ཆང་སྐྱེས།
ཉི་མ་ནུབ་ཁ་ཞིག་སྟེ།།
ལྷོ་ཕྱོགས་རྒྱ་མཚོ་ཁ་ནས།།
འགྲམ་པ་ལག་པས་སྐྱོར་ཏེ།།
གླུ་ཞིག་བླངས་ན་འདོད་བྱུང་།།
མཚམས་སྤྲིན་མཛེས་སྡུག་ངོགས་ནས།།
བྱ་ཁྱུ་རྒྱང་ལ་འཕུར་ཐལ།།
རླུང་བུ་ཡང་མོ་ཞིག་གིས།།
གདོང་གི་མཆི་མ་གཏོར་སོང་།།
མུན་པ་ས་ལ་ལྷུང་དུས།།
སུན་སྣང་འཁོར་ནས་སླེབས་བྱུང་།།
སྐྱོ་གདུང་ལྷག་མ་ཞིག་ཀྱང་།།
བྱང་ཁོག་སྟོད་ལ་མཆེད་སོང་།།
མཐོན་པོ་ཨ་སྔོན་དགུང་ནས།།
སྐར་མ་གཅིག་ཤར་གཉིས་ཤར།།
ལུག་རྫི་བུ་མོ་ཆུང་ཆུང་།།
ཡིད་ལ་འཁོར་འཁོར་བྱས་བྱུང་།།
ཟླ་བ་ཁེར་འགྲོ་ཞིག་གིས།།
ཕྱི་མིག་རི་ལ་བཞག་སོང་།།
ལོ་དང་ཟླ་བའི་བར་ནས།།
དྲན་པ་གཅིག་བརྩེཊ་གཉིས་བརྩེཊ།།
ཆར་བ་ཟ་ཟིམ་བབས་ཏེ།།
དྲན་པ་གཏིང་ནས་བསྒུལ་སོང་།།
ལོ་མ་ལྡོམ་པོ་ཞིག་ལ།།
སྙིང་གཏམ་ཚིག་གསུམ་བཤད་ཡོད།།
ཨ་རག་ཆང་གིས་བཟི་ནས།།
སེམས་པ་སྡུག་ལ་གཏད་སོང་།།
ཟུར་གསུམ་སྙིང་གི་མི་དེ།།
ནམ་ཡང་བརྗེད་ཐབས་མི་འདུག།
༢༠༢༡ ༢༣ ༢༤