ཁྲོ་གཏུམ།
གཏམ་དེ་དྲ་བའི་རྒྱུད་ལམ་ནས་འཕུར་གྱིན་འདུག
དོན་དེ་དཔེ་དེབ་དུ་བཞག་ནས་འཕུར་གྱིན་འདུག
ནམ་ཡང་ཤོག་བུ་དང་སྨྱུ་གུས་བློ་གྲོས་བརྡར་གྱིན་པ་སུས་ཀྱང་འཚོ
ཤོག་སྨྱུག་གི་བར་ན་བརྩེ་དུང་གི་གཏམ་རྒྱུད་ཡོད
ལོ་རྒྱུས་ཀྱི་ཐིག་ལེ་ཡོད
ཆོས་ལུགས་ཀྱི་བྱམས་བརྩེ་ཡོད
ཁྲིམས་དོན་གྱི་རྒྱ་མ་ཡོད
སྦྱང་མཁན་གྱི་འབལ་འབུངས་ཁྲོད
གཏམ་བཤད་ཡོད
འཆད་འཁྲིད་ཡོད
དོགས་སློང་ཡོད
བགྲོ་གླེང་ཡོད
ཞིབ་འཇུག་ཡོད
རྩོད་པ་ཡོད
ཡོད་ཚད་ཆེས་མཐའ་མའི་གནད་དོན་སྟེ
དྲང་བདེན་ཆེད
རང་དབང་ཆེད
འཚེ་མེད་ཆེད
གཉའ་གནོན་མེད་ཆེད
བཙན་བཀའ་མེད་ཆེད
ལག་བསྟར་བའི་དམིགས་ས་ན
ཐིག་ཁྱོག་ཁྱོག་བྲིས
གཏམ་ལྗན་ལྗིན་བཤད
འདི་ལྟར་མི་སེམས་གསད་པའི་བར་ན་ངལ་གསོ་ཞིག་འདུག་གམ
ཕྱི་ལོ་ ༢༠༢༡ ཟླ་ ༤ཚེས་༠༡ ཉིན་ཨོ་གླིང་ནས།