རླུང་དམར།
མེ་ལོང་ནི་བརྩེ་བའི་ཡང་རྩེའི་དྭངས་མ་ཞིག་ཡིན་ན
དེ་ནི་ཆེས་བློས་དཔོག་པའི་རང་དབང་གི་བརྩེ་ཞེན་ཡང་དག་དེ་ལོས་ཡིན
མེ་ལོང་ལ་བལྟས་ཏེ་ཁྱོད་ཀྱིས་བྱ་འདོད་པ་ཡོངས་བྱེད་ན་ཆོག
དགའ་སྐྱོའི་རྣམ་འགྱུར་ཇི་ཙམ་བསྟན་ནའང
མེ་ལོང་གིས་ཁྱོད་ལ་འཕྱ་སྨོད་དང་འཁང་ར་གཏན་ནས་བྱེད་མི་སྲིད
དུས་ཀྱི་ཆར་སྨུག་འཚུབ་བེར་བེར་ཡོང་ན
ཁྱོད་ནི་ངའི་མེ་ལོང་གི་ནང་གི་མེ་ལོང་བརྩེ་འདང་ཅན་དེ་ཡིན
དྲན་པའི་གངས་ཀྱི་སྙིང་ཁམས་ན་ཁྱོད་ཀྱི་འདྲ་རིས་མེ་ཏོག་བཞད་དེ་འདུག
གཙང་བོའི་རླབས་སྒྲའི་ལྕེ་ཐོག་ན་ངས་ཁྱོད་ལ་གྱེར་བའི་ཕ་ལམ་གྱི་སྙན་ངག་ཡོད
ཉིན་མཚན་གྱི་མཁའ་དབུགས་འདི་འཁོར་བའི་དག་ཞིང་ཡིན་ལ
ཁྱོད་དང་ཁྱོད་ཀྱི་རྨི་ལམ་ན་ངའི་རང་ལུས་དམར་པོའི་རྐང་སྣུམ་པོའང་ཡོད
ཁྱོད དགེ་འཛོམས་ཐམས་ཅད་ཀྱི་མེ་ཏོག་རུ་དཔོན་ཡིན
ཁྱོད གཞོན་གཤོག་ཐོགས་པའི་དཔའ་དར་སྒྲོ་མདོངས་ཡིན
ཁྱོད བྲང་ཁོག་ནས་ཡལ་མེད་ཀྱི་ལྷའི་བདུད་རྩི་ཡིན
རི་ལུང་འདི་མཛེས་ཡོན་གྱིས་བརྩིགས་པའི་དཔེ་ལེགས་རི་མོ་ཞིག་ཡིན་ན
དེའི་སྙིང་བོ་ན་འོད་སྦྲུམ་གྱི་གཅེས་ནོར་གཅིག་ཡོད་པ་ནི་ཁྱོད་ཁོ་ན་རེདལག་པའི་ནང་གི་ལག་པའི་ཚོར་བྱེད་འཇམ་པོ
ཤོག་སྙུག་གིས་གཏན་དུ་བརྗེད་མ་མྱོང་བའི་ཡིད་འཕྲོག་རུས་པ་ལྷ་མཛེས་ཤིག
ཐེངས་གྲངས་མེད་ཅིག་ལ ངས་ཁྱོད་རང་འཚོལ་བཞིན་ཡོད
༢༠༢༡/༠༣/༢༠ ཉིན།