རྒྱ་སྟོན་བུ་དར་རྒྱས།
མཐོ་སྒང་བོད་ཀྱི་འབྲི་གཡག་ཁྱུ་གཅིག་ལ།།
གཟིག་ཁྲ་ལྟོགས་པས་འཇབ་རྒོལ་བྱས་པས་ན།།
ས་མཐོའི་ནོར་ནག་སྐྱིད་སྡུག་གཅིག་པ་ཡིས།།
སྙིང་སྟོབས་ལ་རྒྱ་ངོམས་ཏེ་དཔུང་གཅིག་སྒྲིལ།།
དགྲ་བོའི་ལག་ནས་རྒྱལ་བའི་མཐོ་སྒང་ཟོག།
མཐོ་སྒང་བོད་པ་ཁྲི་ཚོ་ཁ་ཤས་ལ།།
དགྲ་བོས་དྲ་ཐོག་སིམ་འཛུལ་བྱས་པས་ན།།
ས་མཐའི་གདོང་དམར་སྐྱིད་སྡུག་ཁག་ཁག་གིས།།
གྱོད་དང་ཁ་ཆུའི་མདུང་རྩེ་ནང་ལ་གཏད།།
དགྲ་དགའ་གཉེན་སྡུག་རྒྱལ་བའི་མཐོ་སྒང་མྱི།།
(མཐོ་སྒང་འབྲི་གཡག་གི་མཐུན་སྒྲིལ་ཡིས་གཅན་གཟན་གཟིག་ཁྲ་ཡི་འཇབ་རྒོལ་ཕམ་དུ་བཅུག་པའི་བརྙན་ཐུང་ལ་བལྟས་ཏེ། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དགྲ་བོ་རྒྱ་མིས་དྲ་ལམ་ཁག་ཏུ་སིམ་འཛུལ་བྱས་དང་བྱེད་བཞིན་པའི་གནས་ལུགས་དང་སྦྱར་ཏེ་བྲིས། )