རིག་བྱེད་པ་ཚེ་རིང་། (རྡ་ས།)
སྤྱི་པའི་སྒྲིག་འཛུགས་གཟི་བརྗིད་འོད་མདངས་ཅན།།
སྒེར་གྱི་སྙན་གྲགས་སྐམ་པོ་རྒྱས་བྱེད་དུ།།
བེད་ལོག་སྤྱོད་མཁན་བློ་བཟང་སེང་གེ་དང་།།
ཨབ་ཕྲུག་མང་པོའི་པགས་པ་དམར་པོ་བཤུས།།
སྤྱི་སེམས་བོར་བའི་གཏམ་བཤད་ཡན་པོ་དང་།།
ཤ་ཚ་བྲལ་བའི་བྱ་སྤྱོད་ནག་པོ་ཡིས།།
ཆིག་སྒྲིལ་དུམ་བུར་བཏང་བའི་ཉེས་པ་རྣམས།།
མངོན་མངོན་རྗེན་པར་ཕྱུངས་པའི་སྨྲ་བ་མཐོ།།
རྫུན་གྱི་འཁོར་ལོ་བསྐོར་བའི་རླུང་འཚུབ་དང་།།
མགོ་སྐོར་ཚིག་སྙན་སྨྲ་བའི་བསླུ་བྲིད་དང་།།
མུན་ནག་ལས་ཀ་རྩོམ་པའི་བྱ་བྱེད་རིགས།།
ཐེར་འདོན་དྲང་བདེན་གཏམ་རི་བོ་བརྗིད།།
སྐྱོན་ལ་མཛུབ་མོ་འཛུགས་པར་ཐེ་ཚོམ་མེད།།
རྫུན་མཁར་རྡུལ་དུ་བརླག་པར་ཞུམ་པ་མེད།།
འཇིག་རྟེན་སྨྲ་བའི་ལྷ་རམས་འབུམ་རམས་པའི།།
ཉི་ཚེའི་བྱ་བྱེད་གྲངས་ཀ་མེད་པ་བསྲེགས།།
ཕྱོགས་ཞེན་སྨྱོ་ཆུ་བཏུང་བའི་སྨྱོན་པ་དང་།།
ཆོལ་ཞེན་དུག་ཆུ་འཐུང་བའི་གླེན་པ་དང་།།
རྨོངས་ཞེན་གདོན་ཆུ་འཐུང་བའི་ཆབ་སྲིད་པའི།།
བཤད་ཡམས་རྐང་ལག་ཐོལ་བ་མང་པོ་གཏུབས།།
མཚན་སྨད་ཞུ་མཁན་རྣམས་ཀྱི་སྙིང་རྩ་བསྒགས།།
གུས་མེད་ཞུ་མཁན་རྣམས་ཀྱི་སྐེ་རྩ་བསྒགས།།
མཐོ་དམན་བར་མར་གནས་པ་ཁྱད་མེད་པའི།།
སྐྱོན་དང་མཚང་ནས་བྲུས་པའི་གཏིང་ཚད་ཟབ།།
སྔོན་མེད་ལམ་ལུགས་ནག་པོའི་སྒོ་ཕྱེས་ཏེ།།
གཞུང་དངུལ་ལྷག་མ་བཏང་བའི་ཁང་བའི་སྒོ།
ཆོས་ནང་བཀའ་བློན་གཉིས་ཀྱིས་གྱོན་པའི་གར།།
སྦས་པའི་མཐིལ་བརྟོལ་མང་པོ་ཧད་དུ་བཅུག།
སྲིད་སྐྱོང་ཁྲམ་པའི་རྫིག་གཏམ་བྲག་ཆ་དང་།།
བཀའ་བློན་སྨྱོན་པའི་འཇིགས་སྐུལ་ཞེད་སྣང་གིས།།
ཉམ་ཐག་སྐྱོ་བོའི་བླ་རྩ་འདར་བའི་དུས།།
ཉམ་ཐག་རྒྱབ་རྩར་དྲང་བདེན་གཏམ་སྙན་མངགས།།
གཟེངས་རྟགས་སློང་བའི་སློང་མོ་བརྒྱབ་པ་དང་།།
རང་གི་གྲོགས་ལ་འོས་ཤོག་བསླངས་པ་དང་།།
གཞུང་མང་བར་ལ་འགལ་སློང་གཏམ་བཤད་ཀྱི།།
རྐང་ལག་ཡང་ཡང་སྐྱེས་པ་ཡང་ཡང་བཅད།།
ཁྲིམས་འགལ་དབང་ཚད་སྤྱད་པའི་བྱས་ཉེས་ཀྱིས།།
མང་གཙོའི་ཀ་བ་བཅག་པའི་ཕྱི་ནང་གླེང་།།
མུན་ནག་འབུས་པའི་སེམས་ལ་འོད་བཙུགས་པས།།
སྤྱི་འཐུས་གླེན་པས་ཁྲིམས་མཐུན་ལམ་སྣེ་མཐོང་།།
སྲིད་ཁྲི་མཐོ་པོའི་སྟེང་གི་སྲིད་སྐྱོང་བས།།
བར་མ་དོ་ཡི་རང་བཙན་ཁ་འཁྱེར་བས།།
ལས་མེད་སྤྱི་ཚོགས་དཀྲུག་པའི་ཐད་གཏོང་བས།།
ཁྱོད་ལ་ལན་འདེབས་དྲང་བདེན་ནུས་པས་དྲངས།།
མདོར་ན་གང་ན་སྐྱོན་དང་ནོར་བའི་ཆ།།
ཐེར་འདོན་བྱེད་ལ་མི་དགའི་རྣམ་འགྱུར་དང་།།
རྒོལ་བའི་སྐད་གསང་མཐོ་ཙམ་བྱེད་མཁན་ཚོའི།།
ལྕེ་ལ་མདུད་པ་བརྒྱབ་པར་མི་མང་དགའ།།
སྨྲ་བ་ངན་པའི་ལྕེ་རྩ་འབྲེག་པ་དང་།།
བྱ་སྤྱོད་ནག་པོའི་པགས་པ་བཤུ་བ་ཡི།།
སྤོབས་པ་ལྡན་ལ་མི་རྣམས་ངང་གིས་དགའ།།
དེ་དེར་རྒོལ་རྣམས་སྙིང་རྗེ་སྙིང་རྗེའི་ཡུལ།།
དད་པ་དམ་ཚིག་གཙང་དེར་གཟི་བརྗིད་ཆེ།།
སྤྱི་སེམས་བློ་སེམས་དཀར་དེར་ཐུགས་རྗེ་ཆེ།།
བདེན་པའི་གཏམ་གྱི་ཕྲེང་བར་བཀའ་དྲིན་ཆེ།།
གཟི་བརྗིད་ཆེ་སོང་བཀའ་དྲིན་ཐུགས་རྗེ་ཆེ།།
ཐོགས་མེད་ལགས་གསུང་སྐད་ཤོར་བ་བདེན་ནོ།། རང་གི་མི་རིགས་དང་དེའི་ལ་རྒྱར་སུས་འབད་ཀྱང་དེ་ལ་རྒྱབ་སྐྱོར་གཙང་མ་ཞུ། རྩོམ་པ་པོའི་བསྟོད་པ་འདིའི་སྒོ་ནས་ཐོགས་མེད་ལ་ཞུ་རྒྱུར། སྙིང་མ་ཞུམ། བོད་བསྟན་སྲིད་ཀྱི་སྲུང་མ་རྣམས་ཁྱེད་ཀྱི་འཁོར་དུ་བཞུགས་ཡོང་ངོ་།། བློ་སེང་དང་དེའི་རྒྱུག་ཁྱི་རྣམས་ལ་བསུན་ཅིག དེ་མིན་མི་ངན་དེ་རིགས་ཀྱིས་རྒྱ་དམར་གྱི་ཁ་བྱས་ཏེ་བོད་མི་རིགས་གཏོར་བཤིག་གཏོང་ལ་འབད་བཞིན་འདུག
མི་ཁྱོད་ཚོ་འདྲ་བ་བོད་གཟུགས་དུ་སྐྱེས་ཙམ་བོད་མི་རིགས་འདི་མུན་ནག་གི་གནས་ལས་མི་ཐར་བ་རེད། ད་དུང་ཁྱོད་ཚོས་དམ་སྲི་ཐོག་མེད་འཁོར་དང་བཅས་པ་ལ་མགོ་འབུལ་ལུས་འབུལ་ཞུས་དང་སྐྱིད་ཉི་མ་ཟེར་བའི་མིང་ཙམ་ཞིག་མེད་ནོ་ང་གངས་སྲས་ནས་ཐག་གི་བཅད་ཆོག་། ཨི་གོ་ཐལ།
ངོ་མ་དོན་ལ་གནས་པ་ཞིག་བྲིས་འདུག ཐུགས་མད་དོ།།