ཐུབ་བསྟན་ཤེས་རབ།
དེ་རིང་བཀའ་ཟུར་རྒྱ་རི་སྒྲོལ་མས་དབུས་བུད་མེད་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༣ པའི་ཐོག་གསུང་བཤད་གནང་སྐབས། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཁྲིམས་ཀྱིས་ངོས་བཞེས་བརྒྱུད་ནས་བརྡ་ཐོ་མ་བཏང་བར་ཐག་གཅོད་བཏང་ཡོད་པ་དང་། ཁྲིམས་ཡིག་ནང་ལ་བརྡ་ཐོ་གཏོང་དགོས་གསལ་ཡོད་པ། བརྡ་ཐོ་ཟེར་ན་ notice ཡིན་པ། རྗེས་ལ་བརྡ་ཐོ་བཏང་བ་ངོས་ལེན་བྱས་མི་འདུག་ཅེས་གསུངས་འདུག་པ་བདེན་པ་རེད་མི་འདུག ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ ༢༠༢༠།༩།༢༥ ཉིན་སྤྱི་འཐུས་རྒྱུན་ལས་མཐའ་མའི་བཀའ་ཁྱབ་བཏང་བ་དེར་བལྟས་ན།
༡༽ བཀའ་ཁྱབ་ཀྱི་དོན་ཚན་ ༡་ཐ་ ནང་། དུས་བཀག་ ༢༠༢༠།༩།༤ བར་བཅའ་ཁྲིམས་ཀྱི་བཀའ་རྒྱ་ལག་བསྟར་ཐུབ་པའི་ཐབས་ལམ་མ་བསྟེན་ཚེ། ་་་་ཆད་འགེལ་བྱེད་དགོས་ཆགས་རྒྱུའི་བཀའ་ཁྱབ་ཏུ་ཞེས་གསལ་འདུག་པས། འདི་ཐག་གཅོད་རེད་གསུང་ས་འགྲོ་གི་མི་འདུག
༢༽ བཀའ་ཁྱབ་ཀྱི་དོན་ཚན་ ༥ ནས་ ༡༠ བར་བལྟས་ན། ཁྲིམས་ཞིབ་ཁང་གི་བརྡ་ཐོ་དང་པོ་དེ་ ༢༠༢༠།༨།༢༧ ཉིན་བཏང་འདུག་པ་དང་། དེ་ཡང་རྒྱུན་ལས་ནས་བཀའ་ཁྱབ་ལ་ངོས་ལེན་མ་བྱས་པར་ ༢༠༢༠།༨།༢༥ ཉིན་སྤྱི་འཐུས་རྒྱུན་ལས་ཀྱིས་ཁྲིམས་འགལ་གང་ཡང་བྱེད་པའི་གསལ་འདེབས་ཞེས་པ་དེ་ཕྱིར་སློག་གི་ཆེད་དུ་བརྡ་ཐོ་བཏང་བ་ཞིག་འདུག་ཅིང་།
༣༽ ༢༠༢༠།༨།༣༡ ཉིན་བརྡ་ཐོ་གཉིས་པ་བཏང་བ་དེར་རྒྱུན་ལསཀྱིས་ངོས་ལེན་བྱས་ཏེ། ༢༠༢༠།༩།༡ ཉིན་ཁྲིམས་ཀྱི་བྱ་རིམ་བརྩི་མེད་ཡོང་བའི་ཞུ་སྐུལ་ཞེས་ཁྲིམས་ཞིབ་ཁང་གི་ཁྲིམས་ཡིག་གི་བྱ་རིམ་འོག་ཏུ་འཛུལ་ཞུགས་བྱས་འདུག་པ་གསལ་གྱི་འདུག
༤༽ སྤྱིར་བཏང་གི་འགྲོ་ལུགས་བྱས་ན་བཀའ་ཁྱབ་གཏོང་མཁན་ཁྲིམས་ཞིབ་པ་ཡིན་དགོས་པ་དང་། བརྡ་ཐོ་གཏོང་མཁན་ཁྲིམས་དྲུང་དང་ལས་བྱེད་གཞན་སུ་འོས་ནས་བྱེད་ཆོག་གི་ཡོད་པས། དེ་གཉིས་ཀྱི་དབྱེ་བ་མ་ཤེས་ན་འགྲོ་སྟངས་ཤེས་ཀྱི་མ་རེད།
༥༽ ཁྲིམས་ཀྱིས་ངོས་བཞེས་ལ་ཁྲིམས་ཞིབ་པས་བཀའ་ཁྱབ་ order བམ་བཀའ་ཁྲ་ decree གཏོང་དགོས་པ་ལས། notice གཏོང་དགོས་པ་ཞིག་རྒྱ་གར་ནང་ཡོད་མ་རེད། རྒྱུ་མཚན་ནི་ suo moto ཁྲིམས་དྲུང་གི་དེབ་སྐྱེལ་བརྒྱུད་མ་དགོས་པར་ཁྲིམས་ཞིབ་པས་ཐད་ཀར་བརྩད་གཅོད་བྱེད་ཆོག་པའི་འགྲོ་ལུགས་ཤིག་རེད། དེ་ཡང་ decree nisi or rule nisi བརྒྱུད་བཀའ་གཏོང་སྐབས། ཁྲིམས་ཞིབ་པར་ཡིད་ཆེས་ངེས་རྙེད་བྱུང་ཚེ། ཁྲིམས་མཐུན་མ་བཟོས་ན་ཆད་པ་གཅོད་རྒྱུ་ཞེས་བཀའ་ཐད་ཀར་གཏོང་ཆོག་པ་ཞིག་ཡིན་པས། ཁྲིམས་ཞིབ་ཁང་གིས་རྒྱུན་ལས་བཀའ་ཁྱབ་དང་པོ་བཏང་བ་དེ་རྒྱ་གར་གྱི་འགྲོ་སྟངས་འདི་དང་མཐུན་པ་རེད།
༦༽ དེར་བརྟེན། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཁྲིམས་ཀྱིས་ངོས་བཞེས་བརྒྱུད་ནས་བརྡ་ཐོ་མ་བཏང་བར་ཐག་གཅོད་བཏང་ཡོད་ལུགས་དང་། རྗེས་ལ་བརྡ་ཐོ་བཏང་བ་ངོས་ལེན་བྱས་མི་འདུག་གསུངས་འདུག་པ་དེ་བདེན་པ་ཆགས་ཀྱི་མི་འདུག
༧༽ བཀའ་ཟུར་རྒྱ་རི་སྒྲོལ་མ་ལགས་ནི་ང་རང་གིས་བརྩི་བཀུར་ཞུ་ཡུལ་བུད་མེད་ཀྱི་དབུ་ཁྲིད་དྲག་གྲས་ཡིན་པས། གོང་གསལ་གསུང་སྟངས་ཏག་ཏག་བྱུང་མེད་པ་དེ་གང་མགྱོགས་གཙང་མ་བཟོ་རོགས་ཞུ་གི་ཡོད།
རྟ་རྒྱུགས་ཚར་ཐལ་ཚུབ་ཡལ་ཚར་ནས་ལབ་སྟོང་རྒྱབ་ནས་ཕན་ཐོག་ཨ་ཡོད་།