འབུམ་ཚང་རབ་རྒྱས།
དབུ་དཀར་ཚང་སྐལ་རྡོར་ལགས་ཨ་རིའི་དོན་གཅོད་ཡིན་སྐབས། ༸གོང་ས་མཆོག་གི་སྐུ་པར་མར་ཕབ་ནས་བློ་བཟང་སེང་གེའི་པར་ཡར་བཞག་པའི་གླེང་སློང་དེ་བྱུང་། དེ་ནི་ཉིས་སྟོང་བཅུ་བཞི་ལོའི་གནས་ཚུལ་རེད། གླེང་གཞི་དེ་བྱུང་ནས་ད་ལྟ་བར་མི་ལོ་བདུན་ཕྱིན་ཡོད། དངོས་ནས་བྱས་ན། ད་ཆ་ཕྱི་གསལ་ནང་གསལ་ཆགས་དགོས་ཚོད་ཡིན་ནའང་། འབྲེལ་ཡོད་ཚོས་ག་ཚད་གསལ་བཤད་བྱས་པ་དེ་ཚོད་ཀྱིས་གསལ་བཤད་དང་མང་ཚོགས་ཀྱི་ངོས་འཛིན་གཉིས་ཀྱི་བར་ཐག་ཇེ་རིང་དུ་འགྲོ་བཞིན་ཡོད། ཡང་སྙིང་ག་རེ་བྱས་པ་རེད།
དྲ་ལམ་ན་བརྙན་ཞིག་འགྲོ་གི་འདུག དེར་བལྟ་ཉན་བྱས་པ་ཡིན། ཕལ་ཆེར་དོན་ཟུར་སྐལ་རྡོར་ལགས་ཀྱིས་སུད་སི་ནས་བཤད་པ་ཞིག་ཡིན་པ་འདྲ། གསལ་བཤད་དེའི་དོན་སྙིང་ནི། སྐུ་པར་ཕབ་པ་རེད་ཟེར་བའི་སྐད་ཆ་དེ་གཞི་རྩ་མེད་པ་རེད། བདེན་པ་མེད་པ་རེད། དེ་དཀྲོགས་གཏམ་རེད་ཅེས་པ་འདི་རེད། གཤམ་གྱི་ཚིག་དུམ་འདི་གཉིས་ནི་སྲིད་སྐྱོང་འོས་མི་སྐལ་རྡོར་ལགས་ཀྱིས་རང་ཉིད་དོན་གཅོད་
ཡིན་སྐབས་གནས་ཚུལ་དེ་འདྲ་ཞིག་བྱུང་མྱོང་མེད་ཅེས་དག་སྐྱེལ་བྱས་པའི་སྐད་ཆ་དེ་རེད། འདི་ནི། སྐུ་པར་ཕབ་པའི་གནས་ཚུལ་དེ་ག་རང་དང་དངོས་སུ་འབྲེལ་བ་ཡོད་མཁན་གྱི་ངོས་ནས་མང་ཚོགས་ལ་གསལ་བཤད་གནང་བ་ཞིག་ཡིན་སྟབས། ད་ལྟ་ཕན་ལ་གསལ་བཤད་གནང་བའི་ནང་གི་གཞི་འཛིན་ས་གཙོ་བོ་དེ་ཆགས་ཀྱི་ཡོད་པ་རེད།
དེའི་ཆ་ནས། ང་ཚོས་གནས་ཚུལ་འདི་དང་འབྲེལ་ཡོད་དོན་ཟུར་སྐལ་རྡོར་ལགས་ཀྱི་གསལ་བཤད་དེར་བསྐྱར་ཞིབ་ཅིག་བྱེད་དགོས་སུ་མཐོང་། གནས་ཚུལ་འདི་དང་དངོས་སུ་འབྲེལ་བ་ཡོད་མཁན་གྱིས་བཤད་པ་འདིར་ང་ཚོས་བདག་པོ་རྒྱག་དགོས་པ་རེད་འདོད། མཚམས་འདིར། ང་ཚོས་དོན་ཟུར་སྐལ་རྡོར་ལགས་ཀྱིས་བཤད་པའི་སྐད་ཆ་དེ་ཚོ་མཉམ་དུ་ཉན་ཀློག་ཅིག་བྱེད།
“ དོན་གཅོད་ལས་ཁུངས་ནང་ལ་སྐུ་པར་མར་བཤམས་པ་རེད་ཟེར་བ་ཞིག་སྐད་ཆ་ཞིག་ཉིས་སྟོང་བཅུ་དྲུག་ལོ་ནས་སླེབས་ཡག་གི་འགོ་ཚུགས་སོིང་ང་། དེ་དུས་ཀི་ད་བཀའ་བློན་ཁྲི་པ་ག་རེ་ཟེར་སྲིད་སྐྱོང་གི་འོས་འདེམས་དང་འབྲེལ་བ་ཡོད་པའི་ཐོག་ནས་དེའི་སྐད་ཆ་དེ་ཁ་ཤས་ཀྱིས་བསླངས་པ་རེད། ངས་ད་རེས་སྡིངས་ཆ་འདིའི་ཐོག་ནས་གསལ་པོ་ཅིག་ག་རེ་ཞུ་འདོད་བྱུང་ཟེར་ན། དེའི་སྐད་ཆ་དེ་རྩ་བ་ནས་གཞི་རྩ་མེད་པའི་བདེན་པ་མེད་པའི་སྐད་ཆ་ཞིག་རེད་ཞུ་ཡག་ཡིན། རེད་པ། ད་རྣམ་པ་ཚོས་དགོངས་པ་བཞེས་ད། ང་ཚོ་ཨ་རིའི་དོན་གཅོད་ནིག་ཡོག་ནས་མར་ཌི་སི་ལ་མར་གནས་སྤོས་བྱས་པའི་སྐབས་ལ། ཁང་པ་གསར་པ་ཞིག་ཉོས་རེད། ཁང་པ་ནང་ལོགས་རེད་པ། དཀའ་ལས་ཞེ་པོ་ཅིག་བརྒྱབ་ནས་ཝ་ཤིན་ཊོན་ཌི་སི་ཨ་རིའི་ཆབ་སྲིད་ཀི་རྒྱལ་ས་གི་དཀྱིལ་རང་ལ་ད་དངོས་ནས་ས་ཆ་ཆགས་ས་དཔེ་ཡག་པོ་ཡོད་རེད། དེ་ཁ་ཤས་ཀྱིས་ཕལ་ཆེར་གཟིགས་ཡོད་ཀྱི་རེད་བསམ་གི་འདུག ཨོ། རྒྱལ་སའི་དཀྱིལ་ནང་ལ་ཁང་པ་ཐོག་རྩེག་གསུམ་ཡོད་པ་ཞིག་དེའི་ནང་ལ་གཙོ་བོ་གོང་ས་མཆོག་གི་དགའ་ལྡན་ཕོ་བྲང་གི་དགེ་རྩ་ནས་ཞལ་འདེབས་གནང་། དེ་ནང་བཞིན་བོད་ཀྱི་ཐེབས་རྩས་ཞལ་འདེབས་གནང་ནས་ཁང་པ་ཡག་ཐག་ཆོད་ཅིག་ཉོས་ཡོད་རེད། ང་ཚོ་མར་སྤོ་དུས་སྒང་ནས་ཁང་པ་གསར་པ་རེད་ད། དེའི་ནང་ལ་རྩིག་པ་ཚང་མ་སྟོིང་པ་རེད། དེའི་ནང་ལ་དང་པོ་རང་ནས་སྐུ་པར་དེ་འདྲ་ཡོད་པ་མ་རེད།”“ཨེ་ནས་སྲིད་སྐྱོང་གི་པར་ཞིག་བཞག་ཡོད་རེད། དེ་གྲོས་ཚོགས་ནང་ལ་ཁ་ཤས་ཀྱིས་དེ་མངོན་གསལ་དོད་པོ་ཞེ་པོ་ཞིག་འདུག་[ལབ་པ་རེད] ང་ཚོས་བཞག་པ་དེ་ཡང་། ང་ཚོས་དེ་དུས་གོང་ས་མཆོག་གིས་ཉིས་སྟོང་བཅུ་གཅིག་ལ་ཆབ་སྲིད་ཀྱི་སྐུ་དབང་གནང་ཚར་རེད་པ། སྐུ་དབང་གནང་ཚར་རེད། ཨེ་ནས། ང་ཚོ་གི་ཆབ་སྲིད་ཀི་འགན་ཆ་ཚང་ད་སྲིད་སྐྱོང་གིས་ཁུར་གི་ཡོད་རེད་པ། དབུ་ཁྲིད་དེ་ཁོ་རང་རེད་པ། ང་ཚོ་གིས་ད་སོ་སོ་གི་ཆབ་སྲིད་ཀི་འགོ་ཁྲིད་དེ་ལ་སོ་སོ་གིས་མཐོང་མ་སྤྲད་པ་ཡིན་ན་སུས་སྤྲད་ཀི་རེད། གཞན་དག་གཞུང་ཚབ་དེ་བར་ཕེབས་དུས་སྒང་ནས་རྒྱབ་ཁབ་སོ་སོ་སོ་སོ་གི་སྲིད་འཛིན་སྲིད་བློན་གི་སྐུ་པར་ཡར་བཞག་ཡ་གི་ལུགས་སྲོལ་དེ་འདྲ་འདུག་ག དེ་དུས་ཡིན་པ་ཡིན་ན་ཡེ། ཨ་རིའི་དོན་གཅོད་གཅིག་པོ་མ་རེད་ད། འཇར་པན་དང་ཐེ་ཝན་ལ་ཡང་ལས་ཁུངས་ནང་ལ་སྲིད་སྐྱོང་གི་པར་ཡོད་རེད། བཀོད་ཡོད་རེད།”
གོང་གསལ་འདི་ནི་དོན་ཟུར་སྐལ་རྡོར་ལགས་ཀྱིས་གནང་བའི་གསལ་བཤད་རེད། འདི་གནས་ཚུལ་འདིར་འབྲེལ་ཡོད་དོ་བདག་ངོ་མའི་ངོས་ནས་གསལ་བཤད་གནང་བ་དེ་ཡང་རེད། ཁྱེད་རང་ལ་ཚོར་སྣང་གང་འདྲ་ཞིག་བྱུང་སོང་། གཤམ་ལ་ང་ཚོས་དོན་གཅོད་ལས་ཁུངས་ནིག་ཡོག་ཏུ་ཡོད་སྐབས་དང་ཌི་སི་ལ་སྤར་རྗེས་གཉིས་བསྡུར་ནས་རགས་བལྟ་ཞིག་བྱ། ཕལ་ཆེར་ཀློག་པ་པོ་ཁྱེད་རང་ལའང་བསམ་ཚུལ་འདི་འདྲ་འཆར་མྱོང་ཡོད་སྲིད།
དེ་སྔ་ཨ་རིའི་དོན་གཅོད་ལས་ཁུངས་ནིག་ཡོག་ན་ཡོད་སྐབས། རྩིག་ངོིས་སུ་༸གོང་ས་མཆོག་གི་སྐུ་པར་ཡོད་ཅིང་། རྩིག་འགྲམ་ལ་བོད་དང་། ཨ་རི། ཁ་ན་ཊ་བཅས་ཀྱི་རྒྱལ་དར་བསྒྲེངས་ཡོད་པའི་ས་ཆ་གནད་འགག་ཅན་དེ་འདྲ་ཞིག་ཡོད་དམ་མེད། དེ་འདྲ་ཞིག་བརྙན་དང་པར་མང་པོའི་ནང་མཇལ་རྒྱུ་ཡོད་དམ་མེད།
ཉིན་ལྔའི་གོང་སྤེལ་བ་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གིས་སྲིད་སྐྱོང་འོས་མིའི་བགྲོ་གླེང་སྐབས། རྡི་ལིར་གནས་སྡོད་བསྟན་འཛིན་ནོར་བུ་ལགས་ཀྱིས། “དོན་གཅོད་ལས་ཁུངས་ནིག་ཡོག་ལ་ཡོད་སྐབས་ཀྱི་ལས་ཁུངས་རྙིང་པའི་ནང་ལ། ཁྱེད་རང་དོན་གཅོད་ཡིན་པའི་སྐབས་ལ། ནིག་ཡོག་གི་ལས་ཁུངས་ནང་ལོགས་ལ། ཨ་རིའི་དར་ཆ་དང་བོད་ཀྱི་དར་ཆ་གཉིས་ཀྱི་བར་ལ་རྒྱལ་བ་རིན་པོ་ཆེའི་སྐུ་པར་ཡོད་རེད་ཟེར་བ་ཞིག་གོ་སོང་། དེ་འདྲ་ཞིག་ཡོད་རེད་མ་རེད། སྐལ་རྡོར་ལགས་ནས་ཁ་གསལ་པོ་བྱས་ནས་གསུང་རོགས་གནང་།”་ཞེས་དྲིས་སོང་བར། སྐལ་རྡོར་ལགས་ནས། “ ་་་་ སྐུ་མདུན་གྱི་སྐུ་པར་ཡོད་པ་རེད། དེ་བརྒྱ་ཆ་བརྒྱ་ཐམ་པ་ཡོད་པ་རེད། ཡིན་ནེ། ས་ཆ་གཅིག་ལ་སྐུ་མདུན་གྱི་སྐུ་པར་དང་རྒྱལ་དར་གཉིས་མཉམ་དུ་ཡོད་པ་ཞིག་ངས་དྲན་གྱི་མི་འདུག བརྒྱ་ཆ་བརྒྱ་ཐམ་པ་ཡོད་པ་མ་རེད་ཡང་ཞུ་ཐུབ་ཀྱི་མི་འདུག ངས་དྲན་གྱི་མི་འདུག དེའི་ལན་དེ་ཡིན། ” ཞེས་ལན་བཏབས་སོང་། དོན་གཅོད་ལས་ཁུངས་ནིག་ཡོག་ནས་ཌི་སི་ལ་སྤོར་ཚར་བ་རེད། དེར་ཁང་པ་གསར་པ་ཞིག་གི་ནང་ལ་སྤོས་པ་བདེན་པ་རེད། རྩིག་པ་ཚང་མ་སྟོང་པ་ཡིན་པ་ལས་རྩིག་ངོས་ན་སྐུ་པར་མེད་ཟེར་བའང་བདེན་པ་རེད། ཡིན་ནའང་། མང་ཚོགས་ལྐུགས་པ་མ་རེད། དེ་ལ་རྩོད་པ་ཡོད་པ་མ་རེད། རྩིག་པ་གསར་པའི་ངོས་དེར་༸གོང་ས་མཆོག་གི་སྐུ་པར་ཡར་བཀལ་དེ་ནས་མར་ཕབ་ཡོད་པའི་དབང་དུ་བཏང་ན། དེ་ཡང་གནས་ཚུལ་གཅིག་རེད། ངས་དེ་གླེང་གི་མེད། ཁང་པ་གསར་རྙིང་གཉིས་བསྡུར་ནས་གླེང་གི་ཡིན།
དོན་གཅོད་ལས་ཁུངས་ནིག་ཡོག་ན་ཡོད་སྐབས། ༸གོང་ས་མཆོག་གི་སྐུ་པར་དང་བོད་ཀྱི་རྒྱལ་དར། ཨ་རི་དང་ཁ་ན་ཊ་བཅས་ཀྱི་རྒྱལ་དར་ཡོད་པའི་ས་ཆ་གནད་འགག་ཅན་དེ་འདྲ་ཞིག་ཡོད་དམ་མེད། ཡོད་པ་ཡིན་ན། འོ་ན་དེ་དང་གཅིག་མཚུངས་ཤིག་ཌི་སིར་སྤོས་པའི་དོན་གཅོད་ལས་ཁུངས་གསར་པའི་ནང་དུ་གསར་བཟོ་བྱས་ཡོད་དམ་མེད། འདི་གསལ་པོ་ཆགས་པ་ཡིན་ན། སྐུ་པར་ཕབ་དང་མ་ཕབ་ཀྱི་གནད་དོན་དེ་གསལ་པོ་ཆགས་ཀྱི་རེད། སྐལ་རྡོར་ལགས་ཀྱིས་ག་རེ་བྱས་ནས་དོན་གཅོད་ལས་ཁུངས་ནིག་ཡོག་ན་ཡོད་སྐབས་ཀྱི་རྣམ་པ་དྲན་གྱི་མི་འདུག་གསུང་གི་ཡོད་པ་རེད། གཡོལ་ཐབས་འདི་ཁུངས་འཁྱོིལ་བའི་གཡོལ་ཐབས་ཆགས་ཀྱི་མེད།
ནིག་ཡོག་ན་ཡོད་པའི་དོན་གཅོད་ལས་ཁུངས་སུ་ས་ཆ་གནད་འགག་ཅན་ཞིག་ཡོད་པ་དང་ཆ་འདྲ་བ་ཞིག་ཌི་སིར་སྤོས་པའི་དོན་གཅོད་ལས་ཁུངས་སུའང་ཡོད་པར་བྱས་པའི་གནས་སྟངས་ཆགས་ཡོད་པ་ཡིན་ན། དོན་གཅོད་ལས་ཁུངས་གསར་རྙིང་གཉིས་ནང་ཡོད་པའི་གནད་འགག་ཅན་གྱི་ས་གནས་དེའི་དབྱིབས་དང་ཚོས་གཞི་སོགས་ལ་ཁྱད་པར་ཅུང་ཟད་རེ་ཡོད་ཆོག་ནའང་། རྩིག་ངོས་དེའི་གལ་ཆེན་རང་བཞིན་ལ་འགྱུར་བ་སོང་མེད་པ་མཚོན་གྱི་ཡོད། ནིག་ཡོག་ན་ཡོད་སྐབས་རྩིག་ངོས་དེ་འདྲ་ཞིག་ཏུ་༸གོང་ས་མཆོག་གི་སྐུ་པར་བཞུགས་སུ་གསོལ་ཡོད་པ་གང་ཞིག་ལ། ཌི་སི་ལ་སྤོར་ཚར་རྗེས་རྩིག་ངོིས་དམིགས་བསལ་བ་དེར་༸གོང་ས་མཆོག་གི་སྐུ་པར་མཇལ་རྒྱུ་མེད་པ་བྱས་ཡོད་པ་ཡིན་ན། འདི་ལ་སྐུ་པར་མར་ཕབ་པ་ཟེར་བ་རེད། མང་ཚོགས་ཀྱིས་དེ་ནི་སྐུ་པར་མར་ཕབ་པ་ལ་ངོས་འཛིན་ཞུ་གི་ཡོད་པ་རེད། སྐལ་རྡོར་ལགས་དང་ཁོང་གི་རྒྱབ་སྐྱོང་བ་སྲིད་སྐྱོང་བློ་སེང་གཉིས་ཀའི་སུ་ཡིན་ནའང་། འདི་གསལ་པོ་ཞིག་བཟོ་ཐུབ་པ་ཡིན་ན། འོས་ཤོག་གི་ཁྱད་པར་གང་འཚམ་བཟོ་ཐུབ་སྲིད་པ་རེད།
སྲིད་སྐྱོང་གི་པར་ཡར་བཞག་པ་ལ་དོན་གཅོད་ཟུར་པ་སྐལ་རྡོར་ལགས་ཀྱིས་སྲིད་སྐྱོང་གི་པར་ཡར་འཇོག་དགོས་དོན་བཤད་སྐབས། ཉིས་སྟོང་བཅུ་གཅིག་ལ་༸གོང་ས་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་གནང་ཚར་བ་དང་། དེ་ནས་བཟུང་དབུ་ཁྲིད་དེ་སྲིད་སྐྱོང་ཡིན་པ། སྐུ་པར་ཡར་བཞག་པ་ནི་སོ་སོའི་དབུ་ཁྲིད་ལ་མཐོང་སྤྲད་པ་ཡིན་ལབ་འདུག སོ་སོའི་འགོ་ཁྲིད་ལ་སོ་སོས་མཐོང་སྤྲད་པར་བསམ་འཆར་གང་ཡང་བཤད་ཀྱི་ཡོད་པ་མ་རེད། ༸གོང་ས་མཆོག་གི་སྐུ་པར་མར་ཕབ་པ་དེ་འགྲིག་མ་སོང་ཟེར་གི་ཡོད་པ་རེད། དོན་གཅོད་ལས་ཁུངས་གསར་པའི་ནང་ལ། བློ་བཟང་སེང་གེའི་པར་མཐོ་ས་ལ་བཞག ༸གོང་ས་མཆོག་གི་སྐུ་པར་དམའ་ས་ལ་བཞག་པ་དེ་འགྲིག་མ་སོང་ཟེར་གི་ཡོད་པ་རེད།
གང་ལྟར། སྐལ་རྡོར་དང་ཁོང་གི་རྒྱབ་སྐྱོར་བ་སྲིད་སྐྱོང་བློ་བཟང་སེང་གེ་གཉིས་ཀྱིས་མང་ཚོགས་ནང་གསལ་བཤད་ག་ཚད་བྱས་ན་དེ་ཚོད་ཀྱིས་སྐུ་པར་མར་ཕབ་པར་ངོས་འཛིན་བྱེད་མཁན་ཇེ་མང་དུ་འགྲོ་གི་ཡོད་པ་འདི་ག་རེ་བྱས་པ་རེད།རྡི་ལིར་གནས་སྡོད་བསྟན་འཛིན་ནོར་བུ་ལགས་ཀྱིས་དྲི་བ་དེ་སྐྱར་དུ་བཀོད་ནས་རྩོམ་མཇུག་བསྡུས་ཆོག་པ་ཞུ། “དོན་གཅོད་ལས་ཁུངས་ནིག་ཡོག་ལ་ཡོད་སྐབས་ཀྱི་ལས་ཁུངས་རྙིང་པའི་ནང་ལ། [སྐལ་རྡོར་]ཁྱེད་རང་དོན་གཅོད་ཡིན་པའི་སྐབས་ལ། ནིག་ཡོག་གི་ལས་ཁུངས་ནང་ལོགས་ལ། ཨ་རིའི་དར་ཆ་དང་བོད་ཀྱི་དར་ཆ་གཉིས་ཀྱི་བར་ལ་རྒྱལ་བ་རིན་པོ་ཆེའི་སྐུ་པར་ཡོད་རེད་ཟེར་བ་ཞིག་གོ་སོང་། དེ་འདྲ་ཞིག་ཡོད་རེད་མ་རེད། སྐལ་རྡོར་ལགས་ནས་ཁ་གསལ་པོ་བྱས་ནས་གསུང་རོགས་གནང་།”
འོ་རེད་ལགས། ཁ་བརྡ་དྲ་བ་ནི་གཞེས་བྱེས་བོད་གང་ཡིན་གྱིས་བསམ་ཚུལ་དང་ལྟ་སྟངས་བརྗོད་སའི་རང་དབང་ཅན་གྱི་གླེང་སྟེགས་ཟེར་བ་ངོ་མ་རེད།
གོང་གསལ་གྱི་རྩོམ་འདི་སྤེལ་བར་ཐུགས་རྗེ་ཆེ་ཞུ་བ་ཡིན།
ང་ཚོ་བོད་པས་གནད་དོན་ལ་དབྱེ་ཞིབ་བྱེད་སྐབས་རྣམ་པའི་ཕྱོགས་ནས་དཔྱད་རྒྱུའམ་ལྷ་བཅོལ་གནམ་བཅོལ་བྱེད་རྒྱུར་དགའ་བོར་ཡོད། འོན་ཀྱང་གནད་དོན་གང་ཡིན་ཕྱིན་རྐང་དང་ནང་ལ་བལྟ་རྒྱུ་གལ་ཆེ། དཔེར་ན། ཁ་བ་བབས་སོང་། འདི་གོ་རྗེས་དགུན་དང་དཔྱིད་ཡིན་པ་ཤེས་ཐུབ། སྤྱིར་བཏང་གི་དབྱེ་ཞིབ་ནི་འཁྱགས་པའི་ཁྱད་ཆོས་དང་དེ་བཞིན་གྱི་ངན་དང་བཟང་མང་བོ་རེད། ཡིན་ནའང་དགུན་གྱིས་བོད་ལ་གངས་རི་དང་རྩམ་པ་གནང་ཡོད། དགུན་གྱིས་འགྲོ་བ་མིའི་རིགས་ལ་བོད་ཟེར་བའི་མི་རིགས་ཞིག་མངགས་ནས་རྫོང་ས་མང་བའི་གཞི་བདག་འདྲ་བོ་བྱས་ཡོད། དགུན་གྱིས་ད་དུང་འཛམ་གླིང་གི་ཆུ་མགོ་སྲུང་ཡོད། དཔེ་དེ་བཞིན། སྐལ་རྡོར་ཟེར་བ་འདིས་བོད་ལ་ཕན་ཅི་ཡོད། འདི་ནི་ཡང་སྙིང་གི་གནད་དོན་གཙོ་བོ་ཞིག་རེད། འདིས་དགུན་གྱི་ངོ་བོ་སྒྱུར་བའི་ཉེན་ཁ་ཆེ། གངས་རི་ལ་བོད་ཀྱི་དྲི་མ་དང་ཕྲེང་འཛིན་གྱི་གཤིས་ཀ་ཡོད། བརྒྱ་ཁྲི་བཞི་སྟོང་གི་ལོ་རྒྱུས་ཀྱི་རྣམ་ཤེས་གསོན་པོ་ཡོད། གལ་སྲིལ་སྐལ་རྡོར་གྱིས་གངས་ལྗོངས་ཀྱི་བླ་མ་ལ་སྐྱབས་སུ་བཅོལ་བའི་༸གོང་ས་མཆོག་ལའང་མི་བཀུར་ན་ཉམས་ཆུང་བོད་འབངས་དང་སྨྲ་བརྗོད་ཅི་ཡང་མི་ཤེས་བའི་གངས་དང་ཆུ། སྟག་དང་ལུ་གུ མདོ་སྟོད་དང་ས་སྐྱ། དབུ་མའི་ལམ་དང་མ་ཡིན་པའི་ལམ་སོགས་མང་པོ་ཞིག་གི་སྐྱབས་སུ་ལ་བཅོལ། ཟུར་གྱིས་དཔྱད་ན་ཨ་རི་དང་འབྲེལ་བ་བྱེད་སྐབས་སྐལ་རྡོར་ལགས་ནུས་བ་འཇོན་ཐང་ཡོད་ཀྱང་སྲིད། ཨ་རིས་ཀྱང་རྒྱབ་སྐྱོར་བྱེད་ཀྱང་སྲིད། ཡིན་ནའང། དེང་སྐབས་མི་སུ་སྲིད་སྐྱོང་དུ་ཆགས་ཀྱང་ཨ་རིས་རྒྱབ་སྐྱོར་སྔར་བཞིན་ཡོད། རྒྱུ་མཚན་ཞེ་ན་འདི་ནི་ཆབ་སྲིད་ཟེར་བ་རེད། དེབ་ཐེར་དཀར་པོ་དང་ས་སྐྱ་ལེགས་བཤད་དུ་གསལ་བོར་བཀོད་ཡོད། ཞིབ་ཏུ་ཀློག་ཚེ་གེ་སེར་སྒྲུང་དང་ཚངས་དབྱངས་མགུར་ཏུའང་ཆབ་སྲིད་ཀྱི་རྒྱུན་ཤེས་འདི་ར་སྤྲོད་བྱས་ཡོད། དེར་བརྟེན། སྐལ་རྡོར་གྱིས་རང་གིས་ནོར་འཁྲུལ་དང་ལེན་མི་བྱེད། བླ་མ་མི་བཀུར། སྒེར་དང་ཕྱོགས་རུས་ཅན་གྱི་ཆབ་སྲིད་དག་དག་ལས་ན་ཆབ་སྲིད་ཀྱི་དོན་ངོ་མ་དེ་བསྟན་ཐུབ་ཡོད་པ་མ་རེད། མཐའ་མ་སྐུ་ངོ་ནམ་ཡང་སྐུ་ངོ་ཡིན། བོད་མི་ནམ་ཡང་བོད་མི་རེད།
མཐར་དྲ་ལམ་ནས་འདི་འདྲ་ཞིག་མཐོང་བྱུང་། དགའ་སྐྱོའི་ཚོར་བ་སྐྱུར་མོ་ཞིག་གློ་བུར་ཏུ་མཉམ་རུབ་བྱུང་། ཡང་སྙིང་སྐལ་རྡོར་ལགས་ཀྱི་ངོ་མ་འདི་ལྟར་བཤད་ན་སྔར་ལས་ཀྱང་ཡིད་སྐྱོ་སོང་།
https://www.facebook.com/tsultrim.nima.5/videos/477140086768419
རྩོམ་སྒྲིག་པ་ལགས། ཁྱེད་ལ་སྔོན་ཤེས་ཀྱི་མཁྱེན་པ་འདྲ་ཡོད་པ་རེད།
གཤམ་གསལ་གྱི་དྲ་ལས་སྐལ་རྡོར་གྱིས་གོང་ས་མཆོག་གི་སྐུ་པར་ཕབ་པ་གསལ་པོ་ཆགས་ཡོད།
https://twitter.com/rtzhds/status/1379790051912122369
སྐལ་རྡོར་གྱིས་གོང་ས་མཆོག་གི་སྐུ་པར་ཕབ་པ་གསལ་པོ་ཆགས། སུས་ལན་གནང་ཐུབ་ན་མགྱོགས་པོར་ཡིན་ད། ཅེས་ཐད་ངས་ཁོ་བས་བསམ་ཚུལ་དེ་ཧ་གོ་མ་སོང་། གསལ་པོ་ཆགས་ཞེས་པ་དང་སུས་ལན་གནང་ཐུབ་ན་མགྱོགས་པོར་ཡིན་ད་ཅེས་གཉིིས་ཐ་ཐད་མ་རེད་དམ། ངས་ཞུས་ཆོག་ཁྱེད་བསམ་ཞིབ་ནན་པོ་གནང་ཨ།
འབུམ་ཚང་ལ་གནད་དོན་གཙོ་བོ་དེ་སྐུ་པར་ཕབ་ས་དང་ཕབ་པའི་རྒྱུ་མཚན་དེ་ཡིན། སྐུ་པར་ཁྱེད་ཀྱིས་ཀྱང་ཕབ་ཡོད་གཤའ་རེད་ལ་དབུ་དཀར་ཚང་གིས་ཀྱང་ཕབ་པ་རེད། དེ་དངོས་འབྲེལ་རེད། ཁྱེད་ཀྱི་ཀྱང་གནས་སྤོ་བ་སོགས་ལས་ཕབ་ཡོད་ལ་དབུ་དཀར་ཚང་གིས་ཀྱང་ནིའུ་ཡོག་དོན་ཁང་ཌི་སི་རུ་སྤོ་དགོས་དེ་ལྟར་རོ། ཡིན་ཀྱང་ཁྱེད་གཉིས་ཀྱི་ཕབ་དགོས་པའི་རྒྱུ་མཚན་ལ་མ་རྟོགས་མ་འོས་པའི་ཚད་མ་མེད།
ད་གནས་སུ་སྐུ་པར་ཕབ་སའི་གནད་དོན་འདི་ཡིན། འདི་ཨ་རི་དོན་ཁང་ཌི་སི་རུ་སྤོས་ནས་སྣེ་ལེན་འཚོམ་ཁང་ Reception དུ་དེ་སྔ་ནིའུ་ཡོག་སྣེ་ལེན་འཚོམ་ཁང་ལྟར་༧ ཁོང་གི་སྐུ་པར་གཤམ་མེད་པའི་གནས་དོན་ཞིག་རེད། འདི་ལྟར་འཐུས་སམ་ཞུས་ན་ངའང་མི་དགའ་ཡང་དེ་ལྟར་ཞུ་དགོས་པའི་རྒྱུ་མཚན་ཞུས་འདུག་ག དེ་ལྟར་ན་ཌི་སི་དོན་ཁང་དུ་སྐུ་པར་མར་ཕབ་མིན་འདུག་ག། ཁྱེད་ནས་དང་པོ་གོ་བ་ལྟར་བློ་སེང་གི་པར་ཆེ་བ་དང་༧ ཁོང་གི་སྐུ་པར་ཆུང་བ་ཡོད་པའི་གནས་དོན་དེ་ག་ནས་ཀྱང་འོང། འདི་ཨ་རིའི་ནང་ Qanon ལས་དོན་པས་སྐྱག་རྫུན་བརྒྱ་ཕྲག་བཤད་ནས་མི་མགོ་སྐོར་འཐེབ་པ་དང་མཚུངས།
མདོར་བསྡུས་ན། ཁྱེད་༧ གོང་ས་མཆོག་ལ་དད་གུས་ཆེན་ཞེན་ཡིན་པས་དབུ་དཀར་ཚང་གི་སྐྱོན་གནད་༼ཕལ་ཆེར་བདེན་མིན་༽སྐོར་བ་སེམས་ཚབ་འདི་ལྟར་ཡང་དེ་ལས་ཆེ་ཆེར་མང་པ་བརྒྱ་ཕྲག་གིས་ཐུགས་ཕམ་ཆེ་བའི་སྤེན་པ་ཚེ་རིང་གིས་གནས་ཚུལ་སྐོར་ལ་སྤུ་ཙམ་ཡང་མེད་པ་ཧ་ལས་སོང་ཀྱང་ཧོན་ཐོར་མ་སོང་། ཁྱེད་དང་ཕྱོགས་ཤོག་གི་གལ་ཆེ་གལ་ཆུང་གི་ཡིན་སྲིད།
ཕྱྭི་པ་སྟོང་པ་ཞིག། སྲིད་སྐྱོང་ལ་མི་འོས་སོ། སྤུན་ཟླ་ཚོ།
སྐུ་པར་ལས་ད་དུང་བྱ་ཉེན་ཆེན་པོ་མགོ་འབུས་བཞིན་འདུག་གོ། སྤུན་ཟླ་ཚོ།
སྒོར་མོ་ཡོང་ས་(ཨ་རི)དང་བཀོལ་ས་(བོད་ཀྱི་དངུལ་ཁང་)གི་འགག་སྒོ་བརྟན་སྲུང་གིས་རྒྱུགས་ཁྱི་ལ་སྒོར་སྦྱིན་དང་ཁ་གཏད་ལ་དབྱུག་རྡུང་བྱེད་འདོད་ཀྱི་རྨི་ལམ་ཙམ་ལས། བོད་ཕྱི་ནང་ལ་ཤ་ཚ་བའི་ཐབས་སྲིད་ནི་རྐང་གཅིག་མི་འདུག་གོ། སྤུན་ཟླ་ཚོ།
གཙོ་བོ་བོད་ནང་གི་བོད་དགྱ་དཀྲུག་ཐུབ་ན། དེའི་གནད་དོན་ཁ་ལ་ཁྱེར་ནས། ཞལ་འདེབས་བསྡུ་བ་དང་། འཛམ་གླིང་གི་མི་སྣ་ག་གེ་མོ་དང་མཉམ་ཟ་མཉམ་འགྲོ་རེ་བྱེད་པ་ནི་ཁོང་ཚོའི་ལངས་ཕྱོགས་རེད། བཙན་བྱོལ་བའི་ལྟོ་སློང་བྱེད་ཡང་དེ་རེད། དེ་ལྟར་བྱེད་ཐུབ་ན། ང་ཆེ། ང་རྫིག་གིས་ལས་དོན་འགྲུབ་པའི་ཁུལ་རེད། དེའི་བར་ནས། ཁོ་རང་ཚོའི་སྒར་དོན་འགྲིག་འགྲོ་ལེ་རེད། བོད་གཞིས་བ་མི་མང་ཕམ་འགྲོ་ལེ་རེད། སྤུན་ཟླ་ཚོ།
བློ་བཟང་དང་སྐལ་རྡོར་གྱིས་ཨ་རི་ནས་སྦྱང་བའི་ཡོན་ཏན་དེ་རེད། བོད་ལ་བཅང་བའི་ཞེན་སྐོགས་ཀྱང་དེ་རེད།
ཁོང་ཚོ་ཅན་པོ་འདི། སྒོར་མོ་རིག་ན་སྨྱོ་འགྲོ་གི། བདག་གཞན་གཉིས་ཀ་ཕོང་གི། མི་དེ་ཚོ་ལ་ཡག་པའི་ཆ་སྤུ་ཙམ་ཡང་ལེན་མི་འདུག་གོ། སྤུན་ཟླ་ཚོ།
མགོ་གཉིས། ལྕེ་གཉིས། བློ་གཉིས། མི་གཉིས་ཀྱིས་ལམ་དབུ་རིང་གཉིས་ལ་ཡང་རྩ་བ་དང་རྩེ་མོ་མེད་པར་གཏོར་བཞིན་འདུག་ན། སྤུན་ཟླ་ཚོ།
ང་ཚོས། བཟང་རྒྱལ་ངན་ཕོང་ལ་དཔའ་བའི་འོས་ཤོག་དེ། གསེར་སྒམ་དེ་སྤེན་སྒམ་ཡིན་ན། བློ་མ་འཁྲུག་པར་བླུགས་ཤོག་ཨ། སྤུན་ཟླ་ཚོ།
ཕྱྭི་པ་སྟོང་པ་ཞིག། སྲིད་སྐྱོང་ལ་མི་འོས་སོ། སྤུན་ཟླ་ཚོ།
སྐུ་པར་ལས་ད་དུང་བྱ་ཉེན་ཆེན་པོ་མགོ་འབུས་བཞིན་འདུག་གོ། སྤུན་ཟླ་ཚོ།
སྒོར་མོ་ཡོང་ས་(ཨ་རི)དང་བཀོལ་ས་(བོད་ཀྱི་དངུལ་ཁང་)གི་འགག་སྒོ་བརྟན་སྲུང་གིས་རྒྱུགས་ཁྱི་ལ་སྒོར་སྦྱིན་དང་ཁ་གཏད་ལ་དབྱུག་རྡུང་བྱེད་འདོད་ཀྱི་རྨི་ལམ་ཙམ་ལས། བོད་ཕྱི་ནང་ལ་ཤ་ཚ་བའི་ཐབས་སྲིད་ནི་རྐང་གཅིག་མི་འདུག་གོ། སྤུན་ཟླ་ཚོ།
གཙོ་བོ་བོད་ནང་གི་བོད་དགྱ་དཀྲུག་ཐུབ་ན། དེའི་གནད་དོན་ཁ་ལ་ཁྱེར་ནས། ཞལ་འདེབས་བསྡུ་བ་དང་། འཛམ་གླིང་གི་མི་སྣ་ག་གེ་མོ་དང་མཉམ་ཟ་མཉམ་འགྲོ་རེ་བྱེད་པ་ནི་ཁོང་ཚོའི་ལངས་ཕྱོགས་རེད། བཙན་བྱོལ་བའི་ལྟོ་སློང་བྱེད་ཡང་དེ་རེད། དེ་ལྟར་བྱེད་ཐུབ་ན། ང་ཆེ། ང་རྫིག་གིས་ལས་དོན་འགྲུབ་པའི་ཁུལ་རེད། དེའི་བར་ནས། ཁོ་རང་ཚོའི་སྒར་དོན་འགྲིག་འགྲོ་ལེ་རེད། བོད་གཞིས་བ་མི་མང་ཕམ་འགྲོ་ལེ་རེད། སྤུན་ཟླ་ཚོ།
བློ་བཟང་དང་སྐལ་རྡོར་གྱིས་ཨ་རི་ནས་སྦྱང་བའི་ཡོན་ཏན་དེ་རེད། བོད་ལ་བཅང་བའི་ཞེན་སྐོགས་ཀྱང་དེ་རེད། གཞན་བོད་ཀྱི་སྐད་ཡི་གེ། བཟང་སྤྱོད་ཚུལ་མཐུན་སོགས་དགོས་བའི་བོད་ལུགས་ནི་མ་ཡོད་དོ། སྤུ་ཟླ་ཚོ།
ཁོང་ཚོ་ཅན་པོ་འདི། སྒོར་མོ་རིག་ན་སྨྱོ་འགྲོ་གི། བདག་གཞན་གཉིས་ཀ་ཕོང་གི། མི་དེ་ཚོ་ལ་ཡག་པའི་ཆ་སྤུ་ཙམ་ཡང་ལེན་རྒྱུ་མི་འདུག་གོ། སྤུན་ཟླ་ཚོ།
མགོ་གཉིས། ལྕེ་གཉིས། བློ་གཉིས། མི་གཉིས་ཀྱིས་ལམ་དབུ་རིང་གཉིས་ལ་ཡང་རྩ་བ་དང་རྩེ་མོ་མེད་པར་གཏོར་བཞིན་འདུག་ན། སྤུན་ཟླ་ཚོ།
ང་ཚོས། བཟང་རྒྱལ་ངན་ཕོང་ལ་དཔའ་བའི་འོས་ཤོག་དེ། གསེར་སྒམ་ལྗིད་གོག་ཅན་པོ་སྤེན་སྒམ་ཡིན་ན། བློ་མ་འཁྲུག་པར་བླུགས་ཤོག་ཨ། སྤུན་ཟླ་ཚོ།
ཚིག་འགའ་ཆད་འདུག་པས་བཅོས་སོ།
གནམ་ལགས། ཁྱེད་ཀྱིས་གསུངས་བ་བདེན་ནོ། ད་བོད་རང་གི་ལས་དབང་དེ་རང་གིས་འཛིན་སྒོས་བའི་གནད་འགག་གི་ལོ་ཟླ་ཞིག་རེད། སྐལ་རྡོར་དང་སྐྱག་སེང་གི་ཁ་བཤད་ཆུ་ཡི་ལྦུ་བ་མེད་ན་མི་སུ་སྲིད་སྐྱོང་དུ་ཆགས་ཀྱང་ཆོག ཧ་ཧ། དེ་དགོད་གཏམ་ཙམ་ཡིན། སྲིད་སྐྱོང་ཞེས་བ་ཐོག་མར་༸གོང་ས་མཆོག་བཀུར་དགོས། ཁོང་གི་སྐུ་པར་མར་ཕབ་ནས་མི་ཆོག ད་དུང་སྐྱོན་ངེན་ལན་མི་བྱེད། དེ་འདྲ་བཟོས་ན་ཡག་པོ་རང་ཡོངས་ཐུབ་དཀའ་འགྲོ་བ་རེད། དེ་ནས་བོད་ཀྱི་རིག་གནས བཟང་ངན་ཅི་ཡིན་རུང་ཆེས་དམའ་སའི་སྐྱིད་སྡུག་དེ་མཐོང་ཐུབ་དགོས། དཔེར་ན། ངོ་རུབ་ནས་སློབ་མ་དང་མཉམ་ཏུ་རྩེད་འཇོ་བྱེད་པ་དེ་ངོ་མ་རྩེད་འཇོ་རེད། ནད་དུག་འདི་འདྲ་ཛ་དྲག་གི་སྐབས་སུ་མི་མང་འདུ་འཛི་འཇུག་པ། དེ་འདྲ་མང་བོ་ཞིག་གིས་སྐལ་རྡོར་གྱི་མི་གཤིས་དང་འགྲོ་ཕྱོགས་གསལ་བོར་མངོན་ཡོད། སྲིད་སྐྱོང་ཞེས་བ་ཡིན་ན་བླ་མ་ལ་སྐྱབས་སུ་བཅོལ། ཉམས་ཆུང་གི་གནས་ཚུལ་རྟོགས་པ། སྲིད་ཡག་པོ་འཛིན་སོགས་བོད་རང་ལ་ཕན་པའི་ཆ་རྐྱེན་མང་པོ་འཛོམས་དགོས།
བོད་མི་ཞིག་གི་བསམ་ཚུལ།
བོད་རིགས་སྤུན་ཟླ་རྣམ་པར་ཞུ་རྒྱུ། སྲིད་སྐྱོང་འོས་འདེམས་བྱེད་རྒྱུའི་མཚམས་ལ་སླེབས་པའི་སྐབས་འདིར། བོད་དོན་ལ་ཉན་ཁ་མེད་ཅིང་ཁྱད་འཕགས་འགོ་ཁྲིད་གཅིག་འདེམས་ཐུབ་ཆེད། ངས་སྐུ་ཞབས་སྐལ་བཟང་རྡོ་རྗེའི་སྐོར་གྱི་ཆ་རྒྱུས་ཡོད་ཚད་མང་ཚོགས་ལ་གསལ་བཤད་བྱེད་རྒྱུ་ཡིན། རང་རང་སོ་སོས་དེ་ལུགས་བསམ་གཞིགས་བྱེད་པའི་ཡིད་ཆེས་ཡོད། སྐལ་བཟང་རྡོ་རྗེ་ལགས་བཀའ་ཤག་གི་ཚབ་ཏུ་ཨ་རི་ལ་ལས་ཀ་བྱེད་སྐབས། ཨ་རིར་བོད་གཞུང་དོན་གཅོད་ཁང་ནང་གོང་ས་མཆོག་གི་སྐུ་པར་མར་བླངས་ནས་བློ་བཟང་སེང་གེའི་་འདྲ་པར་ཡར་བཞག་པ། གོང་ས་མཆོག་ལ་གུས་ཞབས་མེད་བཞིན་དུ་བློ་བཟང་སེང་གེ་ལ་་ངོ་སྟོད་ཚད་མེད་བྱས་པ། ལྐོག་ཏུ་ཟམ་གདོང་རིན་པོ་ཆེ་ལ་རྩིས་མེད་ཀྱིས་རྒས་པོ་མགོ་དཀར་ཞེས་བོས་པ། ང་ཡི་སེམས་ནང་གོང་ས་མཆོག་ནི་རྩ་བའི་བླ་མ་ཡིན་པ་དང་། ཟམ་གདོང་རིན་པོ་ཆེ་ནི་མཚན་སྙན་ལྡན་པའི་མི་སྣ་གྲགས་ཅན་ཞིག་ཡིན། ཁོ་ཡི་སེམས་ནང་དབང་ཆ་ནི་རྩ་བའི་བླ་མ་ལྟ་བུ་ཡིན་ངེས། དེ་འདྲ་བྱས་པར་བརྟེན་ནས་བློ་བཟང་སེང་གེས་ཁོ་པ་དཔལ་འབྱོར་ལས་ཁུང་དང་ཡར་རྒྱས་ཐེབས་རྩའི་འགན་འཛིན་དུ་བསྐོ་བཞག་བྱས་ཡོད། ཐེབས་རྩ་ལས་ཁུངས་དེ་ལ་ཨ་རི་དང་ཡོ་རོབ་ཕྱོགས་ཀྱི་ཞལ་འདེབས་ཨ་སྒོར་ཁྲི་སྟོང་ཕྲག་མང་པོ་ལོ་རེ་ལ་ཡོང་བཞིན་ཡོད་ཀྱང་། མང་ཚོགས་ཀྱི་འཚོ་བ་ལ་གང་ཡང་ཕན་ཐོག་བྱུང་མེད། ཞལ་འདེབས་སྒོར་མོ་མང་པོ་དེ་དག་གང་ན་སོང་བ་ངས་མི་ཤེས། གོ་ཐོས་ལྟར་ན་ཁོ་པས་ཨ་རི་ལ་བཟོ་ཚོང་ཁང་བཙུགས་ཡོད་པ་རེད་ཟེར། ཁོ་ལ་རང་ཉིད་ཀྱི་རྒྱུ་ནོར་དང་སྒོར་མོའི་གྲངས་ཀ་སོགས་གང་ཡོད་མང་ཚོགས་ལ་གསལ་བཤད་བྱེད་རྒྱུའི་སྤོབས་པ་ཡོད་དམ། མཆོག་གསུམ་དཔང་དུ་བཞག་ནས་གཞུང་གི་རྒྱུ་དངོས་ལྐོག་ཟ་བྱས་མེད་པའི་ཁས་བླངས་རྒྱུའི་སྤོབས་པ་ཡོད་དམ། སྐལ་བཟང་རྡོ་རྗེ་སྲིད་སྐྱོང་གི་འོས་ཤོག་ཐོབ་ཆེད། བློ་བཟང་སེང་གེས་ཁོ་ལ་འགན་ཁུར་གྱི་ལས་གནས་མང་པོ་སྤྲད་ཡོད། ཐ་ན་འོས་བསྡུའི་སྒྲིག་གཞི་དང་འགལ་བཞིན་ཀ་ལིམ་པུང་དང་། དར་རྒྱས་གླིང་སོགས་ལ་སྐོར་བསྐྱོད་བྱས་ནས་ཁོ་པས་སྐལ་རྡོར་ལ་འོས་ཤོག་འཕེན་རྒྱུ་སྐུལ་སློང་བྱས་ཡོད། དེ་ནི་ཁོ་པ་གཉིས་སྒེར་འབྲེལ་ལས་བརྒལ་བའི་བྱེད་སྟངས་ཡ་མེད་རེད། སྐལ་བཟང་རྡོ་རྗེ་སྲིད་སྐྱོང་ཐོབ་པ་ཡིན་ན་བློབཟང་སེང་གེའི་བཀའ་སྒྲུབ་རྒྱུ་དང་རང་ཉིད་ཀྱི་འདོད་དོན་སྒྲུབ་རྒྱུ་མ་གཏོགས། བོད་མིའི་སྤྱི་ཡི་ཁེ་ཕན་མི་སྒྲུབ་པ་ཐག་ཆོད་རེད། གོ་ཐོས་ལྟར་ན་སྔོན་འགྲོའི་འོས་ཤོག་སྐབས། རྒྱ་རི་སྒྲོལ་མའི་འོས་ཤོག་རྐུ་བརྒྱབ་པ་རེད་ཟེར། ཐེབས་རྩ་ཚོགས་པའི་ཞལ་འདེབས་སྒོར་མོ་རང་ཉིད་ཀྱི་འོས་ཤོག་ཐོབ་ཆེད་དུ་བེད་སྤྱོད་བྱས་ཡོད་པ་རེད་ཟེར། གཞན་ཡང་འོས་བསྡུ་ལས་ཁུངས་ཀྱི་འགན་འཛིན་དབང་འདུས་ཚེ་རིང་གི་འོས་བསྡུའི་དབང་ཆ་བེད་སྤྱོད་ལོག་པ་བཏང་ཡོད་པས་ཁོ་གཉིས་ཀྱི་བྱེད་སྟངས་ལ་བརྟག་དཔྱད་བྱེད་དགོས་པ་གལ་ཆེན་རེད། ང་ཚོ་ལ་དྲང་བདེན་གྱི་འོས་འདེམས་དགོས་ལ། དེ་བས་ཀྱང་དྲང་པོའི་སྲིད་སྐྱོང་ཞིག་དགོས་པ་ཤིན་ཏུ་ནས་གལ་ཆེན་ནང་གི་དོན་ཆེན་རེད། པད་མ་ཆོས་འཕེལ་ནས་ལྷག་བསམ་བཟང་པོའི་ཐོག་ནས་་བྲིས།
ང་ཚོ་ལ་དྲང་བདེན་གྱི་འོས་འདེམས་དགོས་ལ། དེ་བས་ཀྱང་དྲང་པོའི་སྲིད་སྐྱོང་ཞིག་དགོས་པ་ཤིན་ཏུ་ནས་གལ་ཆེན་ནང་གི་དོན་ཆེན་རེད། པད་མ་ཆོས་འཕེལ་ནས་ལྷག་བསམ་བཟང་པོའི་ཐོག་ནས་་བྲིས། ཞེས་པར། དྲང་བདེན་དང་དྲང་པོའི་སྲིད་སྐྱོང་ཞིག་དགོས་རྒྱུ་ཡང་ད་ག་གང་རེད། ཡིན་ཀྱང་དྲང་པོ་དེ་གཞན་ལ་མིན་འདུག་ཞུ་བར་དང་པོ་རང་གཙང་མ་དགོས་མ་རེད་པས། གོང་གི་ལྷག་བསམ་བཟང་པོའི་བོད་མི་ཞིག་གི་བསམ་ཚུལ་ལ་གཟིགས་དང་གོང་འདིར་དཀུན་དགའ་ Says : དང་མཐའ་བསྡོམས་དེར་པད་ཆོས་འཕེལ་ནས་ཞེས་པ་དྲང་བདེ། མི་བདེན། སྐུ་དཔར་སྐོར་དེ་བདེན་པ་ཡང་རེད་ལ་མི་བདེན་པའང་ཡིན་སྲིད། ཇི་ལྟར་བདེན་ཟེར་ན། དབུ་དཀར་ཚང་གི་ནིའུ་ཡོག་དོན་ཁང་ཌི་སི་ལ་སྤོ་སྐབས་དོན་ཁང་དུ་ཡོད་པའི་༧སྐུའི་སྐུ་པར་དང་གཞན་རྣམས་ཚང་མ་མར་ཕབ་ནས་ཌི་སི་ལ་གདན་ཞུས་པ་རེད། སྐུ་པར་སྐོར་མི་བདེན་པ་ཡིན་སྲིད་པ་དེ་ཌི་སི་དོན་ཁང་སྣེ་ལེན་འཚོམ་ཁང་་ Reception དུ་༧སྐུ་པར་མར་ཕབ་པ་ལ་དང་ཐོག་ཡར་གཤམ་དགོས་ཡིན་པ་གཤམ་མེད་ན་མར་ཇི་ལྟར་ཕབ།
ད་ཆ་སྲིད་སྐྱོང་འོས་མི་གཉིས་ལས་མེད་པས་དབུ་དཀར་ཚང་མིན་ན་སྤེན་ཚེ་ལས་གཞན་མེད་དོ། པད་མ་ཆོས་འཕེལ་ཁྱེད་ཀྱི་ལྷག་པའི་བསམ་པ་དེ་ལ་གཟིགས་དང་སྤེན་ཚེ་མི་དབུ་དཀར་ལས་བརྒྱ་ཕྲག་གི་རྙོག་འཁྲ་ཆེ་བའི་མི་ད་བར་བྱུང་མ་མྱོང་བའི་རྒྱ་གར་གསང་བའི་ལས་ཁུངས་ནས་ཀྱང་ཞིབ་འཇུག་ཞུ་དགོས་པའི་གནས་ཡིན་པ་ལའང་རྒྱབ་སྐྱོར་བྱས་། དེ་ལས་ལྷག་པའི་བོད་གཞུང་ལས་བྱེད་པ་དབུ་དཀར་ལ་གཞུང་དངུལ་ཟས་པའི་ཁག་བཙུགས། བོད་གཞུང་གི་རྩིས་ལ་ལོ་ལྟར་རྩིས་ཞིབ་ཞུ་ཡི་ཡོད། དབུ་དཀར་ཚང་བོད་གཞུང་དོན་གཅོད་དང་རྡ་སར་ལས་བྱེད་ཞུས་པས་ལོ་བཅུ་ཙམ་སོང་ཡོད་པས་རྩིས་ཞིབ་ཡིག་ཆ་ག་པར་གསལ་འདུག ཁྱེད་ཀྱི་ལྷག་བསམ་དེ་བུ་ལྐུག་པས་ཕ་མགོ་བཅོམ་པའི་དཔེ་ལྟར་ཡིན་འདུག གང་གིས་ན་རང་དོན་ཆེད་བོད་གཞུང་ཀྱང་ནག་པོ་བཟོས་པ་མ་རེད་པས། ང་དབུ་དཀར་ཚང་ལ་སྒེར་དོན་ཆེད་རེ་དགོས་གང་ཡང་མེད་དོ་། དྲང་པོ་ཞུ་དགོས་མཁན་དང་བོད་གཞུང་ནག་མེད་ལ་དགོས་མེད་ཀྱི་དྲིབ་ནག་གཡོག་མཁན་ལ་ལན་རྒྱབ་དགོས་མཁན་ཞིན་ཡིན།།