ
ཕྱིར་འདང་ཁྲོད
ལྷག་སོང་བ་འདྲ་བའི
ཟེའུ་འབྲུ་ཁུར་བའི་གཡུ་སྦྲང
སྒེའུ་ཁང་དུ་འབབ་པའི་ཁ་བ་ལ་བསམ་ན
ལོ་མ་འཐོར་ཡང་ཞེ་འདང་གཅིག་པུ་རྙིང་རྒྱུ་མེད
སུ་རེད་དམ
ཆ་ཡོད་ཆ་ཡོད་ཅིག
གཏམ་རྒྱུད་མག་མོག་ཅིག
དགའ་སྐྱོ་ཡ་མ་ཟུང་ཞིག
བྱེ་ཐང་གི་འཇོ་སྒེག་གཅིག་པུ
འཛོམས་རྒྱུ་ན་བསམ་དུས་གྱེས་སོང་བ་ཞིག
ད་ནི
རླུང་གིས་ཁུར་བའི
ཁ་བས་མནན་པའི
སྙིང་རྗེ་མོ ཤ་ཚ་མོ
རི་སྤྱང་སྔོན་མོའི་ཟ་འདོད་ཀྱི་མཆེ་བ་ཙག་རླུང་གིས་བརྡར་ཡང
རྒྱང་རིང་གི་ཁྱོད་
རྨི་ལམ་གྱི་གཤོག་པ་དང་འདྲ་བར་རྒྱང་རིང་དུ་འཕུར
12/2/21 ཉིན་བྲིས།
22/2/21ཉིན་བཅོས།