འདི་ལོ་སྟེ། བོད་ས་བྱི་ལོ་ནི་བོད་ལ་མཚོན་ན། དཔའ་ངར་ཆེན་པོས་མདུན་བསྐྱོད་ཀྱི་གོམ་སྒྲ་ལ། ལྕགས་སྒྲོག་དང༌། མེ་མདས་དྲག་གནོན་ཐེབས་པའི་ལོ་དང༌། དེ་བས་ཀྱང་སྐྱ་སེར་ཕོ་མོ་བརྒྱ་ཕྲག་ཁ་ཤས་ཀྱི་ཚེ་སྲོག་གི་ལྗོན་པ་རྒྱ་དམག་གིས་བསྒྱེལ་བའི་ལོ་ཞིག་ཡིན་སྟབས། སྡུག་གུ་མུན་པ་མ་སངས་བར་ཡོད་པའི་དུས་ཚོད་འདི་འདྲ་ཞིག་ལ། མཚོ་སྔོན་ཟི་ལིང་ན་ཡོད་པའི་མཚོ་སྔོན་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཟེར་བ་དང༌། མཚོ་སྔོན་བརྙན་འཕྲིན་ཁང་ཟེར་བ། མཚོ་སྔོན་རླུང་འཕྲིན་ཚོང་ར་ཟེར་བ། ཉི་མའི་ཚོ་བ་མི་རིགས་གླུ་གར་གླིང་ཟེར་བ་བཅས་ཀྱིས་༼ཉི་མའི་ཚོ་བའི་མདོ་ཁམས་རྡུང་ལེན་སྤྲོ་ཚོགས་གངས་ཆབ་ཟེགས་མའི་འགྱུར་ཁུགས་༽ཞེས་པ་ཞིག་མཉམ་དུ་བཀོད་སྒྲིག་གིས་ཕྱི་ཟླ་ ༡༢ ཚེས་ ༢ ཉིན་ཟི་ལིང་དུ་ཡོད་པའི་ཉི་མའི་ཚོ་བ་མི་རིགས་གླུ་གར་གླིང་ནས་གཟབ་རྒྱས་ངང་འཚོགས་ཡོད་པ་དང༌། ཐེངས་འདིའི་སྤྲོ་ཚོགས་སྟེང་མདོ་སྨད་ཡུལ་དུ་རྡུང་ལེན་མཁན་པོར་འབོད་པའི་དཔལ་མགོན་དང༌། གླུ་མ་གྲགས་ཅན་འཇིགས་བྱེད་འཚོ། རྡུང་ལེན་པ་གྲགས་ཅན་བདུད་བྷེ། བཀྲ་ཤིས་སྒྲོལ་མ་སོགས་བོད་ཀྱི་ཡུལ་ལུང་སོ་སོ་ནས་རྡུང་ལེན་པ་སུམ་ཅུ་ལྷག་འཛོམས་ཏེ། རྡུང་ལེན་བླངས་པ་དང༌། སྤྲོ་ཚོགས་དེར་ཕྱོགས་སོ་སོ་ནས་ཕེབས་པའི་སྐྱ་སེར་ལྟད་མོ་བའང་གང་འཚམ་ཞིག་འཛོམས་ཡོད་འདུག་པར། སློབ་གྲྭ་ཁག་གི་དགེ་རྒན་དང་དགོན་པ་ཁག་གི་གྲྭ་པ། སྤྱི་ཚོགས་ཐོག་གི་མི་སྣ་གལ་ཆེནབ་མང་པོས་དེ་ཚོས་ཅི་ཞིག་བྱེད་བསམ་པ་ཡིན་ནམ། ཞེས་སྐྱོ་སྣང་དང་ཕངས་སེམས་ཧ་ལས་པ་བྱེད་ཀྱི་འདུག
རྡུང་ལེན་སྤྲོ་ཚོགས་དེའི་སྟེང་དུ་ཕེབས་པའི་རྡུང་ལེན་མཁན་དང་གཞས་པ་གཞས་མ་ཚོར་ཕུལ་བའི་གཞས་ཚིག
ཨོ་ཡེ་་་་་་་་་་་་་་་་་་་་
གངས་དེ་རིང་མི་འབབ་དགུ་འབབ་རེད། །
དུས་དེ་རིང་ཁ་བ་དམར་པོ་འབབ། །
གངས་དཀར་པོར་འགྱུར་བ་མེད་ན་ཡང་། །
བོད་དཔའ་བོ་དཔའ་མོའི་སྙིང་ཁྲག་གིས། །
གངས་དཀར་པོའི་འདབ་མ་དམར་པོར་བསྒྱུར། །
བོད་སྲིད་པ་ཆགས་པའི་གངས་རྒན་ཚོར། །
ངས་དེ་རིང་དགོངས་པ་མ་ཚོམས་ཞུ། །
ཨོ་ཡེ་་་་་་་་་་་་་་་་་་་་་་་་་
གླུ་དེ་རིང་མི་ལེན་དགུ་ལེན་རེད། །
དུས་དེ་རིང་ཁྲག་གི་གླུ་ཞིག་རེད། །
ངག་སྙན་མོར་འགྱུར་བ་མེད་ན་ཡང་། །
བོད་དཔའ་བོ་དཔའ་མོའི་ཟུངས་ཁྲག་གིས། །
གླུ་འདི་ཚོའི་ཁ་དོག་དམར་པོར་བསྒྱུར། །
ཁྲོམ་འདི་ལ་འཚོགས་པའི་མགྲོན་པོ་ཚོར། །
ངས་དེ་རིང་དགོངས་པ་མ་ཚོམས་ཞུ། །
ཁྱེད་རང་གིས་ད་བར་གྱི་ཟླ་བ་བཅུའི་ནང་སྐྱོ་གླུ་ལེན་རྒྱུ་མེད་པར་དེ་རིང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་བསྐྱངས་པའི་དུས་དྲན་གྱི་ཉིན་མོ་དང་རྒྱལ་བ་རིན་པོ་ཆེས་ནོ་འབེལ་ཞི་བདེའི་གཟེངས་རྟགས་བཞེས་པའི་ཉིན་འདིར་ཏག་ཏག་དེ་འདྲ་བྱེད་དགོས་པར་རྒྱུ་མཚན་ཅི་ཡོད་དམ།
སྤྱིར་ན་ངའི་སྐྱོ་གླུ་འདི་དང་དེ་རིང་གི་ཉིན་མོ་གཉིས་ལ་འབྲེལ་བ་མེད་པ་དེ་གོང་གི་གཞས་དེ་སུ་ལ་དམིགས་པ་ཡིན་མིན་གྱི་ཚིག་ཕྲེང་དེ་ཚོས་གསལ་སྟོན་བྱས་ཡོད་ན་ཡང་། ཁྱོད་ཀྱིས་དེ་ལྟར་ང་ལ་བཙན་སྐུལ་བྱེད་ན་ད་ང་ཡང་རང་ང་འདུག་སྲོལ་མེད་ཀ རེད། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་དང་རྒྱལ་བ་རིན་པོ་ཆེས་ནོ་འབེལ་ཞི་བདེའི་གཟེངས་རྟགས་བཞེས་པ་འདི་གཉིས་ཀྱིས་བོད་ནང་གི་དཔའ་བོ་དཔའ་མོ་ཚོའི་སྙིང་ཁྲག་དྲོན་མོ་གངས་རིའི་ལྗོངས་སུ་གཏོར་རྒྱུུ་ཇེ་ཉུང་དུ་གཏོང་ཐུབ་མ་སོང་ང་། ངའི་རེ་བ་ཡིན་ཁྱོད་ཀྱིས་ཀྱང་དེ་རིང་གླུ་ཞིག་བླང་ན་མི་དགའ་འམ།
ཨོ་ཡ།
སྐྱིད་ན་ཇ་ཆང་མཚར་གླུ་ལེན།
སྡུག་ན་རང་སེམས་གསོ་གླུ་ལེན།
ཟླ་ཤས་གོང་ཙམ་ལ། བོད་ནང་གི་དྲ་གནས་ཁ་ཤས་ཤིག་གི་སྟེང་བཀོད་པའི་རྩོམ་ཡིག་ཁ་ཤས་ཤིག་བཀླགས་པ་ཡིན། ད་ལྟའང་སེམས་ནང་གསལ་ལེར་དྲན་པ་ཞིག་ལ་ནི། དེ་རིང་ཁ་སང་གི་རྡུང་ལེན་པ་ཁག་ཅིག་གི་གནས་སྟངས་ལ་བསམ་སྟེ་བཤད་ན། དེ་ཚོའི་ལག་གི་སྒྲ་སྙན་དེ་ཚོ་ནི་ཡིག་རྨོངས་པའི་མཚོན་རྟགས་ཤིག་དུ་འགྱུར་ཞིང་གདའ། གང་ཡིན་ཟེར་ན། ཁོང་ཚོ་ནི་ཆུ་བཞུར་སའི་སྦུ་གུ་ཞིག་ལས་གང་ཡང་མ་རེད། དེའི་ནང་ཆུ་གློད་མཁན་དང༌། འོ་མ་གློད་མཁན། སྣུམ་གློད་མཁན་སོགས་ནི་ད་གཟོད་གཞས་དང་རྡུང་ལེན་གང་ཞིག་གི་བདག་པོ་ངོ་མ་ཆགས་ཡོད་པ་དང༌། དེ་མཚུངས། རྡུང་ལེན་པ་སྐོར་ཞིག་གིས་གཞས་ཚིག་གི་བསྟན་དོན་མ་ཤེས་པར་གཏོང་གི་ཡོད་སྟབས། དེའི་ཁོའི་སེམས་ཁམས་བསྔོགས་རྒྱུར་དཀའ་ངལ་འདུག་ཞེས་བྲིས་ཏེ། གླུ་བ་ཤེར་བསྟན་ལྟ་བུ་ཡིན་ན། བོད་མི་མང་ཚེའི་མགོའི་བྱེའུ་ཕྲུག་རེད།། སོགས་རང་གི་སེམས་ཁམས་ཤིག་གཞས་གདངས་སུ་བཀུག་ནས་སླེབས་ཡོང་བ་འདི་འདྲ་ང་ཚོར་ཇི་འདྲའི་མཁོ་ཨང༌། ཞེས་བྲིས་འདུག རེད། དེ་རིང་གི་གཞས་པ་འདི་དག་ནི་བོད་ཞེན་ངོ་མ་ཡོད་མེད་ཀྱི་ཚད་གཞི་འཇལ་བྱེད་ལྟ་བུ་ཆགས་ཡོད་པ་འདྲ། ཉེ་བའི་ཆར་ང་ཚོའི་དྲ་རྒྱའི་ནང་བོད་ནང་གི་རྩོམ་པ་པོ་བོང་སྟག་རི་ལུས་འདིའི་སྐོར་ལས་འཕྲོས་ཏེ། གླུ་བ་ནམ་མཁའ་གླེང་ཡོད། དེ་ནི་གླུ་བ་ནམ་མཁའ་དང་ཁོའི་ཁོར་ཡུག་གི་མི་ཚོའི་བསམ་བློའི་རིན་ཐང་རེད། དེ་རིང་གཞི་ནས་ངོ་ཞིག་འཕྲོད་པར་གདའ་བ་འདི་རེད། ཨ་མདོའི་རྡུང་ལེན་པ་མང་པོ་ཞིག་ལ་རང་ཉིད་ཀྱི་ཚོས་གཞི་དང་རང་ཉིད་ཀྱི་སེམས་ཁམས་མི་འདུག
ལོ་གསར་ཐོན་ལ་ཉེ་བས་སེམས་ཤུགས་ཡོད་མེད་ཚང་མར་ཀ་ར་རེ་ཉོ་སྤྱད་དགོས་པ་ཡིན་འགྲོ
ད་དུང་ཆང་དམ་བི་འགའ་དང་དུ་བ་བག་ཆ་ཁ་ཤས།
གླུ་ཞིག་བླངས་ནས་སྒོར་ཞིག་བཙལ། །
སྒོར་ཞིག་བཙལ་ནས་ཆང་ཞིག་ཉོས། །
ཆང་ཞིག་འཐུངས་ནས་ལོ་ཞིག་ཚར། །
ལོ་ཞིག་ཚར་ནས་ལོ་ཞིག་ལོན། །
མེ་མདའ་གཏད་ནས་སྤུན་ཟླའི་ཚེ་སྲོག་བསྒྱེལ།།
ལྕགས་སྒྲོག་བརྒྱབ་ནས་སྤུན་ཟླའི་ལག་གདང་བཅད།།
བཟོད་དཀའི་སྐྱོ་ཡུས་ལུད་པའི་མཚམས་ཤེད་འདིར།།
དགའ་སྤྲོའི་གླུ་གཞས་གཏོང་བར་ཕོད་འདི་ཅི།།
གནའ་མཁར་ཟི་ལིང་མཁར་གྱི་ཀླད་སྟོང་ཚོས།།
ཞིང་འབྲོག་ཀླད་སྟོང་ཁྱུ་ཞིག་ཚུར་བཀུགས་ནས།།
ལོ་ནག་སུམ་བཅུ་བསྐལ་བ་བཟང་པོ་ཞེས།།
མི་བདེན་བཀྲ་ཤིས་ཚིག་དབྱངས་གྱེར་བ་སྟེ།།
འདི་འདྲ་འདི་ནི་དགའ་སྤྲོའི་རྣམ་འགྱུར་གྱིས།།
ཏང་གི་འཛུམ་མདངས་ཉོ་བའི་ཐབས་ཡིན་ཀྱང༌།།
དམངས་སེམས་མེ་ལ་སྲེག་པའི་ཚུལ་འདི་འདྲ།།
ལག་ལེན་མེ་ཁ་གསོ་མཁན་ཅིའི་འཇིགས་ཨང༌།།
Dear Lignyong
I want to ask you how can I going the member of the Khabdha org? I would be grateful if you can tell me by mailing.
From Sonam
རིག་རྒྱམ་འབྲི་མི་ཤེས་ན་ཡིན་གཅིག་མིན་གཉིས་ཅིག་ཤོད་ཟེར་ནས་འབྲབ་ཀྱི་ཡོད་པ་མ་རེད།
“ཞིང་འབྲོག་ཀླད་སྟོང་ཁྱུ་ཞིག་ཚུར་བཀུགས་ནས།།”ཞེས་བོད་ཀྱི་བོད་ཡིག་དང་ཡུལ་སྲོལ་གོམས་གཤིས་ཀྱི་སྲོག་ཤིང་ལྟ་བུར་གྱུར་བའི་ཞིང་འབྲོག་མི་དམངས་ལ་དམའ་འབེབ་ཆེ་ཐག་ཆོད་ཅིག་བྱས་མ་ཐག་སླར་ཡང།”དམངས་སེམས་མེ་ལ་སྲེག་པའི་ཚུལ་འདི་འདྲ།།”ཞེས་པའང་ཞིང་འབྲོག་མི་དམངས་ལ་ཟེར་ལ་ནི། མི་ངན་ཁྱེད་ཟེར་ནས་མགྲམ་ལྕགས་གཅིག་གཞུས་དང་། སླར་ཡང་ཅང་མ་འགོར་བར་བུ་རྒོད་འདི་ཟེར་ནས་འོ་ཞིག་བསྐྱལ་བ་གཅིག་པ་རེད།