ཆང་སྐྱེས།
གློག་སྒྲོན་དམར་པོ་འཚེར་བའི་འོད་ངོགས་ནས།།
རྒུན་ཆང་ཟ་ཟིལ་ཞིག་ཀྱང་འཐུང་རྗེས་སུ།།
ལུས་ཀྱི་རྩ་བརྒྱའི་རྩེ་ལ་ཚ་བརྒྱབ་ན།།
འདོད་པའི་དཔལ་ལ་མི་རོལ་སུ་ཞིག་ཡོད།།
ཕན་ཚུན་ལུས་པོ་གཅེར་བུར་ཕུད་ཞོར་ཏུ།།
ཕྱག་ཟུང་འཇམ་པོ་གཅིག་ཏུ་རབ་སྦྲེལ་ནས།།
དབུགས་རྒྱུན་མགྱོགས་མོ་སྟོད་ལ་འཚང་དུས་སུ།།
ཨ་ཚ་མི་དགོས་ཟེར་མཁན་སུ་ཞིག་ཡོད།།
ཉལ་ས་སྟན་མལ་གྲུ་བཞིའི་གདན་སྟེང་ནས།།
བྲང་གཞུང་དམར་རྗེན་ཐོག་ལ་བྲང་གླན་ཏེ།།
རིན་ཆེན་ལྟེ་གནས་གཉི་ག་ཐོད་གཏུག་ན།།
ཁ་ནས་འདྲ་མིན་སྣ་ཚོགས་བཅོ་བརྒྱད་གྱག།
ལུས་དང་ལུས་པོ་གཅིག་ཏུ་འཁྱིལ་ནས་ནི།།
འདོད་པའི་སྒོ་མོ་ཁ་ནས་ཆུ་བཞུར་ན།།
ནགས་ཚལ་སྐམ་པོ་མེ་ལ་ཤོར་བ་བཞིན།།
ཚག་སྒྲ་དང་བཅས་མི་འབར་ག་ལ་སྲིད།།
འགྲན་མེད་ཕྱག་རྒྱ་པད་མའི་རྒྱག་ཤུགས་དང་།།
ཚད་མེད་འདོ་རིག་རྟ་ཕོའི་རྒྱུགས་རྩལ་གྱིས།།
མཚན་ལྗོངས་རིང་མོའི་བྱང་ལམ་དུམ་སེ་བཅད།།
འདི་ནི་འདོད་པའི་སྒོ་ལ་འཇུག་སྟངས་ཡིན།།
༢༠༢༡ ༠༤ ༡༨ མཚན་མོ།